中華巴丁顯密佛學會

中華巴丁顯密佛學會 中華巴丁顯密佛學會源自喜馬拉雅山巴丁的地區,自公元1607年所建立的寺廟,以該地區巴丁為名稱之【巴丁寺】

創辦人 噶瑪敦珠雅佩 仁波切
創立於2013年7月
緣起來自座落於 尼泊爾 喜馬拉雅山 多波巴丁的聖地百年古廟 巴丁寺廟。
自公元1607年建立寺廟後,以當地【巴丁】為名。
過去祖師成就的傳記中,也清楚描述巴丁聖地,該聖地地形恰似金剛亥母。
故過去禪修大成就者,便將寺院建立於金剛亥母心間。巴丁寺四周環境有諸多不可思議的莊嚴與功德。極為適合持明瑜珈士於此地進行閉關或禪修之處。
第十五世噶瑪巴卡恰多傑的弟子,大修行者多波巴(大禪定者)赤列曲佩,其傳記
中也表示此地(巴丁)確實有不可思議的功德與莊嚴。
巴丁寺歷經若瓦國王、尊浪國王、多秋楚席(多波四方的領袖)、噶丁玉(地方之名) ,均有親筆讚頌的手諭,直至近代此寺院又經諸多大持明成就者的傳承與修建後,今由大持明企美多傑仁波切交付予噶瑪敦珠雅佩仁波切,延續殊勝的法脈傳承。

་                   ༄༅། །སྒྲོལ་མ་སྐྱབས་བདུན་མ་བཞུགས་སོ། །                                  度母七救護祈請文                     ...
06/09/2026

་ ༄༅། །སྒྲོལ་མ་སྐྱབས་བདུན་མ་བཞུགས་སོ། །
度母七救護祈請文
"""""""""""""""""""""""""""""

མ་སྐྱེ་བ་མེད་པའི་ཆོས་དབྱིངས་ན།།
Ma skye ba med pa'i chos dbyings na/ /
瑪給瓦 沒貝 確英那母於無生法界中
ཡུམ་རྗེ་བཙུན་ལྷ་མོ་སྒྲོལ་མ་བཞུགས།།
Yum rje btsun lha mo sgrol ma bzhugs/ /
永傑尊 拉莫 卓瑪淑安住尊聖之度母
དེ་སེམས་ཅན་ཀུན་ལ་བདེ་སྟེར་མ།།
De sems can kun la bde ster ma/ /
得森間 昆拉 德得瑪了諸有情安樂母
བདག་འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ།།
Bdag'jigs pa kun las bskyab tu gsol/ /
達吉吧 昆勒 佳都索 祈救護我出怖畏

(度母雖然安住在法身境界中,但為了以大悲心救度一切眾生,還是示現了一個色身。我及一切有情,祈請度母救護我們內外一切怖畏,包括外在如大象、獅子,內在如無明、疾病等種種怖畏。)

རང་ཆོས་སྐུ་ཡིན་པར་མ་ཤེས་པར།།
Rang chos sku yin par ma shes par/ /
讓確古 引巴 瑪謝巴不識已即法身故
སེམས་ཉོན་མོངས་དབང་དུ་གྱུར་པ་ཡི།།
Sems nyon mongs dbang du gyur pa yi/ /
森娘夢 汪都 究巴尹心為煩惱力所縛
མ་འཁོར་བར་འཁྱམས་པའི་སེམས་ཅན་ལ།།
Ma'khor bar'khyams pa'i sems can la/ /
瑪闊瓦 強貝 森間拉流轉輪回如母眾
ཡུམ་ལྷ་མོ་ཁྱོད་ཀྱིས་བསྐྱབ་ཏུ་གསོལ།།
Yum lha mo khyod kyis bskyab tu gsol/ /
尤拉莫 喀幾 加堵索懇請佛母慈救護

(進入法道的修持之後,我們修持時,所獲得最殊勝的果位是涅槃,而障礙我們獲得涅槃的是無明,以及種種的愚癡。對於被無明障覆而沉淪於輪回的眾生,我們祈請度母能給予救護。)

ཆོས་སྙིང་ནས་རྒྱུད་ལ་མ་སྐྱེས་པར།།
Chos snying nas rgyud la ma skyes par/ /
確寧內 久拉 瑪給巴法義於心未生際
ཐ་སྙད་ཚིག་གི་རྗེས་འབྲངས་ནས།།
Tha snyad tshig gi rjes'brangs nas/ /
塔涅 策己 傑張內唯隨名言及文句
གྲུབ་མཐའ་ངན་པས་བསླུས་པ་ལ།།
Grub mtha' ngan pas bslus pa la/ /
竹塔 恩倍 慮巴啦下劣宗義所矇騙
ཡུམ་ཡང་དག་གི་ལྷ་མོས་བསྐྱབ་ཏུ་གསོལ།།
Yum yang dag gi lha mos bskyab tu gsol/ /
優楊達吉 拉莫 架都索清淨佛母祈救護

(這樣修行之後,在大乘之中,最殊勝的是甚深的空性教法。對於這樣的意義不能了悟,只是根據名相、文字來理解,或者是入了邪見的宗派,或者是一些不是最殊勝的法教傳承中,我們都祈請聖度母來救護。)

རྟོགས་པར་དཀའ་བ་རང་གི་སེམས།།
Rtogs par dka' ba rang gi sems/ /
多巴 嘎哇 讓給森難能了悟自心性
མཐོང་ནས་གོམས་པར་མི་བྱེད་པར།།
Mthong nas goms par mi byed par/ /
通內 貢巴 米切巴 見已於彼未修持
བྱ་བ་ངན་པས་གཡེང་བ་ལ། །
Bya ba ngan pas gyeng ba la/ /
嘉瓦 嗯貝 應瓦拉 為諸惡行所散亂
ཡུམ་དྲན་པའི་ལྷ་མོས་བསྐྱབ་ཏུ་གསོལ།།
Yum dran pa'i lha mos bskyab tu gsol/ /
勇滇悲 拉莫 價都索正念佛母祈救護

(最難了悟的是自己的心性。一旦見到之後,卻不去繼續修持,讓自己的身心放逸在惡劣的不善法當中,不知道精進,不知道在一座法當中,對了悟生起強烈的希冀心,對這樣行者,我們祈請聖度母能給予救護。)

