Gayje Norling Monastery Welfare Society

Gayje Norling Monastery Welfare Society ༄༅།།བདག་བདེ་གཞན་གྱི་སྡུག་བསྔལ་དག ། ཡང་དག་བརྗེ་བར་མ་བྱས་ན།། སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་།། འཁོར་བ་ན་ཡང་བདེ་བ་མེད།།
"OTHER BEFORE SELF"

17/07/2026

A very blessed day .

༄༅།།དགེ་བྱེད་ནོར་གླིང་དགོན་པ་དང་མོན་ཟངས་ལུམ་ཀུན་བརྩེ་སློབ་གྲྭ་ཐུན་མོང་ནས་ཕྱག་བཅས་གསོལ་བ་འདེབས་སྙིང་ལྟར། དགའ་ལྡན་བྱང་རྩེ་...
15/07/2026

༄༅།།དགེ་བྱེད་ནོར་གླིང་དགོན་པ་དང་མོན་ཟངས་ལུམ་ཀུན་བརྩེ་སློབ་གྲྭ་ཐུན་མོང་ནས་ཕྱག་བཅས་གསོལ་བ་འདེབས་སྙིང་ལྟར། དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་སྐྱབས་གནས་མཁན་རིན་པོ་ཆེ་འཇིགས་མེད་ལམ་བཟང་མཆོག་ནས་ཞལ་བཞེས་གནང་སྟེ་མི་མང་ཚོར་ཆོས་ཞུས་དང་དྲི་བ་དྲིས་ལན་གནང་རྒྱུ་ཐོབ་པ་་སྐལ་བ་བཟང་།

BLESSED DAY 🙏🏻
Today, the Abbot of Gaden Jangtse, Khen Rinpoche, visited Mamong Gonpa and gave precious teachings to the Mon Sanglum and students.

གསལ་བསྒྲགས།༄༅།། ཞྭ་སེར་བསྟན་པའི་གསལ་བྱེད་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་སྐྱབས་གནས་མཁན་རིན་པོ་ཆེ་མཆོག་གི་ཞབས་པད་མངོན་...
08/07/2026

གསལ་བསྒྲགས།
༄༅།། ཞྭ་སེར་བསྟན་པའི་གསལ་བྱེད་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་སྐྱབས་གནས་མཁན་རིན་པོ་ཆེ་མཆོག་གི་ཞབས་པད་མངོན་པར་མཐོ་བའི་ཁྲིའི་དྲུང་དུ།
སྒོ་གསུམ་རབ་གུས་དགེ་བྱེད་ནོར་གླིང་དགོན་པ་དང་མོན་ཟངས་ལུམ་སློབ་གྲྭ་ཐུན་མོང་ནས་ཕྱག་བཅས་ཞུ་སྙིང་།
རིན་པོ་ཆེ་མཆོག་རྒྱལ་བའི་བསྟན་པ་སྤྱི་དང་བྱེ་བྲག་རི་བོ་དགེ་ལྡན་པའི་བསྟན་པའི་སླད་དུ་མཛད་འཕྲིན་ཆུ་གཉེར་ལྟ་བུ་བསྐྱངས་དང་སྐྱོང་བཞིན་པའི་མུར་འདི་ག་མོན་ཡུལ་གྱི་མི་མང་ལ་ཐུགས་རྗེའི་གཟིགས་པ་གཡོ་བ་མེད་པར་མགྱོགས་མྱུར་མོན་ཡུལ་ཕྱོགས་ལ་ཆིབས་བསྒྱུར་བསྐྱང་འཆར་ཡོད་པའི་གཏམ་བཟང་ཐོས་པར་རབ་དགའི་ས་ལ་འགྲན་པའི་སྤྲོ་བ་བརྟས། ཞུ་ཧམ་དུ་མ་སོང་བར་སྐབས་དེར་མོན་ཟངས་ལུམ་དུ་ཆགས་པའི་དགེ་བྱེད་ནོར་གླིང་གྲྭ་ཚང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་གནང་ཐོག་༧སྐུའི་གོ་སྟོན་སྲུང་བརྩིའི་སླད་མི་མང་དང་སློབ་ཕྲུག་ལྷན་འཛོམས་སར་ནང་ཆོས་ངོ་སྤྲོད་སྙིང་བསྡུས་ཤིག་བསྩལ་གནང་རྒྱུ་བཀའ་ཐོབ་པ་གསལ་བསྒྲགས་ཞུ།

མཛད་རིམ།
དུས་ཚོད། 9: 00 AM
༡༽རེས་གཟའ་ལྷག་པ། ཕྱི་ལོ་ ༢༠༢༦ ཟླ་བ་ ༠༧ ཚེས་ ༡༥ ཉིན། མི་མང་དང་སློབ་ཕྲུག་ལྷན་འཛོམས་ཐོག་མཁན་རིན་པོ་ཆེ་མཆོག་ནས་ནང་ཆོས་ངོ་སྤྲོད་དང་དྲི་བ་དྲིས་ལན།

