Monyul Gyallo

Monyul  Gyallo Contact information, map and directions, contact form, opening hours, services, ratings, photos, videos and announcements from Monyul Gyallo, Religious organisation, khinmey monastery, tawang, Tawang.

ལེའུ་བདུན་མ་ལས།།སིནྡྷུ་རྒྱ་མཚོ་རོལ་པའི་མཚོ་གླིང་དུ།།མེ་ཏོག་པདྨ་འབར་བའི་སྡོང་པོ་ལ།།ཕ་དང་མ་མེད་རང་བྱུང་ཤུགས་ལས་བྱུང་།།རྒྱུ...
09/07/2022

ལེའུ་བདུན་མ་ལས།།
སིནྡྷུ་རྒྱ་མཚོ་རོལ་པའི་མཚོ་གླིང་དུ།།
མེ་ཏོག་པདྨ་འབར་བའི་སྡོང་པོ་ལ།།
ཕ་དང་མ་མེད་རང་བྱུང་ཤུགས་ལས་བྱུང་།།
རྒྱུ་དང་རྐྱེན་མེད་འགྲོ་བའི་དོན་ལ་བྱོན།།
ཞེས་གསུངས་པ་ལྟར་བོད་ཟླ་ལྔ་པའི་ཚེས་བཅུ་ལ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་གུ་རུ་པདྨ་མ་འབྱུང་གནས་མཆོག་ནུབ་ཕྱོགས་བདེ་བ་ཅན་ལས་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཐུགས་ཀའི་འོད་ཟེར་ལས་ཧྲི་ཡིག་དམར་པོ་སིནྡྷུ་རྒྱ་མཚོའི་གླིང་གི་མེ་ཏོག་པདྨའི་སྡོང་པོ་ལ་འཕྲོས་ཏེ། སྐུ་མཆོག་འཁྲུངས་པའི་དུས་བཟང་ཁྱད་པར་ཅན་གྱི་ཉིན་མོ་ལ། མོན་རྟ་དབང་མངའ་ཁུལ་ཐེག་རྩེ་གསང་སྔགས་ཆོས་འཁོར་གླིང་དགོན་པ་རུ་བསྟན་བདག་ཆེན་པོ་ ༸ སྐྱབས་རྗེ་ཐེག་རྩེ་སྐྱེ་ཕྲེང་བཅུ་བཞི་པ་ཆེན་པོ་འགྱུར་མེད་བློ་གསལ་རྒྱ་མཚོ་དཔལ་བཟང་པོ་མཆོག་གི་ཐུགས་བསྐྱེད་ལས་འཁྲུངས་པའི་སྨིན་གླིང་གི་ཕྱག་བཞེས་གར་འཆམས་མཐོང་གྲོང་ཆེན་མོ་ཉིན་དགུང་སྔོན་ལ་་་་་་་་དང་། ཉིན་དགུང་རྒྱབ་ཏུ་གུ་རུ་མཚན་བརྒྱད་ཀྱི་འཚམས་སོགས་འཕགས་པའི་དགེ་འདུན་ཡོངས་ནས། དད་ལྡན་མི་མང་རྣམས་ལ་མཇལ་བའི་བསྐལ་བཟང་དུ་བསྐྲུན་པའི་གཟིགས་མོ་འགའ་ཞིག་བཞུགས་སོ།།

Today is the 8th day of vajra guru recitation program at khinmey sang ngak Choi khor ling monastery...may peace prevail ...
07/07/2022

Today is the 8th day of vajra guru recitation program at khinmey sang ngak Choi khor ling monastery...may peace prevail 🙏🏻🙏🏻🙏🏻🙏🏻🙏🏻🙏🏻🙏🏻🙏🏻🙏🏻

