Rinchen Palri Monastery

Call Directions Contact the place of worship

Rinchen Palri Monastery Drigung Kagyu Rinchen Palri Monastery, founded through the heartfelt aspirations and tireless efforts of H.E.
(2)

Drubwang Sonam Jorfel Rinpoche, is dedicated to preserving and spreading the Buddha Dharma for the benefit of all sentient beings.

༈ ཕྱི་ལོ་ ༢༠༢༦ ལོའི་ཟླ་རྒྱུགས་གཉིས་པ།𝐓𝐡𝐞 𝐒𝐞𝐜𝐨𝐧𝐝 𝐌𝐢𝐝𝐭𝐞𝐫𝐦 𝐄𝐱𝐚𝐦𝐢𝐧𝐚𝐭𝐢𝐨𝐧 𝐨𝐟 𝟐𝟎𝟐𝟔དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༠༣ རེས་གཟའ་སྤ...
03/10/2026

༈ ཕྱི་ལོ་ ༢༠༢༦ ལོའི་ཟླ་རྒྱུགས་གཉིས་པ།
𝐓𝐡𝐞 𝐒𝐞𝐜𝐨𝐧𝐝 𝐌𝐢𝐝𝐭𝐞𝐫𝐦 𝐄𝐱𝐚𝐦𝐢𝐧𝐚𝐭𝐢𝐨𝐧 𝐨𝐟 𝟐𝟎𝟐𝟔

དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༠༣ རེས་གཟའ་སྤེན་པའི་ཉིན། འདི་ག་དཔལ་འབྲི་གུང་བཀའ་བརྒྱུད་ངེས་དོན་རིན་ཆེན་དཔལ་རིའི་མཐོ་རིམ་དང་། འབྲིང་རིམ། གཞི་རིམ་འཛིན་གྲྭ་བཅས་ཀྱི་སློབ་གཉེར་བ་རྣམས་ཀྱིས་ཕྱི་ལོ་ ༢༠༢༦ ལོའི་ཟླ་རྒྱུགས་གཉིས་པ་ལེགས་པར་བཏང་གྲུབ་ཡོད།

དེ་བཞིན་གཉེ་ཤང་ཨ་མ་ཚོགས་པ་ནས་འདི་གའི་འཕགས་ཚོགས་དགེ་འདུན་ཡོངས་ལ་བསྙེན་བཀུར་གསོལ་ཚིགས་ཕུལ་ཡོད་པས། སྦྱིན་པའི་བདག་པོ་ཡོངས་ཀྱི་ཐུགས་ཀྱི་བཞེད་དགོངས་ཐམས་ཅད་འགྲུབ་པའི་བསྔོ་སྨོན་ཞུ།

Today, Saturday, October 3, 2026, the students of Drigung Kagyu Rinchen Palri Monastic Institute, including those from the Higher, Secondary, and Primary levels, successfully completed their second midterm examination of the year 2026.

On this occasion, the Manang Welfare Society kindly offered delicious vegetarian momos for lunch to all the monks. We are deeply grateful for their generosity and kind support. We sincerely pray and wish that all our sponsors and well-wishers enjoy excellent health, happiness, and well-being. May all your heartfelt wishes and aspirations be fulfilled.

𝐓𝐫𝐢𝐬𝐡𝐮𝐥𝐢 𝐅𝐥𝐨𝐨𝐝 𝐑𝐞𝐥𝐢𝐞𝐟 𝐒𝐮𝐩𝐩𝐨𝐫𝐭Following the devastating floods and landslides in Nepal, many families are still strugglin...
24/09/2026

𝐓𝐫𝐢𝐬𝐡𝐮𝐥𝐢 𝐅𝐥𝐨𝐨𝐝 𝐑𝐞𝐥𝐢𝐞𝐟 𝐒𝐮𝐩𝐩𝐨𝐫𝐭

Following the devastating floods and landslides in Nepal, many families are still struggling after losing their homes, loved ones, and basic necessities.

