04/06/2026
English version below:
སྤྱིར་རྒྱལ་ཁབ་དང་ཡུལ་ལུང་སོ་སོའི་ལོ་རྒྱུས་ལ་བདག་པོ་རྒྱག་དགོས་པ་སྨོས་མེད་ཐོག དོལ་པོ་རུ་དགོན་རྙིང་འདི་ལ་མཇལ་མཁན་མང་པོ་ཡོད་པ་དང་། ལྷག་པར་དུ་སྔོན་གྱི་རིག་དངོས་ཤུལ་བཞག་ལ་དགའ་བའི་ཕྱི་གླིང་པ་སོགས་ལ་རྟེན་ནས་ང་ཚོས་ཉམས་གསོ་མ་བྱ་ཐབས་མེད་དུ་གྱུར་ཡོད། མི་འགའ་ཞིག་གིས་དགོན་པ་ཐག་རིང་པོ་འདི་ཉམས་གསོ་བྱེད་པར་དཀའ་ལས་འདི་ཙམ་བརྒྱབ་པའི་དགོས་པ་ཅི་ཡིན་ཞེས་དྲི་བ་འདོན་གྱི་འདུག ང་ཚོས་དགོན་རྙིང་ཉམས་གསོ་བྱེད་པ་ནི་འདི་རྡོ་དང་ས་ཕག་ཙམ་མིན་པར། ང་ཚོའི་ངོ་བོ་དང་ནང་པའི་ལོ་རྒྱུས་ཀྱི་སྙིང་པོ་ཡིན་པའི་རྒྱུ་མཚན་གྱིས་ཡིན། གནས་འདི་སྲུང་སྐྱོང་བྱེད་པ་ནི་ང་ཚོའི་ལོ་རྒྱུས་དེ་ 'དོན་མེད་' ཅིག་མིན་པར། མ་འོངས་པའི་མི་རབས་རྣམས་ཀྱི་ཆེད་དུ་ 'གལ་ཆེན་' ཞིག་ཡིན་པ་ང་ཚོས་ངོས་འཛིན་བྱེད་པའི་ཐབས་ལམ་ཞིག་ཡིན། རིག་གཞུང་གི་རྩ་བ་འདི་མི་ཉམས་རྒྱུན་འཛིན་ཡོང་བའི་ལས་དོན་ལ་ཁྱེད་ཚོ་ཡང་ང་ཚོ་དང་མཉམ་དུ་མཐུན་འགྱུར་གནང་བར་འབོད་སྐུལ་ཞུ།
Beyond the inherent responsibility to honor our national and regional history, the significance of Namgung Monastery is clear. With many pilgrims visiting Dolpo and international visitors who cherish ancient heritage, the restoration of this site has become an essential endeavor. Some ask why we dedicate such effort to a remote site. We restore old Monastery Namgung because it is more than stone and clay—it is the heart of our identity and our Buddhist history. Preservation is our way of saying that our history is not 'useless'; it is vital for the generations to come. Join us in anchoring this ancient legacy.