སེམས་རང་བྱུང་གཉིས་མེད་ཡེ་ཤེས་ལ།།
Sems rang byung gnyis med ye shes la/ /
森讓炯 尼美 益西啦自生無二之本慧
གཉིས་སུ་འཛིན་པའི་བག་ཆགས་ཀྱིས།།
Gnyis su'dzin pa'i bag chags kyis/ /
尼素 金貝 巴洽己執為二之習氣故
ཇི་ལྟར་བྱས་ཀྱང་བཅིངས་པ་རྣམས།།
Ji ltar byas kyang bcings pa rnams/ /
傑達 節江 京巴南一切所作皆系縛
ཐུགས་གཉིས་མེད་ཀྱི་ལྷ་མོས་བསྐྱབ་ཏུ་གསོལ།།
Thugs gnyis med kyi lha mos bskyab tu gsol/ /
圖尼美己 拉莫 架都索心無二母祈救護

(心的本質是清淨的,即使不依靠外在的力量,依著自己修持的力量,也是可以從自己心中自生起這樣的智慧的。但是能所二執(執著能取、所取二者為實有)的習氣,卻障礙了我們,不能現證這樣的智慧。對於這樣被最微細的二執習氣所障礙的眾生,佛母啊,我們祈請您賜予救護。)

ཡང་དག་གི་དོན་ལ་གནས་བྱས་ཀྱང་།།
Yang dag gi don la gans byas kyang/ /
揚達記 敦拉 涅茄將雖安住於清淨義
རྒྱུ་འབྲས་ཀྱི་རྟེན་འབྲེལ་མི་ཤེས་པས།།
Rgyu'bras kyi rten'brel mi shes pas/ /
究得記 滇傑 米謝貝不識因果緣起故
ཤེས་བྱའི་དོན་ལ་རྨོངས་པ་ལ།།
Shes bya'i don la rmongs pa la/ /
謝傑 敦拉 夢巴喇於所知義起愚蒙
ཡུམ་ཀུན་མཁྱེན་གྱི་ལྷ་མོས་བསྐྱབ་ཏུ་གསོལ།།
Yum kun mkhyen gyi lha mos bskyab tu gsol/ /
詠昆欽記 拉莫 價都索遍智佛母祈救護

(對於正確的空性義理中,不了解顯空不二、顯空無礙的義理,對於這樣的眾生,度母我們祈請您救護。)

སྤྲོས་བྲལ་ནམ་མཁའི་མཚན་ཉིད་ཅན།།
Spros bral nam mkh'i mtshan nyid can/ /
句折 南客 岑尼間離戲具足虛空性

ཐམས་ཅད་དེ་དང་དབྱེར་མེད་ཀྱིས།།
Thams cad de dang dbyer med kyis/ /
塔哲 德當 耶美記一切與彼無別故
ད་དུང་སློབ་མའི་གང་ཟག་ལ།།
Da dung slob m'i gang zag la/ /
達東 洛美 康薩拉現今弟子有情眾
ཡུམ་རྫོགས་སངས་རྒྱས་ཀྱིས་བསྐྱབ་ཏུ་གསོལ།།
Yum rdzogs sangs rgyas kyis bskyab tu gsol/ /
詠左桑 給記 駕度索圓滿佛母祈救護

(對於證悟一切遠離戲論的真實法,及對一切平等的法義不了知的眾生,對於尊聖的救母有著寄望的眾生,入於非法道的障礙,度母祈請您救護。)

""""""""""""""""""""""""""""""""""""""""""""""""""""""

རྗེ་བཙུན་སྒྲོལ་མའི་གསོལ་འདེབས་བསྡུས་པ།
至尊聖度母略祈禱文

རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེད་མཁྱེན་ནོ།།
至尊度母您垂念
འཇིགས་དང་ཀུན་ལས་བསྐྱབ་ཏུ་གསོལ།།
祈求救脫諸苦難

བསྙེན་པ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།
心咒: 嗡達熱德達熱德熱娑哈

•••••••••••••••••••••••••••••••••••••••
བསྔོ་བ་སྨོན་ལམ།
回 向
རྒྱལ་ཡུམ་སྒྲོལ་མ་ཁྱེད་སྐུ་ཅི་འདྲ་དང་།།
佛母度母尊身何所依
འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་།།
眷屬壽量以及淨土等
ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ།།
尊之聖號賢善何所依
དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག།
彼悉唯如吾等之所願

་     སང་ཉིན་ནི་བོད་ཟླ་བདུན་པའི་ཚེས་ཉེར་ལྔ་སྟེ་མཁའ་འགྲོའི་དུས་ཆེན།     明天是藏曆七月二十五日尊聖度母的殊勝加持日སང་ཉིན་ནི་བོད་ཟླ་བདུན་པའི་ཚེ...
05/09/2026

་ སང་ཉིན་ནི་བོད་ཟླ་བདུན་པའི་ཚེས་ཉེར་ལྔ་སྟེ་མཁའ་འགྲོའི་དུས་ཆེན།
明天是藏曆七月二十五日尊聖度母的殊勝加持日

སང་ཉིན་ནི་བོད་ཟླ་བདུན་པའི་ཚེས་ཉེར་ལྔ་སྟེ་མཁའ་འགྲོ་འབུམ་ཕྲག་དང་རྗེ་བཙུན་སྒྲོལ་མའི་དུས་ཆེན་ཡིན་པས་དགེ་སྡིག་གང་བསྒྲུབ་ཀྱང་ས་ཡ་འབུམ་དུ་འཕེལ་བར་གསུངས་སོ།།
明天是藏曆七月二十五日(9月6日)十方空行母等至尊聖度母的殊勝加持日,無論行善與惡都會變動一千一百萬倍。

Tomorrow is the 25th day of the 7th month in the Tibetan calendar (September 6). the auspicious day of supreme blessing by the Ten Directions Sky-Going Mothers and other holy Tara deities. On this day, actions of good or evil will increase by 11 million times.

