10/19/2026
མཁན་རབས་ ༡༠༤ པའི་ཁྲི་སྟོན་མཛད་སྒོ།
༈ དཔལ་ལྡན་སྨད་རྒྱུད་པའི་གདན་རབས་སམ་མཁན་རབས་ ༡༠༤ པའི་ཁྲི་སྟོན་མཛད་སྒོ་བསྐྱངས་པ་སྟེ། དེ་ཡང་སྨད་རྒྱུད་པའི་བླ་མ་དབུ་མཛད་རྗེ་བཙུན་ཐུབ་བསྟན་རབ་རྒྱས་དཔལ་བཟང་པོ་མཆོག་ལ་སྔར་སྲོལ་བཟང་པོ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཞལ་སྔ་ནས་བླ་མ་དབུ་མཛད་མཆོག་མཁན་པོར་འཕོ་འཐུས་ཀྱི་བཀའ་ཡིག་ཕྱག་རྟགས་རིན་པོ་ཆེ་སྤྱི་ཕེབས་ལྟར། བོད་རྒྱལ་ལོ་ ༢༡༥༣ ཟླ་བ་ ༠༩ ཚེས་ ༠༩ སྔ་མ། ཕྱི་ལོ་ ༢༠༢༦ ཕྱི་ཟླ་ ༡༠ ཚེས་ ༡༩ སྟེ་གཟའ་སྐར་འཕྲོད་སྦྱོར་རབ་ཏུ་དགེ་བའི་ཉིན། གཟིམ་ཆུང་ནས་སྲིད་པ་ཧོས་ཐོགས་དྲངས་ཏེ་གདན་ཞུ་བས་སྤོས་སྣེས་སྤྱན་དྲངས་ཤིང་། གྲྭ་ཚང་རང་གི་ཕྱག་སྲོལ་བཟང་པོ་ལྟར་སྤྲོས་མེད་དོན་སྙིང་ལྡན་པའི་ཐོག་འདུས་མང་གི་དབུས་སུ་གསང་ཆེན་དཔལ་ལྡན་སྨད་རྒྱུད་པའི་གདན་རབས། ༡༠༤ པར་ཞལ་འདོན་བྱིན་རླབས་ཅན། དཔལ་ལྡན་ཡོན་ཏན་མའི་ཚིག་དོན་ཟབ་མོའི་ཐོག་ནས་མི་འཇིགས་གདོང་ལྔས་བཏེག་པའི་ཁྲི་འཕང་མཐོན་པོར་མངའ་གསོལ་ཞིང་། གྲྭ་ཚང་སྤྱི་འགན་(ཕྱག་མཛོད་) བགྲེས་པ་དང་ཁང་ཚན་ལྔའི་དགེ་རྒན་བཅས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཤིང། རྟེན་འབྱུང་གསོལ་ཇ་འབྲས་བསིལ་ཕེབས་ཏེ་ཆོས་ཀྱི་མཛད་སྒོ་དངོས་གཞི་གྲོལ་ཁ་མར། མཁན་རིན་པོ་ཆེ་མཆོག་ཁྲི་ལས་བཞེངས་ཏེ་རྟེན་གཙོ་ཁག་ལ་གནས་གཟིགས་ཐུགས་སྨོན་དང་མཇལ་དར་ཕུལ་གྲུབ་རྗེས་གདན་ཞུ་བས་སྤོས་སྣེ་བཅས་རེ་ཞིག་གཟིམ་ཆུང་དུ་གདན་དྲངས། དེ་ནས་རྟེན་འབྲེལ་དུ་ཆོས་རའི་ནང་འགྲེལ་པ་ཐུན་ཐུང་ཞིག་གི་བཀའ་ཆོས་མཛད། དེའི་རྗེས་འདུས་མང་གྲྭ་ཇ་འཚོགས་ཏེ་མཁན་རིན་པོ་ཆེ་སྐུ་སྒེར་ནས་འདུས་ཚོགས་སུ་བསྙེན་བཀུར་ཉིན་འཁྱོངས་གཟབ་རྒྱས་སྐུ་འགྱེད་བཅས་ཕུལ།
དེའི་རྗེས་ལ་དྭགས་སོགས་ཕྱོགས་མཐའ་ཁག་ནས་གློ་བུར་ལྷགས་པའི་སྐུ་མགྲོན་དང་ཧུན་སུར་ས་གནས་སུ་གཉུག་མར་གནས་པའི་ས་གནས་མགོ་འཛིན་གྱི་དབུས་སེར་སྐྱ་སྐུ་མགྲོན་དགེ་འདུན་དང་བཅས་པར་ཉིན་གུང་གསོལ་ཚིགས་གཟབ་རྒྱས་ཀྱིས་གསོལ་སྟོན་གྱ་ནོམ་པར་བཤམས།
ཉིན་རྒྱབ་ནས་སྐུ་མགྲོན་དང་ཞལ་སློབ་དད་ལྡན་སེར་སྐྱ་མང་པོས་ཕྱག་ཏུ་མཇལ་དར་སོགས་ཐོགས་ཏེ་མཁན་ཆེན་འདི་ཉིད་ཀྱི་གཟིམ་ཆུང་མཇལ་བཅར་ཞུས་པ་བཅས་ཀྱི་ཁྲི་སྟོན་མཛད་སྒོ་སྦྱོར་དངོས་རྗེས་གསུམ་གྲ་རྟེན་ཕུན་སུམ་ཚོགས་པར་བསྐྱངས་པའི་བརྙན་པར་ཁག་ཅིག་དད་པའི་གསོས་སུ་ཕུལ་བས་དགྱེས་གཟིགས་ཡོང་བར་ཞུ།
ENTHRONEMENT CEREMONEY OF THE 104TH ABBOT OF GYUDMED TA***IC MONASTERY
The Enthronement Ceremony of the 104th Abbot (Throne-Holder) of the Glorious Gyudmed Ta***ic Monastery was held.
In accordance with fine tradition, His Holiness the Dalai Lama bestowed the precious official decree appointing the Lama Umze (Vice Abbot), His Eminence Jetsun Thubten Rabgye, as the Abbot of Gyudmed Ta***ic Monastery.
