Orgyen Dhongak Choeling Kudung Monastery

Orgyen Dhongak Choeling Kudung Monastery Contact information, map and directions, contact form, opening hours, services, ratings, photos, videos and announcements from Orgyen Dhongak Choeling Kudung Monastery, Convent and monastery, Boudha Tusal, Kathmandu.

࿑ དཔལ་སྔ་འགྱུར་ཨོ་རྒྱན་མདོ་སྔགས་ཆོས་གླིང་འདི་ནི། ༧སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གྲོལ་བ་བཞི་ལྡན་གྱི་སྐུ་གདུང་རིན་པོ་ཆེའི་རྟེན་མཆོག་ཁྱད་པར་ཅན་ཉིད་དེང་གི་ཆར་རྫོགས་ཆེན་མཁན་རིན་པོ་ཆེ་བླ་མ་ཡེ་ཤེས་བཟང་པོ་ཡབ་ཡུམ་གྱིས་འཛིན་སྐྱོང་མཛད་བཞིན་པ་ལགས།

࿑ ཞལ་གདམས་གསེར་ཕྲེང་ལས། ཁྱད་པར་དུས་ཆེན་ཚེས་བཅུར་ཨོ་རྒྱན་ང་༔ གངས་ཅན་བོད་ཡུལ་ས་སྟེང་ཁྱབ་པར་འོང་༔ ཉི་ཟླའི་ཟེར་དང་འཇའ་ཆེན་ཆར...
25/07/2026

࿑ ཞལ་གདམས་གསེར་ཕྲེང་ལས། ཁྱད་པར་དུས་ཆེན་ཚེས་བཅུར་ཨོ་རྒྱན་ང་༔ གངས་ཅན་བོད་ཡུལ་ས་སྟེང་ཁྱབ་པར་འོང་༔ ཉི་ཟླའི་ཟེར་དང་འཇའ་ཆེན་ཆར་རྡུལ་ལ༔ ཆིབས་ཏེ་མོས་པའི་བུ་ཡི་བར་ཆད་སེལ༔ ཞེས་སོགས་བདེན་གསུང་རྡོ་རྗེའི་ཚིག་གིས་ཞལ་བཞེས་གཙིགས་སུ་འཛིན་ཏེ། པདྨའི་རིང་ལུགས་འཛིན་པ་༧སྐྱབས་རྗེ་སྨྱོ་ཤུལ་ཡང་སྲིད་རིན་པོ་ཆེ་དང་། ༧མཁའ་འགྲོ་རིན་པོ་ཆེ་པདྨ་ཆོས་སྒྲོན་མཆོག་གི་གཙོས་ཕྱོགས་གྲུ་ཁག་གི་མཁན་སྤྲུལ། བླ་སློབ། དགེ་འདུན། སྐྱ་སེར་ཕོ་མོ་བཅས་ཀྱི་འཁོར་ཕུན་སུམ་ཚོགས་པས་མཐའ་བརྒྱན་པའི་གྲོལ་བ་བཞི་ལྡན་གྱི་༧སྐུ་གདུང་རིན་པོ་ཆེ་ཡེ་ཤེས་ཀྱི་སྐུ་ཞལ་རྗེན་པར་བཞུགས་པའི་དྲུང་། དུས་ཆུ་སྟོད་ཟླ་བའི་ཡར་ཚེས་༨ ནས ༡༠ བར། ཆོས ༧བདུད་འཇོམས་འོག་མའི་ཟབ་ཆོས་བླ་གྲུབ་གཏེར་བདུན་འདུས་སྒོ་ནས་དཀྱིལ་འཁོར་གྱི་དལ་ཞལ་ཕྱེས་ཏེ། ཉིན་ཐ་མར་རིག་འཛིན་གོང་མའི་མཐོང་བརྒྱུད་ཕྱག་བཞེས་མཐོང་གྲོལ་གར་འཆམ་ཆེན་མོའི་བྱིན་ཆར་ཕབ་སྟེ་སྣང་སྲིད་རྟེན་དང་བརྟེན་པ་དག་པར་བྱས།།

࿑ སང་ཉིན་འཆམ་གྱི་མཛད་རིམ་ཁག
23/07/2026

࿑ སང་ཉིན་འཆམ་གྱི་མཛད་རིམ་ཁག

༈ གསང་འདུས་ཞལ་གདམས་ལས།                       དབང་ཆེན་སྤྲེལ་ཟླའི་ཚེས་བཅུ་དང་༔                       དུས་ཀྱི་ཚེས་བཅུ་ཐམས་ཅ...
22/07/2026