भोलि तिब्बती पात्रो अनुसार सातौं महिनाको पच्चीसौं दिन हो(सेप्टेम्बर 6) हो, जुन दस दिशाका आकाश देवी माता लगायत उच्चतम पवित्र माताको विशिष्ट आशीर्वादको दिन हो, यस दिन पुण्य र पाप दुवै एक करोड एघार लाख गुणा बढ्ने विश्वास छ।

དེ་ཡང་རྗེ་བཙུན་སྒྲོལ་མ་ནི་མཁའ་འགྲོ་མ་རྣམས་མཚོན་བྱེད་ཡིན་པ་མ་ཟད་འཇིག་རྟེན་སྐྱེས་མའི་རིགས་གདུལ་བར་བྱ་བའམ་དེ་དག་ལ་སྤོམས་པ་མི་ཞུམ་པའི་ཕྱིར་དུ་བུད་མེད་ལུས་རྟེན་གྱི་ཚུལ་དུ་སངས་རྒྱས་པ་ཡིན།
度母是空行母的的象徵,她為了女性眾生增加勇氣而化身為女性的一個佛陀。

དེས་ན་བུད་མེད་རྣམས་ཀྱིས་གཙོས་གང་ཟག་སུ་ཞིག་གིས་རྗེ་བཙུན་སྒྲོལ་མ་ལ་སེམས་རྩེ་གཅིག་གིས་གསོལ་བ་བཏབ་ན་འདོད་དོན་ཀུན་འགྲུབ་པར་འགྱུར་རོ།།
女性們祈禱度母加持非常速快,不管誰一心祈禱度母,就能得到無量圓滿的功德。

་ TARA MANTARA: OM TARE TUTARE TURE SO AH
The Tara is a symbol of the Dhakinyi, she for the female sentient beings to increase courage and incarnate into a woman's Dhakinyi Buddha.

Women pray that the Tara is very fast, no matter who is bent on praying for the Tara, you can get unlimited success of merit.

तारा धुक्किनीको प्रतीक हो, उनी महिला महिलावादी महिलाहरुको लागि साहसी बढाउन र महिला महिलाहरु धकेनी बुद्धमा घुमाउन को लागी छन्।

महिलाले प्रार्थना गर्द त तारा धेरै छिटो छ, तिरुको लागि प्रार्थना गर्दा तुरुन्तै छक्क पर्दैन, तपाईं योग्यताको असीमित सफलता प्राप्त गर्न सक्नुहुनेछ।

གལ་ཏེ་དད་པ་ལྡན་པའི་ངང་སྒྲོལ་མར་གསོལ་བ་འདེབས་ཤིང་སེམས་རྩེ་གཅིག་གིས་སྒྲོལ་མའི་བསྙེན་པ་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ཞེས་བརྗོད་ན་ངན་བསྙེན། རང་སྲོག་གཅོད་པ། འགོས་ནད་ཀྱི་ཉེས་སྐྱོན་སོགས་མི་འབྱུང་ཞིང་། སེམས་ཀྱི་སྐྱོ་སྣང་དང་འཇིགས་སྣང་མེད་པར་འགྱུར་ཞིང་རྒྱུ་ནོར་དང་དབང་ཆ་སྙན་གྲགས་སོགས་ཀྱི་ནུས་པ་གང་ཐོབ་འདོད་ན་འཇིག་རྟེན་འདིར་རྗེ་བཙུན་སྒྲོལ་མ་ལ་བརྟེན་ནས་བསྒྲུབ་པ་ནི་ཆེས་མྱུར་བའི་ཐབས་ཤེས་བླ་ན་མེད་པ་དེའོ།།
若虔誠祈禱度母,一心專念度母心咒"嗡達熱德達熱德熱索哈",能止息惡咒、自殺、疾病等損害,免除一切煩惱,消除心中恐懼,獲得錢財、勢力、名聲等世間力量。 當今之世,修此法之成效最為迅速。

་ རྗེ་བཙུན་སྒྲོལ་མའི་གསོལ་འདེབས་བསྡུས་པ།
至尊聖度母略祈禱文

རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེད་མཁྱེན་ནོ།།
至尊度母您垂念
འཇིགས་དང་ཀུན་ལས་བསྐྱབ་ཏུ་གསོལ།།
祈求救脫諸苦難

བསྙེན་པ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།
心咒: 嗡達熱德達熱德熱娑哈

་ བསྔོ་བ་སྨོན་ལམ། 回 向
རྒྱལ་ཡུམ་སྒྲོལ་མ་ཁྱེད་སྐུ་ཅི་འདྲ་དང་།། 佛母度母尊身何所依
འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་།། 眷屬壽量以及淨土等
ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ།། 尊之聖號賢善何所依
དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག། 彼悉唯如吾等之所願

.                                  ཅིག་བྱས་ན། 或許                    འཁྲབ་སྟོན་དང་འདྲ་བའི་འཇིག་རྟེན་འདིར།                ...
04/09/2026

. ཅིག་བྱས་ན། 或許

འཁྲབ་སྟོན་དང་འདྲ་བའི་འཇིག་རྟེན་འདིར།
這做戲一樣的輪迴中

ཅིག་བྱས་ན་ང་ཚོ ་ལ་ཅི་ཡང་ཡོད།
或許我們什麼都有

ཅིག་བྱས་ན་ང་ཚོ་ལ་ཅི་ཡང་མེད།
或許我們什麼都沒有

ཡོད་མེད་རེ་དོགས་ཀྱིས་མི་ཚེ་སྡུག་ལ་མ་སྦྱར།
不要為這些讓自己痛苦

་                   བསམ་གཏན་གྱི་ངོ་བོ་ཞི་གནས་ལ་བསླབ་ཚུལ།
03/09/2026

་ བསམ་གཏན་གྱི་ངོ་བོ་ཞི་གནས་ལ་བསླབ་ཚུལ།

་                          སངས་རྒྱས་བྱང་སེམས་ཀྱི་མཚན།                                   佛菩薩名號集                 ༄༅།། མཎིམ...
02/09/2026

་ སངས་རྒྱས་བྱང་སེམས་ཀྱི་མཚན།
佛菩薩名號集

༄༅།། མཎིམཱལནཱམབུདྡྷབོདྷིསཏྭཱཧྭཱབིཤྭབིཧརཏིསྨ།།
༄༅།། སངས་རྒྱས་བྱང་སེམས་ཀྱི་མཚན་སྣ་ཚོགས་པ་ནོར་བུའི་
ཕྲེང་བ་ཞེས་བྱ་བ་བཞུགས་སོ།།
諸佛菩薩名號集 — 寶珠鬘

ཀུན་མཁྱེན་མི་ཕམ་རིན་པོ་ཆེས།
麥彭仁波切·著
••••••••••••••••••••••••••••••••••••••••••••••••••

འཇིག་རྟེན་གྱི་ཁམས་སྟོབས་ལྡན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་བརྟན་པའི་སྡེ་
མཚོན་ཆས་ཉོན་མོངས་པ་སེལ་བ་ལ་ཕྱག་འཚལ་ལོ།།
頂禮、供養、皈依具力世界出有壞應供正等覺勇堅
部刃除煩惱如來

