Dorje Drak Monastery-The Northern Treasure Lineage ༼བྱང་གཏེར།༽

  • Home
  • India
  • Shimla
  • Dorje Drak Monastery-The Northern Treasure Lineage ༼བྱང་གཏེར།༽

Dorje Drak Monastery-The Northern Treasure Lineage ༼བྱང་གཏེར།༽ Dorje Drak is one of the six mother monastery of Nyingma Sect founded by H.H Taklung Tsetrul Rinpoche.

࿑ དེ་རིང་ཞོགས་པ་དགག་དབྱེ་སྐབས་ཀྱི་མཐོང་སྣང་ཟུར་ཞིག། Ritual of Releasing the Summer retreat rules on this morning.
11/09/2026

࿑ དེ་རིང་ཞོགས་པ་དགག་དབྱེ་སྐབས་ཀྱི་མཐོང་སྣང་ཟུར་ཞིག།
Ritual of Releasing the Summer retreat rules on this morning.

༄༅། །དེ་རིང་ཕྱི་དྲོ་འདི་ག་ཐུབ་བསྟན་རྡོ་རྗེ་བྲག་གི་གཙུག་ལག་ཁང་འདིར་སྤྱི་ལོ་༢༠༢༦ ལོའི་དབྱར་གནས་པའི་དུས་བཟང་དང་འབྲེལ་བའི་དག...
10/09/2026

༄༅། །དེ་རིང་ཕྱི་དྲོ་འདི་ག་ཐུབ་བསྟན་རྡོ་རྗེ་བྲག་གི་གཙུག་ལག་ཁང་འདིར་སྤྱི་ལོ་༢༠༢༦ ལོའི་དབྱར་གནས་པའི་དུས་བཟང་དང་འབྲེལ་བའི་དགག་དབྱེའི་སྦྱོར་ཆོས་ཀྱི་ཆོ་ག་གསུངས་འདོན་གནང་བ་དང་། དབྱར་མཁན་པོ་བླ་མ་ཐུབ་བསྟན་ཡེ་ཤེས་མཆོག་ནས་བསླབ་པ་ཚུལ་ཁྲིམས་ཀྱི་སྐོར་ཆོས་བཤད་གནང་ཡོད། དེ་བཞིན་བཤད་གྲྭའི་སློབ་གཉེར་བ་རྣམས་ནས་ཆོས་བཤད་དང་རྟགས་བསལ་གཏོང་མཐར་དབྱར་གནས་ནང་བཤད་གྲྭའི་སློབ་གཉེར་བ་རྣམས་འཆད་རྩོད་རྩོམ་གསུམ་གྱི་འགྲན་སྡུར་ལ་རྩེད་ཕུད་སོན་པ་རྣམས་ལ་གཟེངས་བསྟོད་བྱ་དགའ་ཕུལ་ཡོད།།
This afternoon Dorje Drak monastery marked the preliminary ceremony for releasing Summer Retreat Rules (conclusion of the 2026 Summer Retreat Yarne). Highlights included the Jorcho ritual, a talk on ethics by Lama Thubten Yeshe, student debates, and awards for top scholars in exposition, debate, and composition during Summer retreat! 🌸🙏

༄༅།  །དེ་རིང་བོད་ཟླ་བདུན་པའི་ཚེས་༢༥ མཁའ་འགྲོ་འབུམ་གྱི་དུས་ཆེན་ཉིན་དང་འབྲེལ་ཞིང་གཤེགས་དགེ་བའི་བཤེས་གཉེན་དམ་པ་མཁན་རིན་པོ་ཆ...
06/09/2026

