04/11/2020
के बौद्ध धर्म भित्रा प्राण हत्य गर्न मिल्दैन अरूले हत्य गरेको
मासु आफुले सेवन गर्दा हुन्छ भन्ने कुरा यथा सत्य हो त???
༧སྐྱབས་རྗེ་འཁོར་ལོ་མགོན་པོ་བྱ་བྲལ་སངས་རྒྱས་རྡོ་རྗེ་རིན་པོ་ཆེ་མཆོག་གྱིས་མཛད་པའི་སྡོམ་གསུམ་མཛེས་རྒྱན་ལས་ཤ་ཟོས་པས་ཉེས་དམིགས་དང་མ་ཟོས་པའི་ཕན་ཡོན་ཅུང་ཟད་ཟེར་ན།།
शरण नाथ स्वामी धर्म गुरू ज्याढाल रिन्पोछे ज्यु को रचना दोमसुम जेग्येन नामक पुस्तकमा मासु सेवन गरेको अपरात र मासु त्याग्नु को अनुशंसा संक्षिप्तमा भन्नु पर्द।।
༑སྨན་དང་ཐེག་མཆོག་གསང་སྔགས་རྫས་མ་གཏོགས།།
अोखती र उत्तम यान तन्त्रको सामाग्री बाहेग,
ཤ་ཟོས་པ་ལ་ཡོན་ཏན་ཏིལ་ཙམ་མེད།།
मासु सेवन गर्नुको गुण तिलको दाना जत्ति पनि छैन,
ཤ་ཟ་ཅན་ནི་བདུད་དང་སྲིན་པོའི་རིགས།།
मासु सेवन गर्ने नै मार राक्षेशको जातक,
ཡིན་པས་སྡོམ་པ་ཉམས་ཤིང་ཉོན་མོངས་འཕེལ།།
भएकाले शिल,भङ्गा भई क्लेसको बृद्धी हुनेछ,
གཞན་ཕན་བྱམས་དང་སྙིང་རྗེའི་རྒྱུ་མེད་ཅིང་།།
परहित हुने मैत्रि र करूणको हेतु नष्ट भई
འབྲས་བུ་བྱང་ཆུབ་སྙིང་པོ་སྨིན་པ་དཀའ།།
फल रूपी बोधी भर्व परिपाक हुना कठिनाई छ।
ཤ་ཟོས་ལུས་ལ་གཞན་ཕན་རྫས་མི་འབྱུང་།།
मासु सेवन गर्ने शरिरमा परहित हुने द्रब्य हुने छैन,
ཕལ་ཆེར་ལྷ་ཀླུ་སོགས་ཀྱིས་སྲིན་པོར་མཐོང་།།
प्राय जस्तो देव,नाग हरूले राक्षेशको रूपमा देख्नेछ,
ཤ་ཟོས་ལུས་ལ་དྲི་ཟ་སྲིན་པོ་བདུད།།
मासु खाने शरिरमा गन्धभक्षक राक्षेश मार
གཤིན་རྗེ་མོ་འདྲེ་རྒྱལ་འགོང་དམ་སྲི་འཁོར།།
याम स्त्रिप्रेत प्रेतराज प्रेतअात्म हरूले घेरी बस्ने छ,
ཤ་ཟོས་འབྲས་བུ་དམྱལ་བར་སྐྱེ་བ་དང་།།
मासु सेवन गर्नले फल स्वरूप नरग मा जन्मन्छ र
བྱ་རིགས་ལྕེ་སྤྱང་སྲིན་པོ་སོགས་ལུས་ལེན།།
चर गिग्दा स्याल फ्याउरो राक्षेसी रूप लिने छ,
དེ་བཞིན་ཤ་ཟོས་སྡུག་བསྔལ་དཔག་མེད་ཡོད།།
त्यस्तो प्रकारको मासु सेवनको दुःख असंख्य छन।
སྤངས་ན་སྔར་བཤད་ཉེས་པ་ཀུན་བྲལ་ནས།།
मासु त्याग्नले माथी भनेको सम्पुर्ण द्धोस मुक्त भई,
རྟག་ཏུ་མི་མ་ཡིན་གྱིས་སྤྱི་བོར་བཀུར།།
सदैब अमनुष्यहरूले शिरोपर गरि प्रशंसा गर्ने छ,
གཙང་ལྡན་ཡང་དག་བྲམ་ཟེ་ལྷ་ལུས་མཐོང་།།
विशुद्ध सम्याक ब्रम्ह्य देव रूपमा देख्ने छ
ཕྱོགས་བཅུའི་སངས་རྒྱས་མ་ལུས་སྲས་འཁོར་བཅས།།
दशै दिशाको सम्पुर्ण बुद्ध र बुद्धपुत्र परिसर
བླ་མ་ཡི་དམ་མཁའ་འགྲོ་སྤྲིན་བཞིན་དུ།།
गुरू ईष्टादेव डाकीनी बादल सरी
ཁྱད་པར་བྱང་ཆུབ་སེམས་དཔའ་སེམས་མ་འཁོར།།
वेषेश गरि बोधी सत्वोहरूको परिसरले रक्षा गरिरहने छ,
ཤུགས་འབྱུང་བྱམས་དང་སྙིང་རྗེའི་རྒྱུད་བྱེད་ཅིང་།།
अन्तमा मैत्री र करूणको कारण रूपी हेतु ले
འབྲས་བུ་བྱང་ཆུབ་སྙིང་པོ་མྱུར་དུ་ཐོབ།།
फल रूपी बोधीसार भर्व शिघ्र लाभ हुनेछ,
དེ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་འབྱུང་།།
यस्तै अचिन्तनिय गुण हरूको संभावित हुनेछ।।
ཞེས་གསུངས་སོ།།
अनुवादक आचार्य: पाल्साङ नोर्बु बोम्जन लामा