31/05/2026
དེ་རིང་དུས་ཆེན་སུམ་འཛོམས། 🌼🙏
今天是薩嘎月十五,一年中最為殊勝的節日。
億念南無本師釋迦牟尼佛
ཅིའི་ཕྱིར་སུམ་འཛོམ་དུས་ཆེན་ཟེར།
什麼是三殊勝吉祥日?
དེ་རིང་ནི་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་བདག་ཅག་གི་སྟོན་པ་མཆོག་སྐུ་བལྟམས་པ་དང་མངོན་པར་རྫོགས་པར་སངས་རྒྱས་པ་དང་མྱ་ངན་ལས་འདའ་བའི་མཛད་པ་ཆེན་པོ་གསུམ་ལྷན་དུ་ཉིན་གཅིག་ལ་འཛོམ་པས་རེད།
今天藏歷薩嘎達瓦(藏歷四月)的十五日(6月11日)是無等本師釋迦牟尼佛在這一天里,佛陀誕生人間的殊勝,苦修六年後成佛的殊勝,以及八十大壽佛陀顯現涅槃的殊勝。在同一天里聚集了佛陀三殊勝功業就叫三殊勝吉祥日。
གཅིག བདག་ཅག་གི་སྟོན་པ་སྐུ་འཁྲུངས་པ།
一 本師釋迦牟尼佛誕生
གནས་མཆོག་ལུམྦི་ནིའི་ཚལ་དུ་སྤྱི་ལོ་མ་ཚུགས་གོང་གི་ལོ་ངོ་དྲུག་བརྒྱ་ཉེར་གསུམ་གྱི་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་ཉིན་ངོ་མཚར་བའི་ལྟས་དུ་མ་དང་བཅས་རྒྱལ་སྲས་གཞོན་ནུ་དོན་ཀུན་འགྲུབ་སྐུ་འཁྲུངས་ཏེ་ཕྱོགས་བཞིར་གོམ་པ་བདུན་བདུན་བོར་བར་མཛད་དེ། འདི་སྐད་ཅེས་འདི་ནི་ཤར་ཕྱོགས་ཡིན་ཏེ། མྱ་ངན་ལས་འདས་པའི་ཐོག་མར་འགྲོ་བར་བྱའོ།། འདི་ནི་ལྷོ་ཕྱོགས་ཡིན་ཏེ། འགྲོ་བ་ཐམས་ཅད་ཀྱི་ཡོན་གནས་སུ་འགྱུར་བར་བྱའོ།། འདི་ནི་ནུབ་ཕྱོགས་ཡིན་ཏེ། ང་ཡི་སྐྱེ་བའི་ཐ་མ་ཡིན་ནོ།། འདི་ནི་བྱང་ཕྱོགས་ཡིན་ཏེ། སྲིད་པའི་རྒྱ་མཚོ་ལས་བརྒལ་བར་བྱའོ།།
公元前六百二十三年的今天在聖地迦毗藍毗尼林中千萬奇異徵候之下喬達摩•悉達多太子降生到人間,四方各走七七步說:這是東方,第一行走寂滅;這是南方,要成眾生之尊;這是西方,我的最後降生之地;這是北方,要解脫輪回之海。
འཇིག་རྟེན་འདི་ན་ང་ཉིད་མཆོག་ཡིན་ཏེ།
世間本人之最大,
འགྲན་པའི་ཟླ་དང་བྲལ་བ་ཉིད་ཀྱིས་སོ།།
至高無上無人比,
སྐྱེ་བ་འདི་ནི་ཐ་མར་ངེས་པས་ན།།
這次降生之最後,
སླར་ཡང་འཇིག་རྟེན་འདི་རུ་སྐྱེ་མི་འགྱུར།།
再次不生之輪回。
གཉིས། མངོན་པར་འཚང་རྒྱ་བ།
二 喬達摩•悉達多太子成佛གནས་མཆོག་རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ་ལོ་དྲུག་ལ་དཀའ་བ་སྤྱད་དེ་བདེན་བཞིའི་དོན་རྣམས་ལེགས་པར་ཁོང་དུ་ཆུད་ཅིང་མ་རིག་པའི་བདུད་ཚོགས་རྣམ་པར་བཅོམ་སྟེ་མངོན་པར་འཚང་རྒྱ་བ་ན་ཉིད་ཀྱིས་ཞལ་ནས།
