Drikung Kagyu Rinchen Ling

Directions

Drikung Kagyu Rinchen Ling 🏠📍 Nayapati, Gorkarneshwor-2, Sundarijal Road, Kathmandu, Nepal

༼ ཀུན་རིག་སྒྲུབ་མཆོད། ༽Annual Vairochana (Kunrik) Drupchen大日如来修供法会
07/10/2026

༼ ཀུན་རིག་སྒྲུབ་མཆོད། ༽
Annual Vairochana (Kunrik) Drupchen
大日如来修供法会

࿐ཁ་སང་སྤྱི་ལོ་༢༠༢༦ ཟླ་༡༠ ཚེས་༡ གྱི་དགོང་མོར། རང་དགོན་གྱི་དགེ་སློབ་ལྷན་འཛོམས་ཐོག་ཟླ་རེའི་དམ་བཅའ་ཆེན་མོ་ཚོགས་པའི་འདྲ་པར།On...
03/10/2026

࿐ཁ་སང་སྤྱི་ལོ་༢༠༢༦ ཟླ་༡༠ ཚེས་༡ གྱི་དགོང་མོར། རང་དགོན་གྱི་དགེ་སློབ་ལྷན་འཛོམས་ཐོག་ཟླ་རེའི་དམ་བཅའ་ཆེན་མོ་ཚོགས་པའི་འདྲ་པར།

On the evening of October 1st, 2026, the teachers and students of Drikung Kagyu Rinchen Ling Monastery gathered for the monthly grand debate competition. Here are some photos from the event.

2026年10月01日,本寺的师生共同集体举行了本月的辩经大赛。

༼ ཀུན་རིག་སྒྲུབ་མཆོད། ༽Annual Vairochana (Kunrik) Drupchen大日如来修供法会བོད་ཟླ་༨ ཚེས། ༢༢ ནས་བོད་ཟླ་༩ ཚེས་༢བར། སྤྱི་ཟླ་༡༠ ཚེས་༣...
23/09/2026

༼ ཀུན་རིག་སྒྲུབ་མཆོད། ༽
Annual Vairochana (Kunrik) Drupchen
大日如来修供法会

བོད་ཟླ་༨ ཚེས། ༢༢ ནས་བོད་ཟླ་༩ ཚེས་༢བར།
སྤྱི་ཟླ་༡༠ ཚེས་༣ ནས་ཚེས་༡༢ བར།
October 3rd -Oct 12th 2026
公历2026年10月03日到12日

༄༅། །འདི་ག་བལ་ཡུལ་དཔལ་འབྲི་གུང་བཀའ་བརྒྱུད་རིན་ཆེན་གླིང་དགོན་དུ། ༧སྐྱབས་རྗེ་མཁན་སྤྲུལ་རབ་བཟང་རིན་པོ་ཆེ་དབུ་བཞུགས་ཐོག་དགེ་...
10/09/2026

༄༅། །འདི་ག་བལ་ཡུལ་དཔལ་འབྲི་གུང་བཀའ་བརྒྱུད་རིན་ཆེན་གླིང་དགོན་དུ། ༧སྐྱབས་རྗེ་མཁན་སྤྲུལ་རབ་བཟང་རིན་པོ་ཆེ་དབུ་བཞུགས་ཐོག་དགེ་འདུན་འདུས་མང་ཡོངས་ནས་དབྱར་ཟླ་བ་གཅིག་དང་ཕྱེད་རིང་དབྱར་གནས་སུ་བཞུགས་ནས། ཁ་སང་ཉིན་གཉིས་རིང་ཆོས་འཆད་རྩོད་རྩོམ་གསུམ་དང་དེ་རིང་འདུལ་བའི་གཞུང་བཞིན་གནས་ལ་ཆགས་ཞེན་སྤོང་བའི་ཕྱིར་རྒྱང་གྲགས་གཅིག་གི་མཚམས་ལས་ལྗོངས་རྒྱུར་བྱོན་དགོས་པ་ལྟར། ལྗོངས་རྒྱུར་ཕེབས་ནས་མཐར་བསྔོ་སྨོན་གྱིས་མཐའ་རྒྱན་ཏེ་དབྱར་དགག་དབྱེའི་ཆོས་རྣམས་ལེགས་པར་གྲུབ་པའི་བརྙན་པར་ལགས།

Here at Drikung Kagyu Rinchen Ling Monastery, under the presiding leadership of His Eminence Khenpo Tulku Rabsang Rinpoche, the entire assembled monastic community observed a summer retreat (yarnay) lasting one and a half months. Over the past two days, the activities of Dharma exposition, debate, and composition were held, and today Symbolizing the successful completion of ‘Summer retreat’ monks of Drikung Kagyu Rinchenling monastery led by H.E Khentrul Rabsang Rinpoche went for the (Jong-gyu) ritual procession in accordance with the Vinaya scriptures, in order to abandon attachment to one place and adorned it with dedications and aspirations.

