23/01/2026
༄༅།། འཇམ་མགོན་རྒྱལ་བའི་གདུང་འཚོབ་མཚུངས་མེད་དགའ་ལྡན་ཁྲི་ཐོག་ ༡༠༥ པ་རྗེ་བཙུན་བློ་བཟང་རྡོ་རྗེ་འཆང་དཔལ་བཟང་པོ་མཆོག་གི་ཞབས་པད་མངོན་མཐོའི་དྲུང་དུ་
ཇི་ལྟར་མོན་འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་གྲྭ་ཚང་ནས་སྒོ་གསུམ་གུས་པས་དབུ་ཕར་རབས་འབྱམས་པའི་ཕྱག་འཁྱེར་ཐེངས་དང་པོ་དེ་བཞིན་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཕྱག་ནས་བཀའ་དྲིན་གསོལ་བསྩལ་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་པ་བཞིན། ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཕྱག་ནས་ཕྱི་ལོ་ ༢༠༢༦ ཟླ་བ ༠༡ ཚེས་ ༡༨ ཉིན་བཀའ་དྲིན་གསོལ་བསྩལ་གནང་བ་ཡིན།
དེ་ན་གྲྭ་ཚང་འདིའི་དགོན་བདག་ཞིང་གཤེགས་དམ་པ་འདུལ་བ་འབུམ་སྡེའི་མངའ་བདག་༧ཀུན་མཁྱེན་མཚོ་སྣ་རིན་པོ་ཆེ་སྐུ་ཕྲེང་ ༡༣ པ་གང་ཉིད་ནས། སྤྱི་ནོར་༧གོང་ས་༧སྐྱབས་དགོན་ཆེན་པོ་མཆོག་གི་དགོངས་བཞེད་དང་བཀའ་སློབ་ལམ་སྟོན་ལྟར། འདི་ག་གྲྭ་ཚང་དུ་གཞུང་ཆེན་ཀ་པོད་ལྔའི་སློབ་གཉེར་ཆེད་བཙུགས་གནང་སྟེ་འདི་ལོར་འཛིན་གྲྭ་འདུལ་བ་ལོ་རིམ་གསུམ་པའི་བར་བསླེབས་ཡོད་ཅིང་། འདི་ནི་མོན་ཡུལ་གྱི་དགོན་པ་ཞིག་ཏུ་ཧ་ལམ་དེ་ལྟ་བུ་དེ་སྔ་ལོ་རྒྱུས་ནང་བྱུང་མྱོང་མེད་པས་ང་ཚོ་མོན་པ་རྣམས་ཧ་ཅང་དགའ་སྤོབས་བྱ་འོས་པ་དང་། ལྷག་པར་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ཡང་སྒོས་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ལ་སོགས་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ལ་སྒྲུབ་པའི་མཆོད་པར་བྱ་གཞིའི་གནས་སུ་གྱུར་བ་ཡིན། མ་ཟད་གྲྭ་ཚང་གི་སྦྱིན་བདག་རྣམ་པ་ཚོས་ཀྱང་རང་ནུས་ཇི་ལྕོགས་ཀྱི་ཕན་པ་སྒྲུབ་པར་བཀའ་དྲིན་ཤིན་ཏུ་ཆེ་བས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། གཞན་ཡང་དགེ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཕྱག་ནས་དབུ་ཕར་རབས་འབྱམས་པའི་ཕྱག་འཁྱེར་བཀའ་དྲིན་གསོལ་བསྩལ་བར་མོན་འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་གྲྭ་ཚང་གི་མཁན་བླ་འདུས་མང་ནས་ཐུགས་རྗེ་བླ་མེད་དུ་ཆེ་གྲངས་མེད་ཞུ་ཞུ།
With folded hands and hearts filled with devotion, Gongtse Gaden Rabgyeling Monastery humbly and sincerely submitted a supplication to the 105th Throne Holder of the Glorious Gelugpa Tradition, His Holiness Lobsang Dorje Chang, requesting that, for the very first time, the sacred degrees of Prajñāpāramitā and Mādhyamika be conferred directly from the holy hands of His Holiness.
By the boundless compassion and wisdom of the sublime lineage holders, this aspiration was fulfilled on the most auspicious day of 18 January 2026, when, at Drepung Loseling Monastery, we were immeasurably blessed to receive these most precious degrees directly from the vajra hands of His Holiness the Gaden Tripa Dorje Chang.
In perfect accordance with the noble instructions of our monastery’s patron and the Lord of Vinaya Discipline, the 13th Incarnation of His Eminence Tsöna Rinpoche, a complete and authentic study program of the Five Major Buddhist Treatises has been firmly established at our monastery. At present, the monastic students are engaged in the third year of Dulwa (Vinayavastu).
As such an attainment has never before arisen in the history of monasteries in the sacred Mon region, it stands as a profound cause for rejoicing and rightful pride among the Mon people. Above all, this accomplishment has become a pure offering through practice, dedicated to the long life, excellent health, and ever-flourishing enlightened activities of His Holiness the 14th Dalai Lama, and especially to the supreme holders of the stainless teachings, foremost among them His Holiness the Gaden Tripa Dorje Chang.
From the depths of our hearts, we extend our deepest gratitude to all benefactors and patrons of the monastery, whose faith-filled generosity—each according to their capacity—has made this rare and auspicious achievement possible.
Finally, the entire assembly of abbots, lamas, and the monastic community of Gongtse Gaden Rabgyeling Monastery, Bomdila, respectfully offers its profound gratitude to His Holiness the Gaden Tripa Dorje Chang and his esteemed entourage for graciously acceding to our supplication and bringing it to fruition. May this accumulation of virtuous merit serve as a cause for the enduring peace, harmony, and prosperity of all sentient beings.