19/01/2026
Scroll down for the Eng & Nepali translation
༄། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡༡ ཚེས་ ༥ དང ༦ ཉིན་གཉིས་རིང་གནས་མཆོག་རྡོ་རྗེ་གདན་དུ་ལོ་རྒྱུས་རང་བཞིན་ལྡན་པའི་སྐབས་ ༩ པའི་དགེ་བཤེས་མའི་དམ་འཇོག་དང་འབྲེལ་གསར་ཐོན་དགེ་བཤེས་མ་རྣམས་ལ་ཕྱག་འཁྱེར་འབུལ་སྲོལ་ཡོད་པ་ལྟར། ལོ་འདིར་བཙུན་དགོན་ཁག་ནས་དགེ་བཤེས་མ་ཞལ་གྲངས་ ༤༧ ཐོན་ཡོད་པ་ལས། བལ་ཡུལ་ཀོ་པཎ་བཙུན་དགོན་ནས་ཀྱང་གཞུང་ཆེན་བཀའ་པོད་ལྔར་གསན་བསམ་སློབ་གཉེར་མཐར་སོན་ཏེ་བཙུན་མ་ཞལ་གྲངས་ ༩ ནས་དགེ་བཤེས་མའི་ཕྱག་འཁྱེར་བཞེས་གནང་ཡོད།
དེའི་རྗེས་ཕྱི་ལོ་ ༢༠༢༦ ལོའི་ ཟླ་བ་ ༡ ཚེས་ ༡༦ ཉིན་ཀོ་པཎ་བཙུན་དགོན་དུ་གཞུང་ཆེན་ཁག་ལ་སློབ་གཉེར་མཐར་ཕྱིན་པའི་འབྲས་རྟགས་སུ་དམ་འཇོག་དང་འབྲེལ་སྔར་གྱི་ཕྱག་སྲོལ་བཞིན་དབུ་བཞུགས་བླ་མ་དགེ་བའི་བཤེས་གཉེན་རྣམས་དང། དམ་གཙང་ཆོས་གྲོགས། བཀའ་དྲིན་ཞལ་ཟླ་བྲལ་བའི་ཉིན་མཚན་སྐུ་ལས་སྐྱོན་གནང་མཁན་བཙུན་དགོན་གྱི་ཕྱག་མཛོད་ལས་བྱེད་རྣམས་པ་དང། དགོན་པ་འདིར་མཐུན་འགྱུར་རམ་འདེགས་གནང་མཁན་སྦྱིན་པའི་བདག་པོ་དང། ཕ་མ་སྤུན་ལ་སོགས་གཉེན་ཉེ་འབྲེལ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་ཞུ་ཆེད་དུ། ཞོགས་ཚོགས་སུ་ཞབས་རིམ་རྣམ་རྒྱལ་ཚེ་ཆོག་དང། ༧རྒྱལ་བའི་ཞབས་བརྟན་སོགས་ཀྱི་སྒོ་ནས་དགེ་བཤེས་མའི་དམ་འཇོག་གཏོང་སྒོའི་མཛད་སྒོ་འདི་བཞིན་ལེགས་པར་གྲུབ་པ་བྱུང་ཡོད། །
On 5–6 November 2025, at the sacred site of Bodhgaya, during the historic 9th Geshema Examination, certificates were conferred in accordance with the long-established tradition upon newly graduated Geshemas. On this auspicious occasion, forty-seven nuns from various nunneries successfully received their Geshema degrees. Among them, nine nuns from Kopan Nunnery, Nepal, having completed the comprehensive study of the five major Buddhist texts, were awarded their Geshema certificates.
Subsequently, on 16 January 2026, a ceremony was held at Kopan Nunnery to mark the completion of the major textual studies. In accordance with traditional customs, the occasion was observed with the offering of the Namgyal Tsechok prayer and the long-life prayer of His Holiness the Fourteenth Dalai Lama. These prayers were offered to express deep gratitude to the root and lineage masters; Dharma friends who share the same commitments; the nunnery’s devoted administrators and staff who have worked tirelessly day and night with great kindness; the generous sponsors and benefactors who have continuously supported the nunnery; as well as parents, siblings, and relatives.
Thus, the Geshema conferment ceremony was completed successfully and auspiciously
सन् २०२४ को नोभेम्बर ५ र ६ तारिखमा, पवित्र स्थल बोधगयामा, ऐतिहासिक नवौं गेशेमा परीक्षाको अवसरमा र नयाँ स्नातक गेशेमाहरूलाई प्रमाणपत्र प्रदान गर्ने परम्परा भए अनुसार, यस वर्ष विभिन्न आनी गोन्पाहरूबाट ४७ जना आनीहरूले सफलतापूर्वक गेशेमा उपाधि प्राप्त गर्नु भएको थियो । उहांहरूमध्ये, नेपालको खाच्यो गाखिललिङ आनी गोन्पा कपनबाट ९ जना आनीहरूले “पांच महाशास्त्र” बौद्ध ग्रन्थहरूको गहन अध्ययन पूरा गरी आफ्नो गेशेमा प्रमाणपत्र प्राप्त गर्नु भएको थियो।
त्यसपछि, सन् २०२६ को जनवरी १६ तारिखमा, कपन आनी गोन्पामा गेशेमा अध्ययन पूरा गरी उपाधि प्राप्त गरेको उपलक्ष्यमा विशेष समारोह आयोजना गरिएको थियो। परम्परागत रीति अनुसार, यो समारोह विशेषगरी मूल र परम्परागत गुरुहरू, धर्म मित्रहरू, रात दिन नभनी अथक परिश्रमका साथ सेवा गर्नु हुने गोन्पाका प्रवन्धक र स्वयंसेवीकाहरू, आनी गोन्पालाई अनवरत साथ सहयोग गर्ने दाताहरू, शुभचिन्तक र श्रद्धालु भक्तजनहरूका साथै आमाबुबा, दाजुभाइ र आफन्तहरूप्रति कृतज्ञता प्रकट गर्न नाम्ग्याल छेछोक पुजा “Amritayu Puja ” लगायतका विभिन्न प्रार्थनाहरूका साथ समारोह सफलतापूर्वक सम्पन्न भयो।