在尼泊尔直贡噶举仁钦林寺,于尊贵的堪布拉桑仁波切主持下,全体僧众进行了为期一个半月的结夏安居。昨日与前日两天师生共同进行了讲辨著三事,今日依据律经为断除对住处之贪著,前往一俱卢舍(约一公里半)之外进行游行探访。在游行探访后,最终以发愿回向作为结夏安居解制之圆满结束。此为相关照片分享大家。

࿐དེ་རིང་འདི་ག་བལ་ཡུལ་འབྲི་གུང་བཀའ་བརྒྱུད་རིན་ཆེན་གླིང་དགོན་དུ། སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག ༧སྐྱབས་རྗེ་མཁན་སྤྲུལ་རབ་བ...
29/08/2026

࿐དེ་རིང་འདི་ག་བལ་ཡུལ་འབྲི་གུང་བཀའ་བརྒྱུད་རིན་ཆེན་གླིང་དགོན་དུ། སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག ༧སྐྱབས་རྗེ་མཁན་སྤྲུལ་རབ་བཟང་རིན་པོ་ཆེ་མཆོག་དང་། མཆོག་སྤྲུལ་པདྨ་སངས་རྒྱས་རིན་པོ་ཆེ། དབུ་འཛིན་སློབ་དཔོན་བསོད་ནམས་རིན་ཆེན། སློབ་སྤྱི་མཁན་པོ་ཉི་མ་གཙོས་པའི་དགེ་བཤེས་དང་། མཁན་པོ། སློབ་དཔོན་རྣམས་ཀྱིས་དབུ་བཞུགས་ཐོག བཤད་གྲྭའི་སློབ་གཉེར་བ་རྣམས་ཀྱིས་བརྗོད་གཞི་སྐྱབས་འགྲོ་དང་བདེན་པ་བཞིའི་སྐོར་ལ་བགྲོ་གླེང་ལྷུག་པོར་གནང་བ་དང་། མཐའ་དོན་དུ་གཙོ་སྐྱོང་བ་སློབ་དཔོན་ལྷུན་གྲུབ་རྡོ་རྗེ་ལགས་དང་མཁན་མོ་ཚེ་རིང་ལགས་རྣམ་གཉིས་ནས་མཇུག་སྡོམ་གནང་སྟེ། བགྲོ་གླེང་འཐུས་ཚང་བའི་སྒོ་ནས་ལེགས་པར་གྲུབ་པའི་བརྙན་པར།

今天,在尼泊尔直贡噶举仁钦林寺,学生会安排下,由尊贵 的堪布拉桑仁波切,竹古白玛桑杰仁波切,寺院领导索郎仁钦,校长堪布尼玛,格西、堪布、师生们共同主持,佛学院的学僧们就“皈依”与“四圣谛”的主题展开了深入探讨。最后,由主持人老师洛本伦珠多杰与堪姆次仁两位做了总结发言,讨论圆满结束,以下为现场活动照片。

Today, here are some pictures from the monthly grand discussion assembly organized by the Khyentse Myugu Student Association of Drigung Kagyu Rinchen Ling Monastery.

༄༅། །དེ་རིང་འདི་ག་བལ་ཡུལ་འབྲི་གུང་བཀའ་བརྒྱུད་རིན་ཆེན་གླིང་དགོན་དུ། ཉེ་ཆར་བལ་བོད་གཉིས་ཀྱི་ས་མཚམས་སུ་ཆུ་ལོག་གི་གོད་ཆག་ཆེན་...
28/08/2026

༄༅། །དེ་རིང་འདི་ག་བལ་ཡུལ་འབྲི་གུང་བཀའ་བརྒྱུད་རིན་ཆེན་གླིང་དགོན་དུ། ཉེ་ཆར་བལ་བོད་གཉིས་ཀྱི་ས་མཚམས་སུ་ཆུ་ལོག་གི་གོད་ཆག་ཆེན་པོ་བྱུང་ཁྲོད་དུ་། ཚེ་ལས་འདས་པའི་འགྲོ་བ་ཡོངས་ཀྱི་རྣམ་ཤེས་རྣམ་དག་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བ་དང་། གོད་ཆག་ཕོག་པའི་ཤུལ་ལུས་ནང་མི་རྣམས་ཀྱི་སྡུག་བསྔལ་མྱུར་དུ་ཞི་བའི་ཆེད་དུ། བྱང་ཆུབ་ལྟུང་བཤགས་ཀྱི་ཆོ་ག་དང་བསྔོ་སྨོན་གསུངས་པའི་བརྙན་པར།