On behalf of Rinchen Palri Monastery and our generous donors, we have prepared and delivered more then 500 blankets, instant noodles, and other essential supplies to people affected by the disaster in Trishuli Area. These relief supplies are intended to support affected families as they begin rebuilding their daily lives during this difficult time.

We are deeply grateful to all our generous supporters and volunteers whose kindness, compassion, and efforts made this relief initiative possible.

त्रिशूली बाढी राहत सहयोग

नेपालमा आएको विनाशकारी बाढी र पहिरोका कारण धेरै परिवारहरूले आफ्ना घर, आफन्तजन तथा दैनिक जीवनका आधारभूत आवश्यकताहरू गुमाएर अझै पनि कठिन परिस्थितिको सामना गरिरहेका छन्। रिन्चेन पाल्री गुम्बा तथा हाम्रा उदार दाताहरूको तर्फबाट हामीले ५०० भन्दा बढी कम्बल, इन्स्ट्यान्ट चाउचाउ तथा अन्य आवश्यक राहत सामग्री तयारी गरी विपद्बाट प्रभावित मानिसहरूलाई वितरण गरेका छौँ। यी राहत सामग्रीहरूले यस कठिन समयमा प्रभावित परिवारहरूलाई आफ्नो दैनिक जीवन पुनः व्यवस्थित गर्न तथा पुनर्निर्माणको प्रक्रियामा सहयोग पुर्‍याउने उद्देश्य राखेका छन्।

यस राहत कार्यलाई सम्भव बनाउन सहयोग गर्नुहुने सम्पूर्ण उदार दाताहरू तथा स्वयंसेवकहरूप्रति हामी गहिरो कृतज्ञता व्यक्त गर्दछौँ। तपाईंहरूको दया, करुणा र अमूल्य सहयोगका लागि हार्दिक धन्यवाद।

༈ ཕྱི་ལོ་ ༢༠༢༦ ལོའི་དབྱར་གནས་ལེགས་པར་གྲུབ་པ་དང་། སྐྱོར་དཔོན་གསར་པ་བསྐོ་བཞག𝐓𝐡𝐞 𝐂𝐨𝐧𝐜𝐥𝐮𝐬𝐢𝐨𝐧 𝐨𝐟 𝐭𝐡𝐞 𝟐𝟎𝟐𝟔 𝐒𝐮𝐦𝐦𝐞𝐫 𝐑𝐞𝐭𝐫𝐞𝐚𝐭 𝐚𝐧𝐝 ...
12/09/2026

༈ ཕྱི་ལོ་ ༢༠༢༦ ལོའི་དབྱར་གནས་ལེགས་པར་གྲུབ་པ་དང་། སྐྱོར་དཔོན་གསར་པ་བསྐོ་བཞག
𝐓𝐡𝐞 𝐂𝐨𝐧𝐜𝐥𝐮𝐬𝐢𝐨𝐧 𝐨𝐟 𝐭𝐡𝐞 𝟐𝟎𝟐𝟔 𝐒𝐮𝐦𝐦𝐞𝐫 𝐑𝐞𝐭𝐫𝐞𝐚𝐭 𝐚𝐧𝐝 𝐭𝐡𝐞 𝐀𝐩𝐩𝐨𝐢𝐧𝐭𝐦𝐞𝐧𝐭 𝐨𝐟 𝐍𝐞𝐰 𝐊𝐲ö𝐫𝐩𝐨𝐧𝐬

