06/17/2026
སྤྱི་ཟླ་༦ པའི་ཚེས ༡༥ ཉིན་ཁེ་ན་ཌ་ཝན་ཁུར་བ་ས་སྐྱ་བརྩེ་ཆེན་བསྟན་འཕེལ་གླིང་གི་ཆོས་ཚོགས་འདུས་མང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་༧ སྐྱབས་མཆོག་༧ འཁོན་གདུང་ཨངྒ་བཛྲ་རིན་པོ་ཆེ་དང་། འཁོན་གདུང་ཨ་ནེ་རིན་པོ་ཆེ། བདག་མོ་འཆི་མེད་སྒྲོལ། བདག་མོ་ཚེ་དཔག་ལྷ་མཚོ་སྐུ་འཁོར་བཅས་ཞབས་སོར་བདེ་བར་འཁོད། ཆོས་ཚོགས་ཀྱི་གནས་འཛིན་བླ་མ་མཁན་རིན་པོ་ཆེ་བྱམས་པ་ནས་བྱོན་པར་ལེགས་སོ་དང་འཚམས་འདྲིས་གསུང་བཤད་གྲུབ་མཚམས་སུ། གསོལ་ཇ་དང་འབྲས་སིལ། རིན་པོ་ཆེར་མཎྡལ་རྟེན་གསུམ་འདེགས་འབུལ་ཞུས། རིན་པོ་ཆེ་ནས་འཇམས་པའི་དབྱངས་ཀྱི་བསྟོད་པ་གང་བློ་མའི་བཀའ་ཁྲིད་དང་། རྡོ་རྗེ་ཕུར་པའི་བཀའ་བསྒོ་བཀའ་དྲིན་བསྩལ།
མཐའ་དོན་རིན་པོ་ཆེ་མཆོག་བསྟན་དང་འགྲོ་བའི་དོན་དུ་སྐུ་ཚེ་ཞབས་པད་བསྟན་པ་དང་། མཛད་འཕྲིན་རྒྱས་པའི་སྨོན་འདུས་ཞུས། མཛད་རིམ་ལེགས་གྲུབ་ངང་གྲོལ།།
On June 15, in accordance with the heartfelt request of the members of the Dharma congregation of Sakya Tsechen Tenphel Ling in Vancouver, Canada, His Eminence Khon Lineage Asonga Vajra Rinpoche, together with Ani Rinpoche, Dagmo Chime and Dagmo Tsepak Lhamtso, arrived safely at the Dharma center.
Upon their arrival, the resident spiritual director of the Dharma center, Lama Khen Rinpoche Jampa, warmly welcomed them and offered greetings. Following a short address and exchange of greetings, tea and sweet rice were served. A mandala offering, together with representations of the Three Supports (the Buddha’s body, speech, and mind), was respectfully presented to Rinpoche.
Rinpoche then bestowed teachings on “Gang Lo Ma” (In Praise of Manjushri) and granted instructions and advice related to Vajrakilaya (Dorje Phurba) practice.
At the conclusion of the gathering, prayers and aspirations were offered for Rinpoche’s long life, the stability of his lotus feet for the benefit of the Dharma and all sentient beings, and for the further flourishing of his enlightened activities.
The event concluded successfully and harmoniously.