हालै नेपाल–तिब्बत सीमाक्षेत्रमा आएको विनाशकारी बाढी तथा प्राकृतिक विपत्तिमा परी ज्यान गुमाउनुभएका सम्पूर्ण दिवंगत आत्माहरूले सुखावतीको शुद्ध भूमिमा पुनर्जन्म प्राप्त गरून्, उहाँहरूका शोकसन्तप्त परिवारजनमा शान्ति, धैर्य तथा दुःख सहन गर्ने शक्ति प्राप्त होस्, साथै यस विपत्तिमा परी घाइते हुनुभएका सम्पूर्णको शीघ्र स्वास्थ्यलाभ होस् भन्ने पवित्र कामनाका साथ ड्रिकुङ्ग काग्यु रिन्छेन लिङ्ग गुम्बाका सम्पूर्ण संघहरूद्वारा मोन्लाम (प्रार्थना) अर्पण गरिएको केही तस्विरहरू।

Today, all the sangha of Drikung Kagyu Rinchen Ling Monastery gathered together to perform the 35 Confession Buddhas ritual along with dedication prayers for all beings who lost their lives in the flooding disaster in Nepal and so all of the sufferings of people in the areas affected by the disaster may be swiftly pacified.

在今天尼泊尔直贡噶举仁钦林寺,为近期在尼藏边境特大洪灾中不幸遇难的众生举办超度法会,祈愿遇难者亡灵往生极乐净土、灾民及家属早日息灭痛苦,而念诵(三十五佛忏悔文)仪轨及回向祈愿的现场照片分享大家,

༼ བཀའ་འགྱུར་དག་འདོན། ༽Kangyur Recitation诵读《甘珠尔࿐འདི་ག་བལ་ཡུལ་འབྲི་གུང་བཀའ་བརྒྱུད་རིན་ཆེན་གླིང་དགོན་དུ། མཉམ་མེད་སྟོན་པ་ཤཱཀ...
08/08/2026

༼ བཀའ་འགྱུར་དག་འདོན། ༽
Kangyur Recitation
诵读《甘珠尔

࿐འདི་ག་བལ་ཡུལ་འབྲི་གུང་བཀའ་བརྒྱུད་རིན་ཆེན་གླིང་དགོན་དུ། མཉམ་མེད་སྟོན་པ་ཤཱཀྱ་ཐུབ་པའི་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་། བྱེ་བྲག་བརྒྱུད་པ་ཆུ་བོ་སུམ་སྦྲེལ་བྱིན་རླབས་ཀྱི་ཚན་ཁ་གཅིག་ཏུ་བསྡུས་པ། འགྲོ་མགོན་དྭགས་པོ་བཀའ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་དྲི་མ་མེད་པ་གསེར་ཞུན་ལྟ་བུ་འདི་ཉིད། ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་དང་། དེ་འཛིན་ཀུན་གྱི་གཙུག་ནོར་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། རང་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༧སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་ཉི་ཟླ་ཟུང་འབྲེལ་མཆོག་གིས་དབུས། ༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་གྲུབ་དབང་ནུབ་པ་རིན་པོ་ཆེ་མཆོག་དབུས་རིས་མེད་ཀྱི་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་ཐམས་ཅད། སྐུ་ཚེ་འགྱུར་མེད་ཚེ་ལྷའི་ངོ་བོར་བརྟན་ཅིང་། ཐུགས་དགོངས་ཟབ་མོ་ཡིད་བཞིན་དུ་འགྲུབ་པའི་སླད་དུ། ༧སྐྱབས་རྗེ་མཁན་སྤྲུལ་རབ་བཟང་རིན་པོ་ཆེ་དབུ་བཞུགས་ཐོག་འདུས་མང་ཡོངས་ཀྱིས་དབྱར་གནས་དབུ་བཙུགས་ནས་བཀའ་འགྱུར་དག་དག་འདོན་གནང་བ་དང་། ཁ་སང་རེ་གཟའ་ཕུར་བུ་བཀའ་འགྱུར་དག་འདོན་ཉིན་མཐའ་མར་བལ་ཡུལ་རྣམ་རྒྱལ་མཐོ་རིམ་སློབ་གྲྭའི་དགེ་སློབ་གསུམ་བརྒྱ་ལྷག་གིས་རྣམ་དཀར་དགེ་བའི་ལས་ལ་མཉམ་བཞུགས་གནང་ནས་བཀའ་འགྱུར་དག་འདོན་གནང་བའི་བརྙན་པར་འགའ་དང་།

དེ་བཞིན་ཁ་སང་རེ་གཟའ་པ་སངས་ཉིན་གཉི་ཤང་ཨ་མས་ཚོགས་པས་དགེ་འདུན་པ་ཡོངས་ལ་ཉིན་གུང་གསོལ་ཚིགས་མོག་མོག་བསྙེན་བཀུར་ཞུས་པའི་བརྙན་པར་དད་ལྡན་རྣམས་ཀྱི་སྤྱན་ལམ་དུ་འབུལ་ལམ་ཞུའོ།།

In general, every year during the summer retreat at Drikung Kagyu Rinchen Ling Monastery, there is a tradition of reciting the precious words of the Buddha (Kangyur).
It is dedicated to the unchanging, vajra-like long life of all who hold these teachings, the crown jewel of all the great leader of world peace, His Holiness the great 14th Dalai Lama, the lord of the practice lineage teachings, the Drikung Kyabgon Chetsang and Chungtsang Rinpoche. His Eminence Kyabje Garchen Dorje Chang Rinpoche, His Eminence Kyabje Drubwang Nubpa Rinpoche and great gurus wherever they reside and for the spontaneous fulfillment of their profound wishes.