མཚན་འདི་ཐོས་པ་ཐ་ན་རྨི་ལམ་གྱི་ཚེ་ན་ཡང་རྡོ་རྗེ་ལྟ་བུར་འགྱུར། བདུད་དང་བདུད་ཀྱི་འཁོར་གྱིས་གདུལ་དཀའ་བར་འགྱུར། གཡུལ་ཆེན་པོ་ལས་སྒྲོལ་བར་བྱེད། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་བོ།། རིགས་ཀྱི་བུ་གང་དག་མཚན་འདི་དྲན་པ་ཙམ་གྱིས་དད་པ་བསྐྱེད་པ་དང་དགའ་བར་བྱེད་པ་དེ་དག་བྱང་ཆུབ་ཀྱི་ཕྱིར་སྤྱད་པ་སྤྱོད་པ་ན། དེས་དེ་བཞིན་གཤེགས་པ་མཐོང་བ་དང་མཐར་ཕྱིན་པ་ཤེས་པར་བྱ་སྟེ། བྱང་ཆུབ་ལས་མི་ལྡོག་པར་བྱ་བ་དང་། རྒྱ་ཆེར་རབ་ཏུ་དགའ་བར་བྱའོ།།
聽到此如來名號者,甚至在做夢時,也如金剛一般,魔及魔的眷屬難以制服。 能避免大戰爭,也將獲得一切智智。 當知,任何善男子如果僅僅憶念這一名號生起信心、滿懷歡喜,為了菩提而行持,那麼他將現見如來,(菩提行)臻至究竟,在菩提中不退轉,生起無比歡喜心。

མཚན་འདི་རྣ་ལམ་དུ་གྲགས་ཤིང་དགའ་བ་བསྐྱེད་ན། སེམས་ཅན་མང་པོའི་དོན་བྱེད་པར་འགྱུར་ཏེ་དེ་ལྟར་རྫུ་འཕྲུལ་ཆེའོ།། དེ་བཞིན་གཤེགས་པའི་མཚན་ཉན་ཅིང་ཐོས་ནས་མོས་པར་བྱེད་པའི་བསོད་ནམས་ཕྱོགས་ཙམ་བཤད་ན། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རིན་པོ་ཆེས་བཀང་སྟེ་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་ཉིན་རེ་ཞིང་ཕུལ་བ་དེ་ལྟར་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པའི་བསྐལ་བར་ཕུལ་བའི་བསོད་ནམས་དེས་མཚན་ཐོས་པ་ལས་བྱུང ་བའི་བསོད་ནམས་ཀྱི་ཕུང་པོའི་འདིའི་ཆ་འགའ་ཙམ་དུ་ཡང་བརྗོད་པར་མི་བྱའོ།།
如果此名號傳到耳畔,心生歡喜之情,將能利益眾多有情,如此神變廣大。 關於聽聞如來名號信受的福德,籠統地說,盡恆河沙數世界遍滿珍寶,每一天供養盡恆河沙數的佛陀,如此在等同恆河沙數的劫中供養的福德,也說不上所聞名號所生這一福德的少分。

གང་ལ་ལ་ཞིག་གིས་མཚན་འདི་མཉན་པའི་ཕྱིར་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་བྱིན་ཀྱང་བསོད་ནམས་དེས་འདི་ཐོས་པར་མི་ནུས་ཏེ། ཅི་ཡི་ཕྱིར་ན་བསོད་ནམས་མ་བྱས་པར་ཡང་ཐོས་ན། དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་པ་རྣམས་དང་། ལྷ་ཚེ་རིང་པོ་རྣམས་ཀྱིས་ཀྱང་ཐོས་པ་དང་ཡོན་ཏན་བརྗོད་ཤེས་པར་འགྱུར་ཏེ། དེ་དག་བསོད་ནམས་དེ་སྙེད་དང་ལྡན་པར་འགྱུར་བས་སོ།།
某某眾生,那. 聽到這一名號,用遍佈世界的七寶作佈施, 然而以此福德也無法聞受此名號,為什麼? 原因是,如果沒有廣積福德也能聽到,那地獄、旁生趣、閻羅世界、長壽天也都會聽到,會稱說功德,因為他們具有盡其所有數的福德。

འཇིག་རྟེན་གྱི་ཁམས་དཔལ་ལྡན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་གྱི་སྙིང་པོར་སྣང་བ་ལ་ཕྱག་འཚལ་ལོ།།
頂禮、供養、皈依吉祥世界出有壞應供正等覺現吉祥藏如來

སངས་རྒྱས་དེའི་མཚན་ཉན་པ་དང་། ལྷག་པའི་བསམ་པས་མོས་པ་ཐམས་ཅད་བསོད་ནམས་དཔག་ཏུ་མེད་པ་འཛིན་པ་དང་། ངན་སོང་གིས་མི་འཇིགས། སྨོན་ལམ་ཇི་ལྟར་བཏབ་པ་བཞིན་དུ་སངས་རྒྱས་ཀྱི་ཐེག་པས་བླ་མེད་བྱང་ཆུབ་ཏུ་མྱ་ངན་ལས་འདའ་ཞིང་ཐེག་པ་ཆེན་པོའི་བདེ་བ་དང་ཡིད་བདེ་བ་དང་ལྡན་པར་འགྱུར་ལ། ལྷ་མིར་འཁོར་བ་ན་ཡང་སྨོན་ལམ་ཇི་ལྟར་བཏབ་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཆེན་པོས་མྱ་ངན་ལས་འདའ་བར་འགྱུར། བསྐལ་པ་གངྒཱའི་ཀླུང་གི་བྱེ་སྙེད་དུ་ལོག་པར་མི་ལྟུང་།སངས་རྒྱས་ལ་དགེ་རྩ་བསྐྱེད་པ་ནི་བསམ་གྱིས་མི་ཁྱབ་སྟེ། མཚམས་མེད་བྱེད་པ་དང་འཕགས་པ་ལ་སྐུར་པ་འདེབས་པ་མ་གཏོགས་སོ།།
聽到此如來名號並以殊勝意樂信受者將擁有無量福德,不畏惡趣,依照發願,藉助佛乘於無上菩提中趣入涅槃,具有大乘的舒心安樂,即使流轉為天人、人,也將依照所發的願,以佛刹的廣大莊嚴而證得涅槃,盡恆河沙數劫中不墮歧途,緣佛陀所生的善根不可思議,造無間罪與誹謗聖者除外。

