Tsoknyi Gechak Ling Nunnery

Tsoknyi Gechak Ling Nunnery Tsoknyi Gechak Ling is situated in ancient hilltop village of Chobhar, outside of Kathmandu.

སྤྱི་ལོ་༢༠༢༦ ཟླ་བ་༥ ཚེས་༢༨ ཉིན་བཙུན་དགོན་ཚོགས་གཉིས་དགེ་ཆགས་གླིང་དུ་ས་ག་ཟླ་བའི་དུས་བཟང་ཁྱད་པར་ཅན་འདིར་སྨྱུང་གནས་ལེགས་པར་མ...
28/05/2026

སྤྱི་ལོ་༢༠༢༦ ཟླ་བ་༥ ཚེས་༢༨ ཉིན་བཙུན་དགོན་ཚོགས་གཉིས་དགེ་ཆགས་གླིང་དུ་ས་ག་ཟླ་བའི་དུས་བཟང་ཁྱད་པར་ཅན་འདིར་སྨྱུང་གནས་ལེགས་པར་མཐའ་གྲུབ་པའི་པར་རིས་ཁག
Photos marking the successful completion of the Nyungnè fasting practice during the auspicious month of Saga Dawa, on May 28th 2026, at Tsoknyi Gechak Ling Nunnery.

༄༅། །སྤྱི་ལོ་༢༠༢༦ ཟླ་བ་༥ ཚེས་༢༤ ཉིན་བཙུན་དགོན་ཚོགས་གཉིས་དགེ་ཆགས་གླིང་དུ་བཙུན་མ་རྣམས་ཀྱིས་ས་ག་ཟླ་བའི་དུས་བཟང་ཁྱད་པར་ཅན་འད...
24/05/2026

༄༅། །སྤྱི་ལོ་༢༠༢༦ ཟླ་བ་༥ ཚེས་༢༤ ཉིན་བཙུན་དགོན་ཚོགས་གཉིས་དགེ་ཆགས་གླིང་དུ་བཙུན་མ་རྣམས་ཀྱིས་ས་ག་ཟླ་བའི་དུས་བཟང་ཁྱད་པར་ཅན་འདིར་སྨྱུང་གནས་བཞུགས་བཞིན་པའི་བརྙན་པར་ཁག
Photographs of the nuns of Tsoknyi Gechak Ling Nunnery observing the Nyungné fasting practice on the auspicious occasion of Saga Dawa, May 24, 2026.

༄༅། །སྤྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༣ རེས་གཟའ་ཉི་མའི་ཉིན་གྱི་དགོང་མོར། བཙུན་དགོན་ཚོགས་གཉིས་དགེ་ཆགས་གླིང་དུ་༧སྐྱབས་རྗེ་ཚོགས་གཉི...
08/05/2026

༄༅། །སྤྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༣ རེས་གཟའ་ཉི་མའི་ཉིན་གྱི་དགོང་མོར། བཙུན་དགོན་ཚོགས་གཉིས་དགེ་ཆགས་གླིང་དུ་༧སྐྱབས་རྗེ་ཚོགས་གཉིས་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག སྤྱི་ལོ་ ༢༠༢༥ ལོའི་རྩིས་ཁྲ་བསྒྲོགས་སྦྱང་དང་འབྲེལ་བའི་མཛད་སྒོ་ཞིག་འཚོགས་ཡོད། སྐབས་དེར་༧ སྐྱབས་རྗེ་ཚོགས་གཉིས་རིན་པོ་ཆེ་མཆོག་ནས་སྒྲིག་གཞི་དང་འབྲེལ་བའི་བཀའ་སློབ་ཟབ་མོ་གནང་བའི་བརྙན་པར་འགའ།
On the evening of Sunday, 3rd May 2026, the presentation of the 2025 annual financial accounts was held at Tsoknyi Gechak Ling Nunnery in the presence of Drubwang Tsoknyi Rinpoche, who also offered profound guidance and advice concerning the rules and regulations of the nunnery.
Here are some photographs from the event.

༄༅། །རང་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་ ༧ སྐྱབས་རྗེ་འཁོར་ལོའི་མགོན་པོ་གྲུབ་དབང...
05/05/2026