༈  སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།གསོལ་བ...
06/07/2022

༈ སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།
གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག། ཅེས་གུས་ཕྱག་མངོན་དུ་ཕུལ་ནས། སྤྱིར་མ་རྒན་སེམས་ཅན་ཐམས་ཅད་དང་། བྱེ་བྲག་རང་ཅག་གངས་ཅན་ལྗོངས་པའི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུར་གྱུར་པ། འཛམ་གླིང་ཞི་བདེའི་འདེད་དཔོན་ཆེན་པོ་༸གོང་ས་ལྷ་མིའི་རྣམ་འདྲེན་ཐམས་ཅད་གཟིགས་པ་ཉིད་དགུང་གྲངས་གྱ་བདུན་སོན་པའི་འཁྲུངས་སྐར་དུ། གང་གི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་མཛད་འཕྲིན་ནམ་མཁའི་མཐའ་དང་མཉམ་པར་མཛད་དེ་བཞུགས་པའི་རྟེན་འབྲེལ་དུ་དམིགས་ཏེ། འདིར་ཁྱི་ཉན་སྔ་འགྱུར་གསང་སྔགས་ཆོས་འཁོར་གླིང་དགོན་པའི་བསྟན་བདག་༸སྐྱབས་རྗེ་ཐེག་རྩེ་རིན་པོ་ཆེ་མཆོག་གིས་གཙོས་པའི་མཁན་སློབ་དགེ་འདུན་འདུས་པ་རྒྱ་མཚོ་དང་མི་མང་ཡོངས་ནས་གང་གི་ཐུགས་ཀྱི་དགོངས་བཞེད་མ་ལུས་པ་འབད་མེད་ལྷུན་གྲུབ་ཏུ་ཡོང་ཞིང་། རི་རྒྱལ་ལྷུན་པོའི་བརྗིད་ཉམས་དང་མཚུངས་པའི་གང་གི་སྐུའི་ཚུགས་གཤིས་རྡོ་རྗེའི་ཁམས་སུ་བརྟན་པའི་སྨོན་ལམ་དུ་ཞབས་བརྟན་གསོལ་འདེབས་དང་། སྐུ་གསུམ་མཎྜལ་འདེགས་ཕུལ་སོགས་བྱས་པའི་སྣང་བརྙན་སྤྱན་འབུལ་ཞུའོ།།

༸རྒྱལ་བ་རིན་པོ་ཆེ་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུའོ།།

འཛམ་གླིང་བསྟན་པའི་སྲོག་ཤིང་ཁོང་གི་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག།།🙏🏻🙏🏻🙏🏻🙏🏻
06/07/2022

འཛམ་གླིང་བསྟན་པའི་སྲོག་ཤིང་ཁོང་གི་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག།།🙏🏻🙏🏻🙏🏻🙏🏻

བདེ་སྨོན་ལས།གཞན་གྱིས་དགེ་བ་བྱས་པ་ཐོས་པའི་ཚེ།།དེ་ལ་ཕྲག་དོག་མི་དགེའི་སེམས་སྤངས་ནས།།སྙིང་ནས་དགའ་བའི་རྗེས་སུ་ཡི་རངས་ན།།དེ་ཡི...
05/07/2022

བདེ་སྨོན་ལས།
གཞན་གྱིས་དགེ་བ་བྱས་པ་ཐོས་པའི་ཚེ།།
དེ་ལ་ཕྲག་དོག་མི་དགེའི་སེམས་སྤངས་ནས།།
སྙིང་ནས་དགའ་བའི་རྗེས་སུ་ཡི་རངས་ན།།
དེ་ཡི་བསོད་ནམས་མཉམ་དུ་ཐོབ་པར་གསུངས།། ཞེས་པ་ལྟར། འདི་རིང་གཟའ་དང་སྐར་མ་བཟང་བ་དང་སྟབས་བསྟུན་ནས་མོན་རྙིང་མ་དགོན་དུ་ལོ་ལྟར་དར་་ཆེན་སྦྱིན་བདག་གནང་མཁན་ཐེག་རྩེ་དགོན་གྱི་མཚམས་པ་བླ་མ་བྱམས་པ་ནང་མི་ནས་ད་ལོའི་ཆར་ཡང་སྦྱིན་བདག་གནང་བ་ལ་མོན་རྙིང་མའི་དགོན་གྱི་སྐུ་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞུ་གྲངས་མེད་ཞུ་རྒྱུ་དང་འབྲེལ། དར་ཆེན་འཕྱར་བའི་ཕན་ཡོན་གྱིས་རིགས་དྲུག་སེམས་ཅན་ཐམས་ཅད་གནས་སྐབས་ཀྱི་བར་ཆད་ཞི་ཞིང་། མཐར་ཐུག་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྨོན་ལམ་ཞུའོ།།🙏🏻🙏🏻🙏🏻🙏🏻

༈ ཇི་སྐད་དུ། སློབ་དཔོན་ཆེན་པོས།   དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་པའི་ཚེ༔   ནང་རེ་དགོང་རེ་བོདཀྱི་དོན་ལ་བྱོན༔   ཉི་ཟེར་འཆར...
05/07/2022