༈ གསང་འདུས་ཞལ་གདམས་ལས།
དབང་ཆེན་སྤྲེལ་ཟླའི་ཚེས་བཅུ་དང་༔
དུས་ཀྱི་ཚེས་བཅུ་ཐམས་ཅད་ལ༔
སྤྲུལ་པ་འཛམ་གླིང་ཁྱབ་པར་འགྱེད༔
མཆོག་ཐུན་དངོས་གྲུབ་ང་ཡིས་སྟེར༔
ཞེས་གསུང་དོན་ཡིད་ཁར་བཅངས་ཏེ། ༧སྐྱབས་རྗེ་སྨྱོ་ཤུལ་ཡང་སྲིད་རིན་པོ་ཆེ་འཇམ་དཔལ་ཡེ་ཤེས་རྡོ་རྗེ་དབུར་བཞུགས་ཏེ། མཁན་སྤྲུལ་བླ་སློབ་དགེ་འདུན་འདུས་པ་བརྒྱ་ཕྲག་དུ་མ་མཉམ་འཛོམས་འོག སྤྱི་ལོ༢༠༢༦ ལོའི་སྤྲེལ་ཟླ་ཚེས་བཅུའི་ཚོགས་སྒྲུབ་ཆེན་མོ་ཉིན་དང་པོ་བཀྲ་ཤིས་པའི་ངང་མཐའ་འཁྱོལ་བྱུང་།

21/07/2026
࿐ སྤྱི་ལོ་༢༠༢༦ བོད་ཟླ་༠༦ ཚེས་༠༡ ཉིན། དཔལ་སྔ་འགྱུར་ཨོ་རྒྱན་མདོ་སྔགས་ཆོས་གླིང་དགོན་གྱི་༼སྙན་རྩོམ་རྒྱུགས་ཐེངས་གཉིས་པ་༽དེའང་...
16/07/2026

࿐ སྤྱི་ལོ་༢༠༢༦ བོད་ཟླ་༠༦ ཚེས་༠༡ ཉིན། དཔལ་སྔ་འགྱུར་ཨོ་རྒྱན་མདོ་སྔགས་ཆོས་གླིང་དགོན་གྱི་༼སྙན་རྩོམ་རྒྱུགས་ཐེངས་གཉིས་པ་༽དེའང་སློབ་གཉེར་བ་རང་རང་གི་ཤེས་རྩལ་བསྟུན་པར་སྙན་ངག་གི་ཉམས་དུ་མ་དང་བཅས་གྱེར་འདོན་ལེགས་པར་གནང་སྟེ་མཐའ་གྲུབ་བྱུང་།

གསལ་བསྒྲགས།Notice
11/07/2026

གསལ་བསྒྲགས།
Notice

༈ ཁ་རྩང་སྣོན་ཟླ་བའི་ཚེས་༡༨༽ ཤར་རི་བོའི་རྩེ་ནས་དཀྱེལ་ཡང་མེ་ཟླུམ་དཀྱིལ་འཁོར་ལྷོད་པོར་རྒྱུ་བའི་ཉིན་བཟང་པོར། དགོན་འདི་གའི་གཞ...
07/07/2026

༈ ཁ་རྩང་སྣོན་ཟླ་བའི་ཚེས་༡༨༽ ཤར་རི་བོའི་རྩེ་ནས་དཀྱེལ་ཡང་མེ་ཟླུམ་དཀྱིལ་འཁོར་ལྷོད་པོར་རྒྱུ་བའི་ཉིན་བཟང་པོར། དགོན་འདི་གའི་གཞི་རིམ་སློབ་ཕྲུག་དག་ནས་༧སྐྱབས་རྗེ་སྨྱོ་ཤུལ་ཡང་སྲིད་རིན་པོ་ཆེའི་སྐུ་མདུན་དུ། རང་གི་སྦྱོང་ཚན་དུ་གཏན་འབེབས་བྱས་པའི་མཐོང་བ་བརྒྱུད་པའི་ཕྱག་བཞེས་གར་ཐིག་དབྱངས་གསུམ་ལས། མཐོང་གྲོལ་གར་འཆམ་གྱི་ལོ་འཁོར་འཆམ་རྒྱུགས་ཆེན་མོ་ཕུལ་བའི་སྐལ་པ་ཐོབ།

༧སྐྱབས་རྗེ་སྨྱོ་ཤུལ་ཡང་སྲིད་རིན་པོ་ཆེ་མཆོག་སྤྲུལ་འཇམ་དཔལ་ཡེ་ཤེས་རྡོ་རྗེ་མཆོག་གི་སྐུའི་འཁྲུངས་སྐར་བསུ།🌻🙏
24/06/2026

༧སྐྱབས་རྗེ་སྨྱོ་ཤུལ་ཡང་སྲིད་རིན་པོ་ཆེ་མཆོག་སྤྲུལ་འཇམ་དཔལ་ཡེ་ཤེས་རྡོ་རྗེ་མཆོག་གི་སྐུའི་འཁྲུངས་སྐར་བསུ།🌻🙏

གསལ་བསྒྲགས། NOTICE
16/06/2026

གསལ་བསྒྲགས།
NOTICE

Address

Boudha Tusal
Kathmandu
44600

Telephone

+9779828052623

Website

Alerts

Be the first to know and let us send you an email when Orgyen Dhongak Choeling Kudung Monastery posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Shortcuts

Share