ཕྱི་ལོ་ ༢༠༢༦ ཟླ་ ༠༩ ཚེས་ ༡༢ ཉིན། འདི་ག་དཔལ་འབྲི་གུང་བཀའ་བརྒྱུད་ངེས་དོན་རིན་ཆེན་དཔལ་རི་དགོན་གྱི་དབྱར་གནས་པའི་དགེ་འདུན་ལྷན་ཚོགས་གནས་ལ་ལྷག་པར་ཆགས་པ་དང་དུབ་པ་སོགས་སྤང་བའི་ཕྱིར་ལྗོངས་རྒྱུར་ཕེབས་ཏེ། རྒྱུན་ཆགས་གསུམ་པ་དང་། གཏོར་མ་བརྒྱ་རྩ། ཨ་ཕྱིའི་སྒེར་བསངས། གསེར་སྐྱེམས། འབྲི་གུང་གདན་རབས་ཤིས་བརྗོད། བསྔོ་སྨོན་ཟབ་རྒྱས་བཅས་གསུངས་ནས། སློབ་གཉེར་བ་རྣམས་ཀྱིས་དགའ་སྤྲོའི་ཚུལ་གྱིས་ལུང་རིགས་དང་མཐུན་པའི་ཆོས་རྩོད་པ་དང་བཀྲ་ཤིས་ཚིག་བཟང་གི་མཆོད་སྤྲིན་ཕུལ་བ་དང་། བཤད་གྲྭའི་ལོ་རིམ་དགུ་པའི་སློབ་གཉེར་བ་དཀོན་མཆོག་ཚེ་དབང་དང་། བསྟན་འཛིན་མགོན་པོ་གཉིས་ལ་སྐྱོར་དཔོན་བསྐོ་བཞག་གནང་སྟེ། དགེ་འདུན་འདུས་པ་ཡོངས་ནས་མཇལ་དར་འབུལ་བ་བཅས་ཀྱིས་ཕྱི་ལོ་ ༢༠༢༦ ལོའི་དབྱར་གནས་མཐའ་ལེགས་པར་གྲུབ་པའོ།།

Today On September 12, 2026, the Sangha community of Drigung Kagyu Rinchen Palri Monastery undertook a Ceremonial Stroll in the Open Fields to cultivate detachment from their residence. On this occasion, they performed the three daily practices, the grand Torma Offering, smoke offerings, golden libations, the recitation of the Drigung Kagyu Lineage Supplication, and extensive dedication prayers.

Afterward, the students engaged in Dharma debates and offered auspicious verses. Two Shedra students, Konchok Tsewang and Tenzin Gonpo, were appointed as Kyörpon (rehearsal teachers), and the entire Sangha gathered to offer khatags to congratulate them. With this, the 2026 Summer Retreat was brought to a successful and auspicious conclusion.

༈ དགག་དབྱེའི་སྦྱོར་ཆོས་དང་། དགག་དབྱེ། ༢༠༢༦ 𝐏𝐫𝐞𝐥𝐢𝐦𝐢𝐧𝐚𝐫𝐲 𝐂𝐞𝐫𝐞𝐦𝐨𝐧𝐲 𝐟𝐨𝐫 𝐑𝐞𝐥𝐞𝐚𝐬𝐞 𝐟𝐫𝐨𝐦 𝐭𝐡𝐞 𝐒𝐮𝐦𝐦𝐞𝐫 𝐑𝐞𝐭𝐫𝐞𝐚𝐭 𝐚𝐧𝐝 𝐂𝐞𝐫𝐞𝐦𝐨𝐧𝐲 𝐌𝐚𝐫𝐤𝐢𝐧𝐠...
11/09/2026

༈ དགག་དབྱེའི་སྦྱོར་ཆོས་དང་། དགག་དབྱེ། ༢༠༢༦
𝐏𝐫𝐞𝐥𝐢𝐦𝐢𝐧𝐚𝐫𝐲 𝐂𝐞𝐫𝐞𝐦𝐨𝐧𝐲 𝐟𝐨𝐫 𝐑𝐞𝐥𝐞𝐚𝐬𝐞 𝐟𝐫𝐨𝐦 𝐭𝐡𝐞 𝐒𝐮𝐦𝐦𝐞𝐫 𝐑𝐞𝐭𝐫𝐞𝐚𝐭 𝐚𝐧𝐝 𝐂𝐞𝐫𝐞𝐦𝐨𝐧𝐲 𝐌𝐚𝐫𝐤𝐢𝐧𝐠 𝐢𝐭𝐬 𝐂𝐨𝐧𝐜𝐥𝐮𝐬𝐢𝐨𝐧