དེ་དག་ཀྱང་ཡུན་རིང་པོ་འདས་ནས་ཇི་ལྟར་སྨོན་ལམ་བཏབ་པ་བཞིན་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །སྡོང་དུམ་ལའང་གནོད་སེམས་བསྐྱེད་པར་མི་བྱ་ན་མིར་གྱུར་པ་ལ་ལྟ་ཅི་སྨོས། དེ་ལ་ཞེ་སྡང་བས་དམྱལ་བ་ཆེན་པོའི་སྡུག་བསྔལ་དུ་མ་ཐོབ་ན། སངས་རྒྱས་ཀྱི་བསྟན་པར་མོས་པ་ལ་ལྟ་ཅི་སྨོས། དེ་བཞིན་གཤེགས་པ་ཡེ་ཤེས་མཐའ་ཡས་པ་དང་ལྡན་པ་ལ་ཞེ་སྡང་བསྐྱེད་པའི་སྐྱེས་བུ་གླེན་པ་དེ་བསྐལ་པ་བྱེ་བ་བརྒྱ་སྟོང་དུ་ཡང་དེ་ལས་ལྡང་བ་མེད་ཅིང་སྡུག་བསྔལ་བར་འགྱུར་རོ།། གཉིས་མེད་གསུང་པའི་ཆོས་ཚུལ་རྣམ་པར་དག་པ་སྤོང་བར་མི་བྱེད་པ་དེ་ཐམས་ཅད་ཕྱིར་མི་ལྡོག་པར་བྱས་ནས་གདོད་སངས་རྒྱས་ཀྱི་ཡེ་ཤེས་སུ་འགྱུར་རོ་ཞེས་དེ་ལྟར་སེམས་བསྐྱེད་པར་བྱའོ།།
造無間罪與誹謗聖者的眾生也將歷經久遠時以後隨所發願而趨入涅槃。 我們對樹幹尚且不該萌生害心,更何況說對於人類? 嗔恨樹幹者尚且得到的是大地獄的諸多痛苦,更何況說嗔恨信受佛教者? 對於具有無邊智慧的如來生起嗔恨的愚人在百千俱胝劫中於大地獄受苦,無有出離。 我們要這樣發心:“不捨棄無二語清淨法理,一直不退轉,成就佛智。”

འཇིག་རྟེན་གྱི་ཁམས་རྒྱ་མཚོའི་སྤོས་ཀྱིས་བདུགས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོས་དཔག་མེད་སྣང་བ་ལ་ཕྱག་འཚལ་ལོ།།
頂禮、供養、皈依香塗海世界出有壞應供正等覺散無量香如來

མཚན་འདི་ཐོས་ནས་ལྷག་པའི་བསམ་པས་དད་ན་བླ་མེད་བྱང་ཆུབ་ལས་མི་ལྡོག་སངས་རྒྱས་ཐོབ་ནས་ཀྱང་བ་སྤུའི་གསེབ་ཐམས་ཅད་ནས་དྲི་ཡིད་དུ་འོང་བ་ཕྱོགས་སུ་སྣང་བར་བྱེད་དོ།། ཤེས་རབ་དམན་པས་ཡེ་ཤེས་ཆེན་པོ་འདི་ལ་སྨོན་མི་ནུས་ལ་ཤེས་རབ་རྒྱ་ཆེ་བ་དག་གིས་ཐོས་ནས་དད་པར་འགྱུར་ཏེ། སངས་རྒྱས་གཞན་དག་ལས་བསྐལ་པ་དུ་མར་ཤེས་རབ་ཡང་དག་པར་བསྒྲུབ་པར་འགྱུར་རོ།། བསྐལ་པ་བཞི་བཅུ་རྩ་ལྔར་འཁོར་བར་རྒྱབ་ཀྱིས་ཕྱོགས་པར་འགྱུར་ཞིང་། འདི་ལ་དད་པ་དེ་དག་ཤེས་རབ་ཟླ་བ་ལྟ་བུ་དང་ལྡན་པ་དང་ལྷ་དང་བཅས་པའི་འཇིག་རྟེན་གྱི་སྦྱིན་གནས་སུ་འགྱུར་རོ།།
聽到此如來名號后以殊勝增上意樂信奉者,於無上菩提中不退轉,得以成佛后所有毛孔中也散發出可心的芬芳妙香。 智慧淺薄者不會慕求這種大智慧,只有智慧廣大者才會聞而起信,於其餘佛前累劫之中真實修成智慧,四十五劫背離輪迴,對此生信者具有如明月般的智慧,成為天等世界的供養處。

འཇིག་རྟེན་གྱི་ཁམས་ཀླུ་དང་ལྡན་པ་སྣང་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་དབྱངས་ལ་ཕྱག་འཚལ་ལོ།།
頂禮、供養、皈依龍現世界出有壞應供正等覺獅子妙音如來

སངས་རྒྱས་འདིའི་མཚན་ཐོས་ཤིང་ཚུལ་ཁྲིམས་རྗེས་སུ་དྲན་པ་དང་མོས་པ་དང་ཡིད་ཆེས་པར་བྱེད་ན། དེ་ཐམས་ཅད་དགེ་བའི་ཆོས་རྣམས་ལས་མི་བསྐྱོད་པ་དང་། བསྐལ་པ་ཉི་ཤུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ།། བུད་མེད་གང་གིས་ཐོས་པ་དེ་མཚན་འགྱུར་ཞིང་འཇིག་རྟེན་ན་མཆོད་རྟེན་དང་འདྲ་བར་འགྱུར་རོ།།
如果聽聞此如來名號,隨念戒律、虔誠信受,將於一切善法中不動搖,二十劫中背離輪迴。 任何女子聽到此佛名號,轉女為男,在世間中變成如佛塔一般。

འཇིག་རྟེན་གྱི་ཁམས་ཡང་གར་བ་ཏི་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཐུ་ཆེན་པོའི་བརྩོན་འགྲུས་ཀྱིས་ངེས་པར་འབྱུང་བ་ལ་ཕྱག་འཚལ་ལོ།།
頂禮、供養、皈依揚嘎瓦德世界出有壞應供正等覺大力精進出離如來