༄༅། །རང་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་ ༧ སྐྱབས་རྗེ་འཁོར་ལོའི་མགོན་པོ་གྲུབ་དབང་ཚོགས་གཉིས་རིན་པོ་ཆེ་མཆོག བདག་ཅག་གདུལ་བྱ་ངོར་བསམ་བཞིན་སྲིད་པར་བདག་གིར་བཞེས་ཏེ་དགུང་གྲངས་ ༦༡ མཚན་དཔེ་བཞད་ཅིང་། མགོན་པོ་གང་གི་སྐུ་མི་ཤིགས་མགོན་པོ་ཚེ་མཐའ་ཡས་པའི་ངོ་བོར་བསྐལ་བརྒྱར་བཞུགས་པ་དང་། གསུང་མི་འགག་ཚངས་དབྱངས་ཡན་ལག་དྲུག་ཅུའི་ཆོས་འཁོར་རྒྱུན་མི་ཆད་པར་བསྐོར་ཞིང་། ཐུགས་མི་གཡོ་ཀ་དག་ཆོས་སྐུའི་ངོ་བོར་ལྷུན་གྲུབ་ཏུ་བཞུགས་པ། ཡོན་ཏན་བསལ་བཞག་མེད་པར་ལྷུན་རྫོགས་རྟག་ཁྱབ་ཏུ་འཆར་བ། འཕྲིན་ལས་རྩོལ་བ་མེད་པར་བསྟན་འགྲོ་སྨིན་པའི་མཛད་འཕྲིན་ཡར་ངོའི་ཟླ་བ་བཞིན་འཕེལ་བའི་སྨོན་འདུན་དུ། སློབ་འབངས་རྣམས་པས་དད་གུས་སྤྲོ་གསུམ་གྱི་ངང་ནས་ཚོགས་གཉིས་དགེ་ཆགས་གླིང་དུ་ཚེ་སྒྲུབ་གསང་བ་འདུས་པའི་སྒོ་ནས་མནྜལ་སྐུ་གསུང་ཐུགས་རྟེན་དང་། དེང་དུས་དང་མཐུན་པའི་མངར་ཟས་ཀྱི་མཆོད་པ། སྙན་ཚིག་གི་ཕྲེང་མཛེས་སོགས་ཀྱི་སྒོ་ནས་དུས་བཟང་ཁྱད་པར་ཅན་འདི་ཉིད་སྲུང་བརྩི་ཞུས་བའི་པར་རིས་ཁག
Kyabje Drubwang Tsoknyi Rinpoche, our root guru of great kindness, appeared in this world for the benefit of his disciples and has now reached the age of 61, radiant with the marks and signs of realization.
We pray that his enlightened body remains indestructible, abiding for hundreds of aeons, in the form of Amitayus, the Buddha of Infinite Life; that his enlightened speech continues to turn the wheel of Dharma without interruption; and that his enlightened mind remains steady in its pure and awakened nature. We pray that his qualities continue to shine everywhere, and that his enlightened activities to benefit beings and support the teachings grow like the waxing moon.
With faith, devotion, and joy, the students and disciples performed the long-life practice of Sangwa D**a, offering mandalas, representations of body, speech, and mind, as well as offerings of delicacies and beautifully composed verses, to honor and celebrate his birthday at Tsoknyi Gechak Ling Nunnery on 4th May 2026.
Here are glimpses from the celebration.

༄༅། །སྤྱི་ལོ་ ༢༠༢༦ ཟླ་བ་ ༥ ཚེས་ ༡ ཉིན་བཙུན་དགོན་ཚོགས་གཉིས་དགེ་ཆགས་གླིང་དུ་གྲུབ་དབང་ཚོགས་གཉིས་རིན་པོ་ཆེ་མཆོག་དབུ་བཞུགས་ཐོ...
03/05/2026

༄༅། །སྤྱི་ལོ་ ༢༠༢༦ ཟླ་བ་ ༥ ཚེས་ ༡ ཉིན་བཙུན་དགོན་ཚོགས་གཉིས་དགེ་ཆགས་གླིང་དུ་གྲུབ་དབང་ཚོགས་གཉིས་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བཤད་གྲྭའི་སློབ་གཉེར་བ་རྣམས་ཀྱིས་སངས་རྒྱས་སྐུ་བལྟམས་པའི་དུས་ཆེན་སྲུང་བརྩི་ཞུས་པའི་པར་རིས་འགའ།
Photos of Shedra students participating in the Buddha Jayanti celebration at Tsoknyi Gechak Ling Nunnery, held in the presence of Drubwang Tsoknyi Rinpoche on 1st May 2026.

༄༅། །སྤྱི་ལོ་ ༢༠༢༦ ཟླ་བ་ ༤ ཚེས་ ༢༣ ཉིན་བཙུན་དགོན་ཚོགས་གཉིས་དགེ་ཆགས་གླིང་དུ་གྲུབ་དབང་ཚོགས་གཉིས་རིན་པོ་ཆེ་མཆོག་དབུ་བཞུགས་ཐ...
26/04/2026