༈ དཔལ་འབྲི་གུང་བཀའ་བརྒྱུད་ངེས་དོན་རིན་ཆེན་དཔལ་རི་དགོན་གྱི་དགེ་འདུན་འདུས་པ་རྒྱ་མཚོ་རྣམས་ཟླ་བ་གཅིག་དང་ཕྱེད་རིང་དབྱར་གནས་ལ་བཞུགས་ཏེ། ཕྱི་ལོ་ ༢༠༢༦ ཟླ་ ༠༩ ཚེས་ ༡༠ ཉིན་མོར། དབྱར་གནས་པའི་དམ་བཅའི་རྩོམ་ཤོག་བགྲོ་གླེང་ཚོགས་ཡོད་པ་དང་། དགོང་མོའི་འཆར། གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་མཆོག་གིས་མདོ་མཛངས་བླུན་གསུང་ཆོས་བཀའ་དྲིན་སྩལ་བའི་རྗེས། སློབ་གཉེར་བ་ཡོངས་ནས་ཆོས་འཆད་པ་དང་རྩོད་པ། ཚོགས་ལངས། བཀྲ་ཤིས་ཚིག་བཟང་གི་མཆོད་སྤྲིན་ཟབ་མོ་དང་བཅས་དགག་དབྱེའི་སྦྱོར་ཆོས་གནང་།

ཕྱི་ཟླ་ ༠༩ ཚེས་ ༡༡ སྔ་དྲོར། དབྱར་གནས་པའི་དགེ་སློང་དང་དགེ་ཚུལ་རྣམས་ཀྱིས་དབྱར་དགེ་འདུན་གྱི་ནང་དུ་ཚུལ་བཞིན་མ་གྱུར་པའི་ཐུགས་དང་འགལ་བ་ཐམས་ཅད་བཟོད་པར་གསོལ་བ་དང་། དགག་དབྱེའི་ཆོ་ག་ལ་བརྟེན་ནས་དགག་དབྱེ་མཛད་གནང་ཡོད།

The Sangha community of Drigung Kagyu Rinchen Palri Monastery observed the Summer Retreat for one and a half months. On September 10, 2026, the students engaged in a discussion on topics from the Prajnaparamita Sutra.

In the evening, under the guidance of Venerable Khenpo Thubten Yeshe, profound Dharma teachings were bestowed from The Sutra of the Wise and the Foolish, authored by Lord Buddha Shakyamuni. Following this, the students actively participated in Dharma speeches and debates, which concluded with a harmonious gathering and the offering of profound clouds of auspicious words and prayers.

On the morning of September 11, the novice monks and fully ordained monks who had observed the Summer Retreat performed the traditional Confession Ceremony, sincerely requesting forgiveness for all transgressions and lapses in discipline that may have occurred within the Sangha community. This was followed by the formal Ceremony for the Releasing of the Summer Retreat Rules for the year 2026.

༈ རིན་ཆེན་རིག་པའི་རྒྱན། རྩེད་ཐེངས་ ༢༡ པ།𝐓𝐡𝐞 𝟐𝟏𝐬𝐭 𝐑𝐢𝐧𝐜𝐡𝐞𝐧 𝐑𝐢𝐠𝐩𝐞 𝐆𝐲𝐚𝐧 (𝐐𝐮𝐢𝐳 𝐂𝐨𝐧𝐭𝐞𝐬𝐭)༈ ཕྱི་ལོ་ ༢༠༢༦ ཟླ་ ༠༩ ཚེས་ ༧ ནས་ ༩ བར་...
10/09/2026