On an extremely auspicious day on the October 19, 2026 he was escorted from his residence by an inviting procession bearing incense. In line with the monastery’s excellent tradition, an unostentatious yet meaningful ceremony took place amidst the assembly of monks.
The Abbot was formally invested onto the high throne, accompanied by the recitation of the blessed and profound words and meaning of the Glorious Virtues Prayer (Palden Yontenma), establishing him as the 104th Abbot of the Secret Great Glorious Gyudmed Ta***ic Monastery.
The Senior Administrator and members from the five khangtsens presented the symbolic offerings of the mendrel and the three sacred representations.
Following the serving of auspicious ceremonial tea and sweet ceremonial rice (dre-sil), near the conclusion of the main religious ceremony, His Eminence rose from his throne, paid respects, offered prayers, and presented ceremonial scarves (khata) to the main sacred images. He was then escorted back to his residence by the incense bearers.
Afterward, as an auspicious sign, he delivered a short teaching on a commentary in the debate courtyard. Following that, during the monks' tea gathering, the Abbot personally made generous single-day offerings and distributions (sku-'gyed) to the monastic congregation.
Thereafter, a sumptuously prepared lunch banquet was served to guests arriving from afar from Ladakh as well as local dignitaries, such as the Rabgayling Tibetan Settlement Officer, settlement staff, village Chief Councilor with village leaders, resident monks and laypeople of Rabgayling settlement.
In the afternoon, many guests, devoted disciples, monks, and laypeople carrying ceremonial scarves visited the Abbot's residence to offer their respects.
Here are some photos capturing the smooth and perfect completion of the preliminary, main, and concluding parts of the enthronement ceremony, shared for your viewing pleasure and spiritual inspiration.
新一屆下密院主持堪布第104位座床儀式
就此下密院住持喇嘛,尊者圖丹熱傑•貝•桑寶,依照傳統的還屆方式由法王尊者認定的公函決定新任下密院主持堪布一職,於2026年10月19日舉行座床儀式。
大德高僧們用鮮花、甘露水、燃香等具備的加持物,從寢室恭迎請到寺院大殿座床,然後僧眾們齊聲唸誦具有加持性的吉祥文,再次由寺管會主任和年老的長者們敬供獻哈達、供曼扎等。
座床儀式結束後又恭迎到自己的寢室休息稍後,再到辯經院給僧眾們講解一些密法修持的內容後,又要上殿座床,供養僧眾茶飯,水果,供一整天的飯菜。
然後由來自各個地方的貴賓和親戚,弟子和法友們都手持潔白的哈達頂禮祝福新一任堪仁波切的最美的場景。