ཕྱི་དྲོ་ཀུན་བརྩེ་སྡེ་སྟོང་མཁར་སློབ་མ་རྣམས་ཀྱིས་དམ་བཅའ་འཚོག་རྒྱུ།

༢༽རེས་གཟའ་ཕུར་བུ། ཕྱི་ལོ་ ༢༠༢༦ ཟླ་བ་ ༠༧ ཚེས་ ༡༦ ཉིན་ཞོགས་པ་ཀུན་བརྩེ་སྡེ་སྟོང་མཁར་སློབ་གྲྭར་ཆིབས་བསྐྱུར་བསྐྱང་གནང་རྒྱུ།

( ANNOUNCEMENT )

To the Most Venerable Khen Rinpoche, the Abbot of Jangtse Thoesam Norling Monastic College.
With deepest respect and devotion, Geyje Norling Monastery and Mon Zanglum KUNTSE DUDUNGHAR School jointly submit this humble request.

We are delighted to hear the wonderful news that Your Eminence, who tirelessly upholds and spreads the teachings of the Buddhism in general through your enlightened activities, is planning to visit the Mon region soon out of your boundless compassion and concern for the people of Monpa.


Hearing this joyful news has filled us with great happiness. Therefore, with sincere humility, we earnestly request that, during your visit to the Mon region, you kindly grace Geyje Norling Monastery at Mon Zanglum with your presence. On that auspicious occasion, in honor of your visit, we also respectfully request Your Eminence to kindly bestow a concise introductory teaching on Buddhism to the local people and the students gathered there.
We respectfully make this humble announcement and prayer, hoping to receive your gracious acceptance....

PROGRAM
Time: 9:00 AM
1. On Wednesday, 15 July 2026
At a gathering of the public and students, Khen Rinpoche la will deliver an introductory teaching on Buddhism, followed by a question-and-answer session.

In the evening The students of Kuntse Detongkhar School will hold a Damcha chenmo ( debate session ).

2. On Thursday, 16 July 2026 Morning
Khen Rinpoche la will make an official visit to Kuntse Detongkhar School.

Thank you!

༄༅།།རྒྱལ་ཀུན་སྙིང་རྗེ་འདུས་ཞལ་འཛམ་གླིང་ཞི་བདེ་དེད་དཔོན་ཆེན་པོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་...
06/07/2026

༄༅།།རྒྱལ་ཀུན་སྙིང་རྗེ་འདུས་ཞལ་འཛམ་གླིང་ཞི་བདེ་དེད་དཔོན་ཆེན་པོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུམས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་སྐྱེ་འགྲོ་ཀུན་གྱི་མགོན་སྐྱབས་སུ་བསམ་བཞིན་དུ་སྐུའི་མཚན་དཔེ་བཞད་ནས་དགུང་ལོ་དགུ་བཅུ་གོ་གཅིག་བར་མཛད་འཕྲིན་ནམ་མཁའ་ལྟར་བསྐྱངས་བའི་བཀའ་དྲིན་འཇལ་དཀའ་བ་དང་། སླད་མར་ཡང་བསྟན་འགྲོའི་དོན་དུ་སྐུ་ཚེ་ཞབས་པད་ཡུན་གནས་ཡོང་བའི་གསོལ་བ་འདེབས་སོ།།👏🏻👏🏻👏🏻
Happy 91st Birthday to His Holiness the Dalai Lama!

06/06/2026
17/05/2026

༄༅།། ཟངས་ལུམ་མོ་མང་དགོན་པར་དབྱར་དུས་་ཟབ་སྦྱོང་ཉིན་༢༤ འདིའི་ནང་སློབ་མ་རྣམས་ལ་ཉམས་མྱོང་དང་ཤེས་ཡོན་གང་ཐོབ་པ་དེ་དག་ཕྱིར་རང་རང་གི་ས་གནས་སུ་ལོག་སྐབས། སློབ་གྲོགས་གཞན་ལ་ཁྱབ་སྤེལ་བྱ་རྒྱུའི་འགན་འཁུར་ཡོད་ལ། ཟབ་སྦྱོང་འདི་ཐོབ་པ་བརྒྱུད་དེ་སོ་སོ་ཡང་མ་འོངས་པར་མོན་རིག་གཞུང་དང་། མོན་པའི་སྤྱི་ཚོགས་ནང་འགན་འཁུར་ཐུབ་མཁན་ཞིག་ཆགས་དགོས་པ་གལ་ཆེན་པོ་ཡིན།

Address

Momang Gonpa
Tawang
LUMLADUTONGKHARCIRCLE 790106

Alerts

Be the first to know and let us send you an email when Gayje Norling Monastery Welfare Society posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Shortcuts

Share