༈ རིན་ཆེན་རིག་པའི་རྒྱན། རྩེད་ཐེངས་ ༢༡ པ།
𝐓𝐡𝐞 𝟐𝟏𝐬𝐭 𝐑𝐢𝐧𝐜𝐡𝐞𝐧 𝐑𝐢𝐠𝐩𝐞 𝐆𝐲𝐚𝐧 (𝐐𝐮𝐢𝐳 𝐂𝐨𝐧𝐭𝐞𝐬𝐭)

༈ ཕྱི་ལོ་ ༢༠༢༦ ཟླ་ ༠༩ ཚེས་ ༧ ནས་ ༩ བར་ཉིན་གསུམ་རིང་། ༧སྐྱབས་རྗེ་མཁན་སྤྲུལ་བསྟན་འཛིན་རིན་པོ་ཆེ་དབུས། མཁན་སློབ་དགེ་བའི་བཤེས་གཉེན་རྣམས་དབུ་བཞུགས་ཐོག དཔལ་འབྲི་གུང་བཀའ་བརྒྱུད་ངེས་དོན་རིན་ཆེན་དཔལ་རིའི་མཐོ་རིམ། འབྲིང་རིམ། གཞི་རིམ་འཛིན་གྲྭ་བཅས་ཀྱི་སློབ་གཉེར་བ་རྣམས་ཀྱིས་ ༼རིན་ཆེན་རིག་པའི་རྒྱན་རྩེད་ཐེངས་ཉེར་གཅིག་པ།༽ བརྩེས་གནང་ཡོད།

From September 7th to 9th, 2026, students of the Drigung Kagyu Rinchen Palri Monastic Institute—including those in the secondary and primary classes—participated in the 21st Rinchen Rigpe Gyan Quiz Contest at the Drigung Kagyu Rinchen Palri Monastery in Nepal.

༈ འདི་ག་དཔལ་འབྲི་གུང་བཀའ་བརྒྱུད་ངེས་དོན་རིན་ཆེན་དཔལ་རི་དགོན་གྱི་གཞི་རིམ་དང་། འབྲིང་རིམ་གྱི་སློབ་གཉེར་བ་ཡོངས་ཀྱིས་དཀར་རྒྱ...
08/09/2026

༈ འདི་ག་དཔལ་འབྲི་གུང་བཀའ་བརྒྱུད་ངེས་དོན་རིན་ཆེན་དཔལ་རི་དགོན་གྱི་གཞི་རིམ་དང་། འབྲིང་རིམ་གྱི་སློབ་གཉེར་བ་ཡོངས་ཀྱིས་དཀར་རྒྱན་མེ་ཏོག་སོགས་ཀྱི་སྒྱུ་རྩལ་འགྲན་བསྡུར་གནང་བཞིན་པའི་སྣང་བརྙན།

𝐓𝐡𝐞 𝐬𝐞𝐜𝐨𝐧𝐝𝐚𝐫𝐲 𝐥𝐞𝐯𝐞𝐥 𝐬𝐭𝐮𝐝𝐞𝐧𝐭𝐬 𝐨𝐟 𝐑𝐢𝐧𝐜𝐡𝐞𝐧 𝐏𝐚𝐥𝐫𝐢 𝐌𝐨𝐧𝐚𝐬𝐭𝐞𝐫𝐲 𝐚𝐫𝐞 𝐩𝐚𝐫𝐭𝐢𝐜𝐢𝐩𝐚𝐭𝐢𝐧𝐠 𝐢𝐧 𝐚𝐧 𝐚𝐫𝐭𝐬 𝐚𝐧𝐝 𝐜𝐫𝐚𝐟𝐭𝐬 𝐜𝐨𝐦𝐩𝐞𝐭𝐢𝐭𝐢𝐨𝐧 𝐛𝐲 𝐦𝐚𝐤𝐢𝐧𝐠 𝐜𝐥𝐚𝐲 𝐟𝐥𝐨𝐰𝐞𝐫𝐬 𝐚𝐬 𝐨𝐟𝐟𝐞𝐫𝐢𝐧𝐠𝐬 𝐭𝐨 𝐭𝐡𝐞 𝐁𝐮𝐝𝐝𝐡𝐚𝐬 𝐚𝐧𝐝 𝐁𝐨𝐝𝐡𝐢𝐬𝐚𝐭𝐭𝐯𝐚𝐬.

