29/03/2026
༄༅། །རབ་བྱུང་བཅུ་བདུན་པའི་མེ་རྟ་ཟླ་བ་གཉིས་པའི་ཚེས་ ༡༠ ནས་ ༡༣ (ཕྱི་ཟླ་ ༣ ཚེས་ ༢༨ ནས་ ༣༠) བར་ཉིན་གསུམ་རིང་།
ཁྱབ་བདག་འཁོར་ལོའི་མགོན་པོ་བཀའ་དྲིན་མཚུངས་མེད་༸སྐྱབས་མཆོག་བདེ་བར་གཤེགས་པ་༸ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པའི་ཉི་མ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་སྐུ་གདུང་མཆོད་རྟེན་གྱིས་དབུས། ༸སྐྱབས་མགོན་བདག་ཆེན་འཇིགས་བྲལ་རིན་པོ་ཆེ། ༸སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ། སྡེ་གཞུང་རིན་པོ་ཆེ། དམ་པ་རིན་པོ་ཆེ། ངག་དབང་ཆོས་འཕེལ་བཟང་པོ། མཁན་ཆེན་ཨ་པད་རིན་པོ་ཆེ། མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག །མཁན་ཆེན་པདྨ་དམ་ཆོས་བཅས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་གདུང་མཆོད་རྟེན་ཁྱད་པར་ཅན་དགུ་ལ་རབ་གནས་སྒྲུབ་མཆོད་གནང་རྒྱུར།
ཐོག་མར་བོད་ཟླ་ ༢ ཚེས་ ༡༠ ནས་ ༡༡ ཉིན་གཉིས་རིང་། ༸སྐྱབས་མཆོག་འཁོན་གདུང་ཨ་བྷ་ཡ་རིན་པོ་ཆེ་མཆོག་དང་། ངོར་ཆེན་རྒྱལ་བའི་རྒྱལ་ཚབ་༸སྐྱབས་མཆོག་ངོར་ཁྲི་པ་མཁན་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག་དཔལ་ཀྱེ་རྡོ་རྗེའི་རབ་གནས་ཉིན་གང་མ་དང་།
ཚེས་ ༡༣ ཉིན་རིགས་བརྒྱའི་ཁྱབ་བདག་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་ཚེ་དཔག་ལྷ་དགུའི་སྒོ་ནས་རབ་གནས་བཀའ་དྲིན་བསྐྱང་གནང་རྒྱུ།
2026.3.28-30 為期三天,大恩根本上師祿頂堪千仁波切為首的九尊靈塔開光大法會。
「九尊靈塔」依序排列順序:正中央為1.大恩上師祿頂堪千仁波切、右邊起2. 無上怙主圓滿宮達欽法王、3. 茶巴法王究給赤千仁波切、4. 大成就德雄仁波切、5. 大成就昂旺秋培仁波切,左邊起6. 康薩當巴金剛持、7. 堪千阿貝仁波切、8. 堪千貢噶旺秋仁波切、9. 堪千白瑪當秋仁波切等諸位近代佛教界作出卓越貢獻的大成就者。
法會前兩天,由尊貴的法王子阿巴亞仁波切、祿頂堪仁波切、塔澤堪仁波切、祿頂夏仲為首帶領僧眾,念修《喜金剛全天開光》儀軌。
法會第三天3/30日,藏歷2/13日至尊札巴堅贊紀念日,恭請迎香列隊,最尊貴的無上怙主—貢瑪赤千金剛持(41任薩迦法王)主法帶領諸位仁波切及堪布僧眾,念修《長壽九尊開光》儀軌。