༈ ཇི་སྐད་དུ། སློབ་དཔོན་ཆེན་པོས།

དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་པའི་ཚེ༔
ནང་རེ་དགོང་རེ་བོདཀྱི་དོན་ལ་བྱོན༔
ཉི་ཟེར་འཆར་སྡུད་མདངས་ལ་ཆིབས་ཏེ་བྱོན༔
ཡར་ངོ་ཚེས་བཅུའི་དུས་སུ་བྱོན༔
འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ཅན༔ ཞེས་གསུངས་པ་ལྟར་བོད་ལྔ་པ་སྤྲེལ་གྱི་ཟླ་བར་འཇིག་རྟེན་ན་ནུས་མཐུ་འགྲན་ཟླ་དང་བྲལ་བ་སློབ་དཔོན་པོའི་འཁྲུངས་སྐར་ཚེས་བཟང་སྲུང་རྩི་ཞུ་ཕྱིར་དུ། རྒྱ་གར་བྱང་ཤང་མོན་ཡུལ་སྐྱིད་མོ་ལྗོངས་ཀྱི་ཡ་གྱལ་ཁྱི་ཉན་མས་སྔ་འགྱུར་གསང་སྔགས་ཆོས་འཁོར་གླིང་དགོན་དུ། རང་ཅག་མོན་པའི་ལྷ་སྐལ་ཨོ་རྒྱན་གུ་རུ་མི་ཡི་ཤ་གཟུགས་སུ་བྱོན་པ་མཚན་བརྗོད་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན་༸སྐྱབས་རྗེ་ཐེག་སྤྲུལ་བཅུ་བཞི་པ་ཆེན་པོ་འགྱུར་མེད་བློ་གསལ་རྒྱ་མཚོ་དཔལ་བཟང་པོས་དབུ་གཙོས་པའི་གདུང་སྲས་ཡེ་ཤེས་རྒྱལ་པོ་རིན་པོ་ཆེ་དང་། མཁན་སློབ་འཕགས་པའི་ཚོགས་དང་སྐྱ་སེར་མི་མང་ཡོངས་ནས་བླ་མ་གསང་འདུས་ཀྱི་སྒོ་ནས་ཚོགས་མཆོད་རྒྱ་ཆེན་པོ་དང་། བཛྲ་གུ་རུ་བྱེ་བ་ཕྲག་ཙམ་གསོག་བཞིན་པའི་མཐོང་གྲོལ་འགའ་ཞིག་གཟིགས་འབུལ་བགྱིའོ།།

༄༅།།ཨོ་རྒྱན་ཆེན་པོས།           ལེའུ་བདུན་མ་ལས།                           ང་ཡི་རྗེ་འཇུག་འཁོར་བ་སྤོང་འདོད་རྣམམས།          ...
04/07/2022

༄༅།།ཨོ་རྒྱན་ཆེན་པོས།
ལེའུ་བདུན་མ་ལས།
ང་ཡི་རྗེ་འཇུག་འཁོར་བ་སྤོང་འདོད་རྣམམས།
དད་གུས་མོས་པས་རྒྱུན་དུ་གསོལ་བ་ཐོབ།
རྩེ་གཅིག་གདུང་བའི་དབྱངས་ནི་འདི་ལྟ་སྟེ།
ཁྱེའུ་ཕ་མར་འབོད་འདྲའི་གདུང་དབྱངས་ལ།
པི་ཝཾ་གླིང་བུ་གདངས་ལྟར་སྙན་པ་ཡིས།
ཉིན་མཚན་དུས་དྲུག་རྣམས་སུ་གསོལ་བ་ཐོབ།
ཅེས་གསུངས་པ་བཞིན་དུ་འདིར་རྒྱ་གར་བྱང་ཤར་མོན་རྟ་དབང་ཁྱི་ཉན་དགོན་པའི་༧སྐྱབས་རྗེ་ཐེག་རྩེ་རིན་པོ་ཆེ་དང་གདུང་སྲས་གཉིས་ཀྱིས་གཙོས་པའི་མཁན་སློབ་དགེ་འདུན་ཡོངས་ནས་ཉིན་བཅུའི་རིང་བླ་མ་གསང་བ་འདུས་པའི་སྐྱིལ་འཁོར་ཞལ་ཕྱེས་ནས་བཛྲ་གུ་རུ་དང་ཚོགས་མཆོད་ལ་སོགས་པའཕུལ་བ་དང་དད་ལྡན་མི་མང་ཡོངས་ནས་བཛྲ་གུ་རུ་གསོག་བཞིན་པའི་བརྙན་པར་འགའ་ཞིག་སྤྱན་འབུལ་ཞུ།དགེའོ།།🙏🏻🙏🏻

Address

Khinmey Monastery, Tawang
Tawang
790104

Website

Alerts

Be the first to know and let us send you an email when Monyul Gyallo posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Share