༈ མཐོ་རིམ་དང་། འབྲིང་རིམ་འཛིན་གྲྭའི་ཆོས་འཆད་རྒྱུགས།𝐃𝐡𝐚𝐫𝐦𝐚 𝐓𝐞𝐚𝐜𝐡𝐢𝐧𝐠𝐬 𝐂𝐨𝐦𝐩𝐞𝐭𝐢𝐭𝐢𝐨𝐧༈ ཕྱི་ལོ་ ༢༠༢༦ ཟླ་ ༠༩ ཚེས་ ༠༥ ཉིན། འདི་ག་...
06/09/2026

༈ མཐོ་རིམ་དང་། འབྲིང་རིམ་འཛིན་གྲྭའི་ཆོས་འཆད་རྒྱུགས།
𝐃𝐡𝐚𝐫𝐦𝐚 𝐓𝐞𝐚𝐜𝐡𝐢𝐧𝐠𝐬 𝐂𝐨𝐦𝐩𝐞𝐭𝐢𝐭𝐢𝐨𝐧

༈ ཕྱི་ལོ་ ༢༠༢༦ ཟླ་ ༠༩ ཚེས་ ༠༥ ཉིན། འདི་ག་དཔལ་འབྲི་གུང་བཀའ་བརྒྱུད་ངེས་དོན་རིན་ཆེན་དཔལ་རི་དགོན་གྱི་མཐོ་རིམ་དང་འབྲིང་རིམ་གྱི་སློབ་གཉེར་བ་རྣམས་ཀྱིས། དབྱར་གནས་སྐབས་ཀྱི་འཆད་རྒྱུགས་ལེགས་པར་གྲུབ་ཡོད།

On September 5, 2026, the higher and intermediate students of Drigung Kagyu Rinchen Palri Monastery successfully completed their Summer Retreat Dharma Teaching Competition.

༈ དཔྱད་རྩོམ་བགྲོ་གླེང་།𝐑𝐞𝐬𝐞𝐚𝐫𝐜𝐡 𝐏𝐚𝐩𝐞𝐫 𝐒𝐞𝐦𝐢𝐧𝐚𝐫𝐬༈ མཁན་སློབ་དགེ་འདུན་འདུས་པ་ཡོངས་དབུ་བཞུགས་ཐོག སྤྱི་ལོ་ ༢༠༢༦ ལོའི་དབྱར་གནས་...
04/09/2026

༈ དཔྱད་རྩོམ་བགྲོ་གླེང་།
𝐑𝐞𝐬𝐞𝐚𝐫𝐜𝐡 𝐏𝐚𝐩𝐞𝐫 𝐒𝐞𝐦𝐢𝐧𝐚𝐫𝐬

༈ མཁན་སློབ་དགེ་འདུན་འདུས་པ་ཡོངས་དབུ་བཞུགས་ཐོག སྤྱི་ལོ་ ༢༠༢༦ ལོའི་དབྱར་གནས་སྐབས་ཀྱི་དཔྱད་རྩོམ་བགྲོ་གླེང་རྣམས། མཐོ་རིམ་དང་། འབྲིང་རིམ་གྱི་སློབ་གཉེར་བ་ཡོངས་ནས་བགྲོ་གླེང་ལྷུག་པོ་གནང་ནས་འཇུག་ལེགས་པར་གྲུབ་ཡོད།

The summer retreat research paper seminars on Buddhist Philosophy were successfully concluded after active and open discussions by all Thorim (higher level) and intermediate students, presided over by the Khenpos, Lopons, and the monastic faculty.

