29/08/2023
༧སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།
Happy Birthday to H.H. Karma Kuchen Rinpoche.
噶瑪古千法王生日快樂。
༈ དཔལ་ཡུལ་སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེའི་ཞབས་བརྟན་མི་ཤིག་རྡོ་རྗེའི་སྒྲ་དབྱངས་ཞེས་བྱ་བ་བཞུགས།
The long life prayer of His Holiness the 5th Karma Kuchen Rinpoche, the 12th Throneholder of the Palyul Lineage
白玉傳承第十二任座主第五世噶瑪古千法王長壽祈請文
རབ་འབྱམས་སྲས་བཅས་རྒྱལ་བའི་གསང་གསུམ་ལྷ། །
Infinite buddhas and their heirs, the deities of the Conqueror's three secrets,
廣袤諸佛佛子三密尊
འཆི་མེད་སྟོབས་དང་དབང་བཅུའི་བདེན་ཚིག་གིས། །
By the truth of your ten powers and the strength of your immortality
無死十力十自在諦語
མཆོག་གི་སྤྲུལ་སྐུའི་གསང་གསུམ་བྱིན་རླབས་ཏེ། །
Bless the three secrets (body, speech and mind) of this supreme Nirmanakaya
加持殊勝化身之三密
ཚེ་དང་ཡེ་ཤེས་རྒྱས་པར་མཛད་དུ་གསོལ། །
And increase his longevity and wisdom.
祈令壽命智慧皆增廣
ཨོ་རྒྱན་སངས་རྒྱས་གཉིས་པའི་རིང་ལུགས་ཀྱི། །
The tradition of the second Buddha of Oddiyana
照耀鄔金第二佛自宗
བཀའ་གཏེར་མདོ་སྔགས་བསྟན་པའི་པདྨོའི་ཚལ། །
The doctrine of K**a, Terma, the sutra and mantra are like a field of lotuses.
教巖顯密教法蓮花苑
འབྱེད་མཛད་ཆོས་ཀྱི་ཉི་མ་བསྔགས་འོས་ཀྱི། །
You are the Dharma sun who blossoms them, worthy of highest praise,
佛法旭日堪受讚譽之
ཡོན་ཏན་ཆ་ཤས་རྫོགས་བཞིན་ཞབས་བརྟན་གསོལ། །
May you live long, perfecting every excellent quality.
功德諸支圓滿祈長壽
གསང་ཆེན་འོད་གསལ་སྙིང་པོའི་རིང་ལུགས་དར། །
May the early tradition of the Great Secret's clear light essence spread.
廣弘大密光明藏傳統
སྐལ་བཟང་མཁས་བཙུན་དགེ་འདུན་འདུས་པ་རྒྱས། །
May the gathering of fortunate sangha, wise and pure, grow.
聚諸有緣博學持戒僧
སྣོད་བཅུད་རྒུད་ཞི་ཕན་བདེའི་དཔལ་རྒྱས་པའི། །
May the degeneration of the world and its peoples subside.
平息器情衰微利樂源
བཀྲ་ཤིས་སྣང་བས་ས་གསུམ་ཁྱབ་གྱུར་ཅིག །
May glorious happiness and good fortune auspiciously spread to fill the entire three worlds.
吉祥光明周遍於三地
ཅེས་པའང་མཆོག་སྤྲུལ་རིན་པོ་ཆེའི་བཀའ་བཞིན་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བླ་མ་རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་ལ་གསོལ་བ་བཏབ་པ་བཞིན་བྲིས་པ་དགེ་ལེགས་འཕེལ།།