མཚན་འདི་ཉན་ཅིང་དད་པས་ཐལ་མོ་སྦྱོར་ན། འཁོར་བར་ཚེ་རབས་གཞན་དུ་དེ་དག་མི་རྨོངས་པ་དང་། བདུད་དང་མུ་སྟེགས་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ལ་མཚོན་ཆ་སྲ་བར་འགྱུར་རོ།། བསྐལ་པ་ཉི་ཤུ་རྩ་ལྔར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ།།
如果聽到此如來名號虔誠合掌,則於輪迴其餘生世中不愚昧,在惡魔、外道及所有反對者前成為堅韌武器。 將在二十五劫中背離輪迴。

་ སང་ཉིན་ནི་འཕགས་པ་ས་ཡི་སྙིང་པོས་བྱིན་གྱིས་བརླབས་པའི་དུས་ཆེན།                 明天是地藏王菩薩的殊勝吉祥日སང་ཉིན་ནི་བོད་ཟླ་བདུན་པའི་ཚེ...
01/09/2026

་ སང་ཉིན་ནི་འཕགས་པ་ས་ཡི་སྙིང་པོས་བྱིན་གྱིས་བརླབས་པའི་དུས་ཆེན།
明天是地藏王菩薩的殊勝吉祥日

སང་ཉིན་ནི་བོད་ཟླ་བདུན་པའི་ཚེས་ཉེར་གཅིག་སྟེ། བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་ས་ཡི་སྙིང་པོས་བྱིན་གྱིས་བརླབས་པའི་དུས་ཆེན་ཡིན་པས་དགེ་སྡིག་གང་བསྒྲུབ་ནའང་དུང་ཕྱུར་དུ་འགྱུར་རོ།།
明天是藏曆七月初二十一日(9月2日)南無地藏王菩薩摩訶薩加持的殊勝吉日,無論行善與惡變動一億倍。

Tomorrow is the 21st day of the 7th month of the Tibetan calendar (September 2), an auspicious day blessed by Bodhisattva Sa-Yhi-Ninpo, on which performing good or evil deeds will multiply by one hundred million times.

भोलि तिब्बती पात्रो अनुसार सातौँ महिनाको अन्श २१ हो (सेप्टेम्बर २), सा-यहि-निन्पो बोद्धले आशीर्वाद दिने विशेष शुभ दिन हो, जहाँ राम्रो र खराब कर्महरू अरबौं गुणा परिवर्तन हुन्छन्।

དེ་བཞིན་ས་སྙིང་བསྟོད་པ་ལས། བསམ་པའི་དོན་ཐམས་ཅད་འགྲུབ་པ་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་དབྱངས་དང་། ཀུན་ཏུ་བཟང་པོ་དང་། བྱམས་པ་མགོན་པོ། སྤྱན་རས་གཟིགས་ལ་སོགས་པར་བསྐལ་བའི་བར་དུ་གསོལ་བ་བཏབ་པ་ལས་ས་ཡི་སྙིང་པོ་ལ་ཐེངས་གཅིག་ཡུད་ཙམ་ལ་གསོལ་བ་བཏབ་ན་ཕན་ཡོན་ཆེ་ཞེས་གསུངས་སོ།།
也在《地藏贊》中宣說:數劫祈禱文殊菩薩、普賢菩薩、彌勒菩薩、觀音菩薩等,不如短短片刻祈禱地藏菩薩一次利益大。

བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་བསྙེན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོ་ལ་ཕྱག་འཚལ་ལོ།། མཆོད་དོ།། སྐྱབས་སུ་མཆིའོ།།
地藏王菩薩摩訶薩聖號:"香且森華森華欽诐 薩耶釀诐拉 香擦洛 竅多嘉森且奧!"頂禮供養皈依地藏菩薩摩訶薩"。

Sa-Yhi-Ninpo-:Jan-Chub-Same-Pa-Same-Pa-Chen-Po-Sa-Yhi-Ninpo-La-Chak-Tsal-Lo-Choy-Dho-Kape-Su-Chhi-Who
བྱང་ཆུབ་སེམས་དཔའ་འཕགས་པ་ས་ཡི་སྙིང་པོ་ནི་སྨོན་རྫོགས་ཀྱི་རྒྱལ་པོ་ཡིན་པས་དེ་ལ་སེམས་རྩེ་གཅིག་གིས་གསོལ་བ་བཏབ་ན་ཚེ་འདིའི་དཔལ་ཡོན་དང་ཕྱི་མའི་ལམ་སྣ་ཅི་དང་ཅི་འདོད་པ་ཐམས་ཅད་བདེ་མྱུར་དུ་ཐོབ་པར་འགྱུར་རོ།།

地藏菩薩是滿願之王,只要你一心祈求就能今生與來世一切如願。
ས་ཡི་སྙིང་པོའི་སྙིང་པོ།
地藏菩薩心咒

ལས་སྒྲིབ་རྒྱུན་གཅོད་ཀྱི་སྔགས་བརྒྱ་པ་བཞུགས་སོ།།
ཡིད་བཞིན་ནོར་བུ་ཆེན་པོ་འདི་ཁོ་ནའོ།།
淨除業障百咒功德

ཀུན་མཁྱེན་མི་ཕམ་རིན་པོ་ཆེས།
麥彭仁波切·著

ཨོཾ་ཀྵི་ཏི་གརྦྷ་ཀྵིཾ་སྭཱ་ཧཱ། འདི་ནི་འཕགས་མཆོག་ས་ཡི་སྙིང་པོའི་སྙིང་པོ་
སེམས་ཅན་ཐམས་ཅད་ཀྱི་རེ་བ་ཡིད་བཞིན་དུ་རྫོགས་པར་བྱེད་པའོ།།
嗡傑德嘎巴江索哈 這是地藏王菩薩的心咒,
依靠此咒能滿足一切眾生願望。

་ ས་ཡི་སྙིང་པོ་ཁྱེད་ཀྱི་ཐུགས་བསྐྱེད་དང་།།
地藏菩薩您所發大心
མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ།།
事業大願及與智悲力
བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཅི་འདྲ་བ།།
無上智慧幻化眾功德
དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག།
唯願吾等如是獲成就

.                    བླ་མ་བསྒྲུབ་པའི་སྙིང་པོ། 修持明上師咒                     """""""""""""""""""""""""""""""""""""""""""""ཨོ...
31/08/2026

