19/11/2025
ལོ་མཆོད་ཐེངས་ལྔ་པའི་གསལ་བསྒྲགས།
བློ་དཀར་དམ་གཙང་སློབ་འབངས་ཡོངས་ལ་སྙན་གསན་ཞུ་རྒྱུ།
ཀུན་གྱི་མཁྱེན་གསལ་ལྟར་བདག་ཅག་རྣམས་ལ་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་བླ་མ་དམ་པ་རྗེ་བླ་མ་བསྟན་པའི་རྒྱལ་མཚན་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་ལྔ་འཁོར་བའི་ལོ་མཆོད་ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༢༨ དང་ ༢༩ ཉིན་གཉིས་ཀྱི་རིང་ཉིན་དང་པོ་དཀོན་མཆོག་སྤྱི་འདུས་དང་ཉིན་གཉིས་པ་སྒྲོལ་མ་ལྷ་ཁང་དུ་བླ་མ་རྒྱང་འབོད་དང་མར་མེ་སྨོན་ལམ་གསུང་གནང་རྒྱུ་གཏན་འཁེལ་ལགས་ན། འབྲེལ་ཡོད་ཡོངས་ཀྱིས་དགོངས་འཇགས་གནང་བར་ཞུ།
ཀརྨ་སྒྲུབ་ཆེན་ཆོས་གླིང་དགོན་པའི་འདུས་སྤྱི་ནས་ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་ ༡༩ ཉིན་ཕུལ།།
Fifth Annual Memorial Service Announcement
To All Pure-Hearted Students
Notice
We wish to inform everyone that on November 28, 2025, a two-day memorial service will be held. As you all know, our incomparably kind root guru, the venerable Lama Tenpa’i Gyaltsen Rinpoche, passed into the dharmadhatu (absolute reality) five years ago. For this fifth annual memorial:
• Day One: A Könchok Chidü (Gathering of All Precious Ones) ceremony will be performed
• Day Two: At Drolma Lhakhang (Tara Temple), a Lama Gyangbö (Guru from Afar invocation) and Butter Lamp Prayer ceremony will be conducted
We respectfully request that all concerned parties take note of this.
Issued by the General Assembly of Karma Drubchen Choeling Monastery on November 19, 2025.
Contact Information:
• Email: [email protected]
• Name: Acharya Karma Kazi
• Phone number: +9779824184827