Presided over by His Eminence Khentrul Rabsang Rinpoche, the assembled sangha began the summer retreat with the recitation of the Kangyur. Additionally, on the final day, more than three hundred students from Namgyal Higher Secondary School joined together in this virtuous activity. And yesterday the Nyeshang Ama Group respectfully offered lunch (momos) to the entire Sangha. We are pleased to offer a glimpse, through a few photographs, of this Kangyur recitation ceremony.

在尼泊尔直贡噶举仁钦林寺,为了祈愿无等本师释迦牟尼佛之显密正法总集,特别是融汇“三流合一”加持力之胜义胜行,尊者岗波巴所传的大港波噶举如纯金般无垢之正法在十方时空广为弘扬;
为了祈愿一切持教能仁之顶珠、世界和平之伟大导师第十四世达赖喇嘛尊者,以及吾等蒙受法缘之本尊吉祥胜士、实修噶举法王直贡法王日月二尊,尊贵的噶千仁波切)、尊贵的竹旺努巴仁波切为首的一切无分派系之诸大善知识、大德高僧,圣体永固如长寿本尊,深广密意任运自在如意圆满;在尊贵的堪布拉桑仁波切的主持下,大众僧伽于安居(夏安居)期间呈献了《甘珠尔》清净诵读。
昨日尼泊尔郎杰高级学校的三百余名师生亦一同参与了此一行善积德之殊胜善业,共同进行《甘珠尔》诵读。现将相关影音画面呈献于广大具信善信大众之目览。

༼ དབྱར་གནས། ༽ 结夏安居Summer retreat རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་འདོན། 念诵甘珠尔部
01/08/2026

༼ དབྱར་གནས། ༽
结夏安居
Summer retreat
རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་འདོན།
念诵甘珠尔部

࿐དེ་རིང་འདི་ག་བལ་ཡུལ་དཔལ་འབྲི་གུང་བཀའ་བརྒྱུད་རིན་ཆེན་གླིང་དགོན་དུ། ༧སྐྱབས་རྗེ་མགར་ཆེན་རྡོ་རྗེ་འཆང་མཆོག་གི་སྐུ་ཚེ་ཞབས་པད་...
29/07/2026

࿐དེ་རིང་འདི་ག་བལ་ཡུལ་དཔལ་འབྲི་གུང་བཀའ་བརྒྱུད་རིན་ཆེན་གླིང་དགོན་དུ། ༧སྐྱབས་རྗེ་མགར་ཆེན་རྡོ་རྗེ་འཆང་མཆོག་གི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་སླད་དུ་བཅོམ་ལྡན་འདས་མ་རྣམ་པར་རྒྱལ་མའི་སྟོང་མཆོད་ཚོགས་པ་དང་། དེ་བཞིན་༧སྐྱབས་རྗེ་མཁན་སྤྲུལ་རབ་བཟང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག དགེ་ཚུལ་དགེ་སློང་བརྒྱ་དང་དོན་དགུ་ (༡༧༩) ཡིས་དབྱར་གནས་ཁས་ལེན་གནང་བའི་སྣང་བརྙན།

Here at Drikung Kagyu Rinchen Ling Monastery, A Thousand-Fold Offering to Usnisa Vijaya (Namgyalma) was conducted for the long life and robust health of H.E. Garchen Rinpoche.
And This year’s summer retreat, starting from today for one and a half months, is being led by His Eminence Khentrul Rabsang Rinpoche, with fully ordained monks novice monks making a total of 179 monastics who have committed to this summer retreat.

今日,在尼泊尔直贡噶举仁钦林寺,为祈愿尊贵的噶千金刚持法体安康、莲足永固、长久住世,特举行了尊胜佛母千供法会。同时,在尊贵的堪布拉桑仁波切的主持下,179位比丘与沙弥于今日正式受持结夏安居。以下为法会与结夏安居仪式的现场照片分享大家。

Address

Nayapati, Gorkarneshwor-2 , Sundarijal Road
Kathmandu

Website

Alerts

Be the first to know and let us send you an email when Drikung Kagyu Rinchen Ling posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Shortcuts

Share