. བླ་མ་བསྒྲུབ་པའི་སྙིང་པོ། 修持明上師咒
"""""""""""""""""""""""""""""""""""""""""""""
ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ འདི་ནི་སྒྲུབ་པ་བཀའ་བརྒྱད་ཀྱི་ནང་ཚན་རིག་འཛིན་བླ་མ་བསྒྲུབ་པའི་སྙིང་པོ་དམ་པ་སྟེ། དུས་གསུམ་གྱི་བླ་མ་རིག་འཛིན་ཐམས་ཅད་ཀྱི་སྙིང་པོ་འདི་ཁོ་ན་ལ་འདུས་པ། བྱིན་རླབས་ཀྱི་རྩ་བ་བླ་མ་རྣམས་ཀྱི་སྔགས་འདི་ནི་བཟླས་པ་ཙམ་གྱིས་ཕན་ཡོན་དཔག་ཏུ་མེད་པ་འཐོབ་
བོ།།
嗡 阿吽 班則 瑪哈 革熱 薩瓦 色德 吽 這是八大法行內修持明上師的殊勝心咒,三世所有上師持明的心咒均包括在唯一此咒中,加持根本諸上師的這一密咒僅僅
念誦也獲得無量功德。

་         སང་ཉིན་ནི་འཕགས་མཆོག་སྤྱན་རས་གཟིགས་ཀྱི་དུས་ཆེན།                   明天是觀音菩薩的殊勝吉祥日                   ‘""""""""""""...
30/08/2026

་ སང་ཉིན་ནི་འཕགས་མཆོག་སྤྱན་རས་གཟིགས་ཀྱི་དུས་ཆེན།
明天是觀音菩薩的殊勝吉祥日
‘""""""""""""‘’’’’’"""""""""""""""""""""""""""""

སང་ཉིན་ནི་བོད་ཟླ་བདུན་པའི་ཚེས་བཅོ་བརྒྱད་དེ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཇིག་རྟེན་མགོན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དུས་ཆེན་ཡིན་པས་དགེ་སྡུག་གང་བྱས་ས་ཡར་འགྱུར་བ་དང་། སང་ཉིན་་འཕགས་མཆོག་སྤྱན་རས་གཟིགས་ལ་བརྟེན་ནས་དགེ་བ་བསྒྲུབ་པའི་ཕན་ཡོན་གྱིས་གྲང་དམྱལ་དུ་མི་སྐྱེ་ཞིང་དུས་མ་ཡིན་པའི་འཆི་བ་ལས་ཐར་རོ་ཞེས་གསུངས་སོ།།
明天是藏曆七月初十八日(8月31日)南無大慈大悲觀自在菩薩的殊勝吉祥日,行善與惡都會變動百萬倍的增長,明天若能依觀音菩薩來行善,就有不墮八熱地獄,解脫死緣無定的功德。

Tomorrow is the 18th day of the 7th month in the Tibetan calendar (August 31), an auspicious and special day of Bodhisattva Avalokiteśvara. The effects of good and evil deeds will increase a million times. If one performs virtuous deeds according to Bodhisattva Avalokiteśvara tomorrow, one will gain the merit of not falling into the eight hot hells and of freeing oneself from indefinite karmic ties of death.

भोलि तिब्बती पात्रो अनुसार साउन महिनाको अठारौं दिन (अगस्ट ३१) हो अवलोकितेश्वर बोधिसत्वको विशेष शुभ दिन हो, यस दिन पुण्य वा पाप गर्ने कार्य लाखौँ गुणा बढाउने शक्ति राख्दछ। भोलि यदि अवलोकितेश्वर बोधिसत्वको अनुसरण गर्दै पुण्य गर्नु भयो भने, आठ तातो नर्कमा नपर्ने र अनिश्चित मृत्युसँग सम्बन्धित कर्मबाट मुक्ति पाउने पुण्य प्राप्त हुन्छ।


ཨོཾ་མ་ཎི་པདྨེ་ཧཱུྃ། སྙིང་པོ་ཡི་གེ་དྲུག་པ་འདི་ལན་ཅིག་ཙམ་འཛིན་པས་བསྐལ་བ་ནི་ཁྲིའི་འཁོར་བ་བསྙིལ་ཞིང་། ཚིག་འདི་དྲན་ཙམ་གྱིས་སྒྲིབ་པ་ཀུན་དག་ཅིང་བསོད་ནམས་དཔག་ཏུ་མེད་པ་དང་ལྡན་ནོ་ཞེས་གསུངས་སོ།།
嗡嘛尼巴美吽 此六字大明咒真言一句,解脫萬劫輪迴,何人僅僅憶念也能清淨一切罪業,持誦一遍的福德無法比喻。

Avalokiteśvara Mantara: Om Mani Padmei Hung:
Sang Ghee Dang Jang Chup Samepa Samepa Chenpo Ningje Chenpo Dang Dhenpa Fakpa Chenree Zik Wang Chuok La Chak Tsallo Chodho Kapsu Chi Ho

་ མཚན་རབ་ཡོངས་སུ་བསྟན་པའི་མདོ་ལས།
འཕགས་པ་སྤྱན་རས་གཟིགས་དབང་གི་མཚན་ཐོས་པ་ཙམ་གྱིས་ཚེ་འདིའི་ཉེས་པ་ལས་སྐྱོབ། ཕྱི་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་རོ།། ཞེས་གསུངས། སྙིང་བོ། སངས་རྒྱས་རིགས་ལྔ་དང་གསང་བའི་བདག་པོ་རྣམས་ཀྱི་སྙིང་བོ་ཡིག་འབྲུ་རེ་རེ་ནས་བསྡུས་པའི་གཟུངས་སྔགས། དགེ་ལེགས་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས། ཕན་བདེ་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ། མཐོ་རིས་དང་ཐར་བ་ཆེན་པོའི་ལམ་ཆེན་ཡིན་ཏེ། དེ་ལས་ཨོཾ་ནི་མཆོག་གི་དངོས་གྲུབ་གཏན་གྱི་བདེ་བ་བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་དང༌། ཐུན་མོང་གི་དངོས་གྲུབ་བཀྲ་ཤིས་པ་དང༌། ནོར་དང༌། དཔལ་དང༌། སྐལ་བ་བཟང་བོ་འབོད་པའི་དོན་ཡིན། ཧཱུཾ་ཞེས་སྨོས་པ་ནི་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ལྷ་མཆོག་དེས་བསྐུལ་ནས་ཨོཾ་གྱིས་མཚོན་པའི་གནས་སྐབས་དང་མཐར་ཐུག་གི་འདོད་དོན་གྱི་དངོས་གྲུབ་དེ་དག་བདག་ལ་སྩོལ་བར་མཛད་དུ་གསོལ་པའི་དོན་ཡིན། ཨོཾ་མ་ཎི་པད་མེ་ཧཱུཾ། ཞེས་སྒྲུབ་པ་བོ་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་སྩོལ་ཅིག་ཅེས་གསོལ་བ་འདེབས་པ་ཡིན་ནོ། །
《遍說勝稱經》中:“ 僅僅一聞大聖者觀自在菩薩稱,今生一切罪惡中解救你,來世得無上正果菩提道。”