༄༅། །སྤྱི་ལོ་ ༢༠༢༦ ཟླ་བ་ ༤ ཚེས་ ༢༣ ཉིན་བཙུན་དགོན་ཚོགས་གཉིས་དགེ་ཆགས་གླིང་དུ་གྲུབ་དབང་ཚོགས་གཉིས་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག ཚོགས་གཉིས་དགེ་ཆགས་གླིང་དང་ཚོགས་གཉིས་སྒར་དགོན་གླིང་གཉིས་ཀྱི་སློབ་གྲྭའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་གསལ་བཤད་དང་འབྲེལ། སྐབས་ཐོབ་ད་ལོའི་བསླབ་པ་མཐར་སོན་པ་རྣམས་ལ་དེ་འབྲེལ་གྱི་ཕྱག་འཁྱེར་གནང་བའི་རྟེན་འབྲེལ་མཛད་སྒོ་འཚོགས་བའི་པར་རིས་འགའ།
Photos from the Final Results Announcement for the Academic Year 2025 and the Graduation Ceremony of the 8th batch of students of the Tsoknyi Gechak Ling and Tsoknyi Gargon Ling School, held on 23rd April, 2026 at Tsoknyi Gechak Ling Nunnery, in the esteemed presence of Drubwang Tsoknyi Rinpoche.

༄༅། །སྤྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༤ ནས་ ༦ བར་ཉིན་གསུམ་གྱི་རིང་བཙུན་དགོན་ཚོགས་གཉིས་དགེ་ཆགས་གླིང་དུ་དགོན་པའི་སྤྱི་ཡོངས་ཀྱི་འ...
08/04/2026

༄༅། །སྤྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༤ ནས་ ༦ བར་ཉིན་གསུམ་གྱི་རིང་བཙུན་དགོན་ཚོགས་གཉིས་དགེ་ཆགས་གླིང་དུ་དགོན་པའི་སྤྱི་ཡོངས་ཀྱི་འགལ་རྐྱེན་བར་ཆད་བཟློག་པའི་ཆེད་བསང་གསོལ་དང་འབུམ་ལ་སོགས་པའི་ཞབས་རིམ་གནད་སྨིན་སྒྲུབ་པའི་པར་རིས་འགའ།
A glimpse from the three-day puja at Tsoknyi Gechak Ling Nunnery, held from 4th to 6th March, 2026, during which Sangsol, Bum recitations, and other related rituals were carried out to purify negative energies and clear obstacles for the coming year.

༄༅། །སྤྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༢༩ ཉིན་བཙུན་དགོན་ཚོགས་གཉིས་དགེ་ཆགས་གླིང་དུ་གྲུབ་དབང་ཚོགས་གཉིས་རིན་པོ་ཆེ་མཆོག་དབུ་བཞུགས་ཐ...
30/03/2026

༄༅། །སྤྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༢༩ ཉིན་བཙུན་དགོན་ཚོགས་གཉིས་དགེ་ཆགས་གླིང་དུ་གྲུབ་དབང་ཚོགས་གཉིས་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ལས་བྱེད་འཕོ་ལེན་གནང་ཡོད།
The staff exchange day at Tsoknyi Gechak Ling Nunnnery was held in the presence of Drubwang Tsoknyi Rinpoche on 29th March, 2025.

༄༅། །རང་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ ༧སྐྱབས་རྗེ་གྲུབ་དབང་ཚོགས་གཉིས་རིན་པོ་ཆེ་མཆོག་ལ་ཚོགས་གཉིས་དགེ་ཆགས་གླིང་གི...
29/03/2026

༄༅། །རང་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ ༧སྐྱབས་རྗེ་གྲུབ་དབང་ཚོགས་གཉིས་རིན་པོ་ཆེ་མཆོག་ལ་ཚོགས་གཉིས་དགེ་ཆགས་གླིང་གི་དགེ་འདུན་འདུས་སྡེ་ནས་ཞི་ཁྲོ། རྟ་མགྲིན། ཕྱག་ན་རྡོ་རྗེ་བཅས་དབང་སྩལ་གནང་ཡོང་བའི་གསོལ་འདེབས་ཞུས་བ་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་བོད་ཟླ་ ༢ ཚེས་ ༨ / ༩ / ༡༠ ཉིན་གསུམ་གྱི་རིང་ལེགས་པར་གྲུབ་པའི་བརྙན་པར་ལགས་སོ། །
As earnestly requested by the sangha community of Tsoknyi Gechak Ling Nunnery, Kyabje Drubwang Tsoknyi Rinpoche kindly granted the empowerments of the Peaceful and Wrathful Deities, Hayagriva, and Vajrapani over the course of the three-day ceremony held from 26 to 28 March 2026, which concluded successfully. Here are some glimpses.

'' On 9th March, Ms. Gail provided guidance on Postural re-education to the shedra students at Tsoknyi  Gechak ling.''
09/03/2026

'' On 9th March, Ms. Gail provided guidance on Postural re-education to the shedra students at Tsoknyi Gechak ling.''

Address

Kirtipur/6, Chobhar
Kathmandu
44600

Alerts

Be the first to know and let us send you an email when Tsoknyi Gechak Ling Nunnery posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Place Of Worship

Send a message to Tsoknyi Gechak Ling Nunnery:

Share