就在聖地菩提迦耶的菩提樹下苦修六年,終於證悟四諦,懺除無明之魔,得到佛果後師尊講:
བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ།།
福報得樂懺除一切苦,
བསོད་ནམས་ལྡན་པའི་མི་ཡིས་བསམ་པ་རྣམས་ཀྱང་འགྲུབ།།
有福之人意願諸事成,
བདུད་བཅོམ་ནས་ནི་བྱང་ཆུབ་མྱུར་དུ་རེག་པར་འགྱུར།།
降魔菩提之果迅速得,
མྱ་ངན་ལས་འདས་ཞི་བ་བསིལ་བའི་དངོས་པོའང་ཐོབ།།
寂滅也得寂靜之物質。
ཞེས་གསུངས་སོ།། །།
གསུམ། སྐུ་མྱ་ངན་ལས་འདས་པ།
三 佛入大涅槃
དེ་ཡང་གནས་ཆེན་རྩ་མཆོག་གྲོང་དུ་གསེར་འོད་དམ་པ་ལས་དེ་བཞིན་གཤེགས་པ་རྟག་ཏུ་བཞུགས་ཤིང་མྱ་ངན་ལས་མི་འདའ་ན། སེམས་ཅན་རྣམས་གུས་པ་མེད་པ་དང་། འཕྲད་པར་དཀའ་བའི་འདུ་ཤེས་ཀྱང་མི་སྐྱེ་པས། དེ་བཞིན་གཤེགས་པས་གསུངས་པའི་ཆོས་ཟབ་མོ་དག་འཛིན་ཅིང་ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པར་མི་བྱེད་དོ།། དེའི་ཅིའི་ཕྱིར་ཞེས་ན། དེས་ནི་བཅོམ་ལྡན་འདས་རྟག་ཏུ་འཇིག་རྟེན་ན་བཞུགས་པར་འཛིན་པའི་ཕྱིར་རོ།། ཞེས་གསུངས་པ་བཞིན་དེ་ཡི་ཆེད་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ།།
在大聖地拘屍那羅之地,就如《金光聖經》中說:“ 如果佛一直住世無寂滅,眾生不會尊敬,沒有難得之念。為此不會有人聞思八萬四千法門,也不會弘揚利益眾生。為什麼呢?因為覺得佛一直住世。” 所以南無本師釋迦牟尼佛顯現成涅槃功業。
རྩ་མཆོག་གྲོང་དུ་དངོས་ཀྱི་གདུལ་བྱའི་མཐའ།།
拘屍那羅最後之利益,
རྫོགས་པར་མཛད་ཀྱང་སྲིད་པ་ཅི་སྲིད་བར།།
圓滿結束反復之輪回,
རང་རང་སྐལ་བ་ཇི་བཞིན་སྤྲུལ་པའི་སྐུ།།
還會各自福分之無數,
རྒྱུན་མི་ཆད་དུ་འབྱོན་ལ་ཕྱག་འཚལ་ལོ།།
轉世利益佛陀之頂禮!
དེ་ཡང་བཤད་ཚུལ་གཞན་ཞིག་ནི། སང་ཉིན་ལ་བདག་ཅག་གི་སྟོན་པ་མཆོག སངས་རྒྱས་པ། སྐུ་མྱ་ངན་འདས་པ། བདུད་བཏུལ་བ་བཅས་ཀྱི་མཛད་པ་ཆེན་པོ་གསུམ་འཛོམས་པས་དུས་ཆེན་སུམ་འཛོམ་ཡང་ཟེར།
還有另一種說法:今天是本師釋迦牟尼佛,成佛、涅槃、以及伏魔的三種大事業聚集,為此稱為三種吉祥殊勝日。