01/11/2020
མཐོང་གྲོལ་སྒྲོལ་མའི་སྐུ་བརྙན་མཇལ་ཁ།
དེ་རིང་ཕྱི་དྲོ་ཚོགས་ཐེངས་དང་པོར། ཆུ་ཚོད་གཅིག་གི་རིང་དམིགས་བསལ་༧དཔལ་རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་ཅིང་། བསྟན་དང་འགྲོ་བའི་དོན་དུ་ཐུགས་བཞེད་མཛད་ཕྲིན་ཐམས་ཅད་འགལ་རྐྱེན་བར་ཆད་མེད་པར་ལྷུན་གྱིས་གྲུབ་པ་དང་། འཛམ་གླིང་ཤར་ནུབ་ཡུལ་གྲུ་མཐའ་དབུས་ཀུན་ན་ཏོག་དབྱིབས་ནད་ཡམས་ཀྱི་འཇིགས་པ་མྱུར་དུ་ཞི་བ་སོགས་ཀྱི་ཆེད་དུ་དམིགས་ནས་སྒྲོལ་མ་གསོག་སྒྲུབ་གནང་རྒྱུ་དང་། སྐབས་དེར་༧སྐྱབས་རྗེ་འབོ་དཀར་རྡོ་རྗེ་འཆང་སྐུ་ཕྲེང་རིམ་བྱོན་གྱི་ཐུགས་དམ་རྟེན་གཙོ་འཆི་མེད་ཚེའི་ལྷ་མཆོག་མཐོང་གྲོལ་རྗེ་བཙུན་འཕགས་མ་སྒྲོལ་མའི་སྐུ་བརྙན་རིན་པོ་ཆེ་མཇལ་ཁ་གནང་རྒྱུ་ཡིན་པས་དད་ལྡན་སློབ་ཚོགས་རྣམས་ནས་མཉམ་ཞུགས་ཀྱིས་གསོལ་འདེབས་སྨོན་ལམ་གནང་བར་འཚལ།
Giving Audience of Sacred Statue of Arya Tara.
At 1 PM Asia Kagyu Monlam will hold an hour long prayer of Twenty One Praises of Arya Tara. To mark an occasion a very special and sacred statue of Arya Tara belonging to the Very Venerable Bokar Rinpoche will be on display. It is our sincere wishes and prayers that may His Holiness the Karmapa Orgen Thrinlay Dorje live long and his dharma activities flourish. Furthermore this Asia Kagyu Monlam offers prayers and dedications to all beings for happiness, prosperity, and longivity.
Please join us for this wonderful event. Sarva Mangalam.