心咒:唵(ong)嘛(ma)呢(ni)巴(ba)美(mi)吽(hong)

南無大慈大悲觀音菩薩的心咒功德無量無邊,只是為了凡夫容易理解想大家介紹一點觀音心咒的功德:觀音菩薩是慈悲現象,越念心咒越增長愛心、在傲慢與生氣時念會減少彼此的傲氣、會讓你圓滿好的一切想法、最終往生淨土與得到佛果。

་ དུས་ཆེན་དགེ་སྐུལ།

࿑ སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་ཀྱི་བསྙེན་སྔགས་ཕན་ཡོན་བསམ་གྱིས་མི་ཁྱབ་ཀྱང་གོ་བདེ་བའི་སླད་དུ་ཉུང་ཙམ་ཞུས་ན། འཕགས་པ་སྤྱན་རས་གཟིགས་ནི་སྙིང་རྗེའི་རང་གཟུགས་ཡིན་པས་མ་ཎི་ཡིག་དྲུག་བཏོན་ཙམ་གྱིས་རང་རྒྱུད་ལ་ངམ་ངམ་ཤུགས་ཀྱིས་སྙིང་རྗེ་སྐྱེ་བར་འགྱུར་བ་དང་རང་གཞན་ཁྲོ་བ་ཞེ་སྡང་གི་འདུ་ཤེས་ཞན་པར་འགྱུར་བ། ལེགས་པའི་འདོད་དོན་ཐམས་ཅད་འགྲུབ་པ། མཐར་ཐུག་ན་ཐར་བ་ཐམས་ཅད་མཁྱེན་པའི་གོ་འཕངས་ཐོབ་པའི་ཕན་ཡོན་ཡོད་དོ།།

ཀུན་མཁྱེན་མི་ཕམ། འཕགས་པ་སྤྱན་རས་གཟིགས་ཀྱི་མཚན་དང་བསྙེན་པ་བཟླ་བའི་གང་ཟག་ནི། ད་ནས་འཁོར་བ་མེད་ཅིང་མྱང་འདས་མ་ཐོབ་པར་གཅིག་ནས་གཅིག་ཏུ་མགོན་པོ་གང་གི་སྤུ་ཉག་མ་གཅིག་ཏུ་སྐྱེ་ནས་གནས་སོ།།
麥彭尊者:持觀世音菩薩名號和六字大明咒的人,不再流轉輪迴,乃至涅槃之間,一直輾轉助於觀世音菩薩的毛孔中。

མཚན་སྔགས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། མཆོད་དོ།། སྐྱབས་སུ་མཆིའོ།།
名號:香且森華森華欽诐釀傑欽诐當丹巴帕巴宣瑞惹旺協拉香擦洛竅多嘉森且奧 含義:頂禮供養皈依大悲觀聖觀自在菩薩摩訶薩!

དགེ་བ་འདི་ཡིས་མྱུར་དུ་བདག།
我今速以此善根
སྤྱན་རས་གཟིགས་དབང་ལྷ་ཚོགས་འགྲུབ་འགྱུར་ནས།།
成就觀音聖尊眾
འགྲོ་བ་སེམས་ཅན་གཅིག་ཀྱང་མ་ལུས་པ།།
令諸眾生無一餘
ཐམས་ཅད་དེ་ཡི་ས་ལ་འགོད་པར་ཤོག།
悉皆安置於此地

.               མི་ཆོས་ཀྱི་རྩ་བ་ཡིན་པས་ཀུན་དང་མཐུན་པར་གྱིས།                         隨順眾人,是世法的根本                ལྷ་ཆོས་ཀྱ...
29/08/2026

. མི་ཆོས་ཀྱི་རྩ་བ་ཡིན་པས་ཀུན་དང་མཐུན་པར་གྱིས།
隨順眾人,是世法的根本
ལྷ་ཆོས་ཀྱི་རྩ་བ་ཡིན་པས་གཞན་ཕན་གང་ཆེ་གྱིས།
盡量利他,是佛法的根本
མི་རྟག་པའི་རྩ་བ་ཡིན་པས་ནམ་འཆི་ངེས་མེད་བསམ།
思維死期不定,是無常觀的根本
རྒྱུ་འབྲས་ཀྱི་རྩ་བ་ཡིན་པས་འཁོར་བའི་སྡུག་བསྔལ་བསམ།
思維輪迴痛苦,是因果的根本
འདུན་མའི་རྩ་བ་ཡིན་པས་བློ་ཕུག་ཆོས་ལ་གཏོད།
心向正法,是理念的根本
ཆོས་ཀྱི་རྩ་བ་ཡིན་པས་སེམས་ཀྱིས་སེམས་ལ་ལྟོས།
以心觀心,是修法的根本
ཉམས་ལེན་གྱི་རྩ་བ་ཡིན་པས་དྲན་པ་ཡེངས་མེད་བརྟེན།
一心不亂,是實修的根本

་                                ལྔ་པོ་འདི་དག་མ་བརྗེད།                                     五種不要忘                        ...
28/08/2026

་ ལྔ་པོ་འདི་དག་མ་བརྗེད།
五種不要忘
"""""""""""""""""
དལ་འབྱོར་རྙེད་དཀའ་མ་བརྗེད།
不要忘了暇滿難得
ཚེ་མི་རྟག་པ་མ་བརྗེད།
不要忘了壽命無常
འཁོར་བའི་ཉེས་དམིགས་མ་བརྗེད།
不要忘了輪迴過患
ལས་རྒྱུ་འབྲས་མ་བརྗེད།
不要忘了因果不虛
ཐར་བའི་ཕན་ཡོན་མ་བརྗེད།
不要忘了解脫利益

Address

116台北市文山區仙岩路16巷46號
Taipei
105

Telephone

+886229311078

Website

Alerts

Be the first to know and let us send you an email when 中華巴丁顯密佛學會 posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Shortcuts

Share