Copper Mountain Institute

Copper Mountain Institute coppermount.org The Temple of Buddhadharma includes a meditation hall and a garden to further the practice of Tibetan Buddhism.

Instruction includes traditional meditative/contemplative practice revealed through the Longchen Nyingthig lineage as taught by A.dzom Paylo Rinpoche. We also host visiting Rinpoches, scholars, and teachers. Weekly practice, classes and meditation instruction have been offered at Copper Mountain by Founding Directors Carol A. Hoy and David Paul Boaz since January 1999 under authority and guidance

of A.dzom Paylo Rinpoche. Carol Hoy is resident meditation teacher. Since March 2020, we have been meeting virtually via Zoom

All are welcome!

03/21/2025
04/14/2023

Sad News about Kyabje Lama Zopa Rinpoche passed away. Please share to friends for prayers to his speedy reincarnation
དགེ་ལྡན་བསྟན་པའི་སྒྲོན་མེ།།
སྐྱབས་མཆོག་བླ་མ་བཟོད་པ།།
གདུལ་བྱ་རྟག་འཛིན་ཅན་རྣམས།།
ཆོས་ལ་བསྐུལ་ཕྱིར་གཤེགས་སོང་།།

བཀའ་གདམས་བླ་མའི་རྣམ་ཐར།།
བདག་གིར་བཞེས་པའི་སྐྱེས་མཆོག།
ཉིན་ཚན་སྦྲེལ་ནས་བསྟན་འགྲོར།།
སྨན་པའི་མཛད་བྱེད་ཆེན་པོ།།

བླ་མ་ཐུབ་བསྟན་བཟོད་པ།།
བསྟན་པའི་དར་ཤིང་ཆེན་པོ།།
མགོ་སེར་མགོ་ནག་སྐྱེ་དགུའི།།
འདྲེན་མཆོག་སྦས་པའི་རྣལ་འབྱོར།།

༧གོང་ས་རྒྱལ་བའི་དབང་པོ།།
དབུ་ཡི་ཅོད་པན་བཞེས་ནས།།
བཀའ་གསུང་ཅི་སྒྲུབ་གནང་མཁན།།
ཟླ་མེད་བླ་མ་བཟོད་པ།།

བོད་སོགས་སྤྱི་སྒེར་དུ་མར།།
ལོངས་སྤྱོད་བུམ་པ་ཕྱེ་ནས།།
ངལ་བའི་གདུང་བ་སེལ་བའི།།
སྦྱིན་བདག་བླ་མ་བཟོད་པ།།

སྨྲ་མེད་དུད་འགྲོ་མགོན་མེད།།
བྱམས་པའི་ཐུགས་ཀྱིས་འཛིན་ནས།།
མགོན་དང་དཔུང་གཉེན་དམ་པ།།
བློ་ཆེན་བླ་མ་བཟོད་པ།།

སྟོང་ཉིད་སྙིང་རྗེའི་གཤོག་རྩལ།།
བསྐྱེད་རྫོགས་མཚོ་མོ་བརྒལ་བ།།
དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད།།
གྲུབ་ཐོབ་བླ་མ་བཟོད་པ།།

སྦས་པའི་རྣལ་འབྱོར་ཆེན་པོ།།
དགེ་ལྡན་བསྟན་པའི་མཛད་རྒྱན།།
ངེས་དོན་རྒྱལ་སྲས་ཆེན་པོ།།
བླ་མ་ཐུབ་བསྟན་བཟོད་པ།།

གསང་བ་ཡེ་ཤེས་ཐུགས་ཀར།།
པད་ཉི་གདན་གྱི་སྟེང་ནས།།
བདག་སོགས་སྙིགས་མའི་འགྲོ་བར།།
ཁྱོད་ཀྱིས་དགོངས་པ་གཏད་ནས།།

ཉི་མ་འབུམ་གྱི་གཟི་བྱིན།།
ཡང་སྤྲུལ་བསམ་འཕེལ་ནོར་བུ།།
དད་པའི་ཆུ་བུར་མིག་ལ།།
མ་ཐོགས་མྱུར་བར་བཞད་ཨང་།།
སླེ་ལུང་པས་མཚུངས་མེད་བསྟན་པའི་སྒྲོན་མེ་ཆེ་པོ་བླ་མ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་སྐབས་སྐྱེ་ཆེན་གང་གི་མཛད་པ་རྣམ་ཐར་དྲན་བཞིན་ཤར་མར་བྲིས།

Address

286 Ranchitos Road
Corrales, NM
87048

Alerts

Be the first to know and let us send you an email when Copper Mountain Institute posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Place Of Worship

Send a message to Copper Mountain Institute:

Share