15/05/2026
༧རྗེ་བཙུན་ས་སྐྱ་པ་ཡབ་སྲས་བརྒྱུད་པར་བཅས་པའི་ཉམས་ལེན་གྱི་སྙིང་པོ་གསུང་ངག་རིན་པོ་ཆེ་ལམ་འབྲས་ཀྱི་བསྟན་པ་ལ་ཤིན་ཏུ་བཀའ་དྲིན་ཅན། ༧སྒ་སྟོན་རྡོ་རྗེ་འཆང་ལེགས་པ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་དུས་ཁྱད་པར་ཅན་གྱི་ཞོགས་པར་སྐུའི་ན་གཟའ་སྤོས་སྣེ་བསུ་བ་སེར་སྦྲེངས་ཟབ་རྒྱས་བཅས་འདུ་ཁང་དུ་གདན་འདྲེན་ཞུས་ཤིང་། མཁན་སློབ་དགེ་འདུན་འདུས་སྤྱི་ཡོངས་ནས་རབ་འབྱམས་བླ་མཆོད་སྒོ་ནས་དགོངས་རྫོགས་མཆོད་འབུལ་དང་། ཡང་སྲིད་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུ་བ་དང་། ཕྱི་དྲོ་སྲུང་མའི་བསྐང་འཕྲིན་སོགས་༧རྒྱལ་བ་དགྱེས་པའི་ཚོགས་མཆོད་རྒྱ་ཆེན་པོ་འབུལ་བའི་སྒོ་ནས་བཀྲ་ཤིས་པའི་ངང་ལེགས་པར་གྲུབ་བོ།
Today, on the 28th day of the 3rd lunar month, the Tharlam Sangha concluded the annual Mahakala and Guru Yoga Puja with deep devotion, prayers, and unwavering faith.
Throughout these sacred days, prayers were offered for the wellbeing of all the sentient beings, the flourishing of the Dharma, and the arising of peace and harmony throughout the world. May the blessings of Mahakala and Guru lineage remove obstacles, accumulate merit and wisdom, and bring compassion, protection, and inner peace to all beings without expectation.