༈ ༧སྐྱབས་རྗེ་མཁན་སྤྲུལ་དཀོན་མཆོག་བསྟན་འཛིན་རིན་པོ་ཆེ་མཆོག་ལ་དྭགས་ཕྱོགས་ཀྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ། དེ་རིང་རང་དག...
02/09/2026

༈ ༧སྐྱབས་རྗེ་མཁན་སྤྲུལ་དཀོན་མཆོག་བསྟན་འཛིན་རིན་པོ་ཆེ་མཆོག་ལ་དྭགས་ཕྱོགས་ཀྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ། དེ་རིང་རང་དགོན་དུ་ཞབས་སོར་བདེ་བར་འཁོད་སྐབས། དགོན་པའི་མཁན་པོ། སྤྲུལ་སྐུ། སློབ་དཔོན། དེ་བཞིན་འཕགས་ཚོགས་དགེ་འདུན་པ་ཡོངས་ནས་ཕེབས་བསུ་ཟབ་རྒྱས་དང་། མཎྜལ། སྐུ་གསུང་ཐུགས་རྟེན་བཅས་འདེགས་འབུལ་ཞུས་ཡོད།

His Eminence Khentrul Konchok Tenzin Rinpoche returned to Rinchen Palri Monastery today following the successful completion of his Dharma activities in Ladakh this year.

The Khenpos, Tulkus, Lopons, and the entire Sangha warmly welcomed him with heartfelt devotion, offering a Mandala and sacred representations of the enlightened Body, Speech, and Mind.

༈ དབྱར་གནས་སྐབས་ཀྱི་རྩོད་རྒྱུགས།𝐃𝐞𝐛𝐚𝐭𝐞 𝐂𝐨𝐦𝐩𝐞𝐭𝐢𝐭𝐢𝐨𝐧༈ ཕྱི་ལོ་ ༢༠༢༦ ཟླ་ ༠༨  ཚེས་ ༢༧ དང་ ༢༨ ཉིན་གཉིས་རིང་། འདི་ག་དཔལ་འབྲི་གུ...
29/08/2026

༈ དབྱར་གནས་སྐབས་ཀྱི་རྩོད་རྒྱུགས།
𝐃𝐞𝐛𝐚𝐭𝐞 𝐂𝐨𝐦𝐩𝐞𝐭𝐢𝐭𝐢𝐨𝐧

༈ ཕྱི་ལོ་ ༢༠༢༦ ཟླ་ ༠༨ ཚེས་ ༢༧ དང་ ༢༨ ཉིན་གཉིས་རིང་། འདི་ག་དཔལ་འབྲི་གུང་བཀའ་བརྒྱུད་ངེས་དོན་རིན་ཆེན་དཔལ་རིའི་མཐོ་སློབ་དང་འབྲིང་རིམ་སློབ་གཉེར་བ་རྣམས་ཀྱིས་དབྱར་གནས་སྐབས་ཀྱི་རྩོད་རྒྱུགས་ཕུལ་ཡོད།

On August 27 and 28, 2026, the students of the Drigung Kagyu Rinchen Palri Institute and the secondary classes participated in the Summer Retreat Debate Competition.

Address

Drigung Kagyu Rinchen Palri Monastery, Yeklay Pokhari, Chandragiri/12
Kathmandu
P.O.BOX:6739

Opening Hours

Monday 08:00 - 12:00
13:00 - 16:00
Tuesday 08:00 - 12:00
13:00 - 16:00
Wednesday 08:00 - 12:00
13:00 - 16:00
Thursday 08:00 - 12:00
13:00 - 16:00
Friday 08:00 - 12:00
13:00 - 16:00
Saturday 08:00 - 12:00
13:00 - 16:00
Sunday 08:00 - 12:00
13:00 - 16:00

Telephone

01 6914465

Website

Alerts

Be the first to know and let us send you an email when Rinchen Palri Monastery posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Place Of Worship

Send a message to Rinchen Palri Monastery:

Shortcuts

Share