༄༅། །དེ་རིང་བོད་ཟླ་བདུན་པའི་ཚེས་༢༥ མཁའ་འགྲོ་འབུམ་གྱི་དུས་ཆེན་ཉིན་དང་འབྲེལ་ཞིང་གཤེགས་དགེ་བའི་བཤེས་གཉེན་དམ་པ་མཁན་རིན་པོ་ཆེ་བསོད་ནམས་བཀྲ་ཤིས་མཆོག་གི་འདས་མཆོད་མཆོད་འབུལ་འཚོགས་ཡོད། ཞིང་གཤེགས་དམ་པ་ཁོང་ནི་འདི་ག་རྡོ་རྗེ་བྲག་བཤད་གྲྭ་སྔ་འགྱུར་མཐོ་སློབ་ཐུབ་བསྟན་ལུང་རྟོགས་བཤད་སྒྲུབ་ཕན་བདེ་གླིང་དུ་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་བཞིན་ལོ་མང་རིང་བཤད་གྲྭའི་འགན་འཛིན་གྱི་ཕྱག་ལས་གནང་ཡོད་པ་མ་ཟད། མདོ་སྔགས་རིག་གནས་གཞུང་ལུགས་བཅས་ཀྱི་འཆད་ཁྲིད་བཀའ་དྲིན་བསྐྱངས་གནང་ཡོད་པར་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་དགེ་འདུན་འདུས་པས་གསང་སྒྲུབ་དྲག་པོ་རྩལ་གྱི་སྒོ་ནས་འདས་མཆོད་ལོ་གཉིས་པར་ཚོགས་འཁོར་སྐོར་བའི་སྐུ་པར་འགའ་དད་ལྡན་ཡོངས་ལ་སྤྱན་འབུལ་ཞུ།
Today, on the 25th day of the seventh Tibetan lunar month the auspicious Dakini Day a memorial prayer and offering ceremony was held to honor the late Venerable Khen Rinpoche Sonam Tashi.
In accordance with the noble wishes of His Holiness Kyabje Taklung Tsetrul Rinpoche, Venerable Khen Rinpoche served for many years as the principal of the Dorje Drak Shedra (Nyingma Higher Institute Thubten Lungtok Shedup Phende Ling). Out of deep gratitude for his immensely gracious teaching of the Sutras, Tantras, and traditional fields of knowledge, the monastic community conducted a Tsog offering ritual based on the practice of Sangdrub Drakpo Tsal.

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༠༨ ཚེས་ ༢༩ རེས་གཟའ་སྤེན་པའི་སྔ་དྲོའི་ཆར་ཐུབ་བསྟན་རྡོ་རྗེ་བྲག་གི་བཤད་གྲྭ་སྔ་འགྱུར་མཐོ་སློབ་ཐུབ་བསྟན...
29/08/2026

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༠༨ ཚེས་ ༢༩ རེས་གཟའ་སྤེན་པའི་སྔ་དྲོའི་ཆར་ཐུབ་བསྟན་རྡོ་རྗེ་བྲག་གི་བཤད་གྲྭ་སྔ་འགྱུར་མཐོ་སློབ་ཐུབ་བསྟན་ལུང་རྟོགས་བཤད་སྒྲུབ་ཕན་བདེ་གླིང་དུ། དབྱར་གནས་པའི་དུས་བཟང་ཁྱད་པར་ཅན་དང་འབྲེལ་བགྲོ་གླེང་དམ་བཅའ་ཐེངས་བརྒྱད་པ་འཚོགས་གནང་ཡོད།

༡༽ དཔྱད་གླེང་བ་སྔ་མ། ལོ་རིམ་བདུན་པའི་སློབ་གཉེར་བ།
སྐྱོར་དཔོན་བཤད་སྒྲུབ་བློ་གཏེར་ཡོལ་མོ།

བརྗོད་གཞི། དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས། རང་རིག་དང་སྣང་བ་སེམས་སུ་འདོད་པ་ལ་དཔྱད་པ་ལུང་རིགས་ཆུ་གཏེར།

གཙོ་སྐྱོང་བ། སློབ་དཔོན་མི་ཕམ་རྣམ་རྒྱལ།

༢༽ དཔྱད་གླེང་བ་ཕྱི་མ། ལོ་རིམ་བདུན་པའི་སློབ་གཉེར་བ།
སྐྱོར་དཔོན་བཤད་སྒྲུབ་དབང་འབྱོར་ཤར་པ།

བརྗོད་གཞི། ཀུན་མཁྱེན་མི་ཕམ་རིན་པོ་ཆེས་མཛད་པའི་མཁས་པའི་ཚུལ་ལ་འཇུག་པའི་སྒོ་ལས། གཟུགས་ཕུང་ལ་དཔྱད་པ་བཤེས་གཉེན་དགྱེས་པའི་མཆོད་སྤྲིན།

གཙོ་སྐྱོང་བ། སློབ་དཔོན་བསྟན་འཛིན་བཤེས་གཉེན།

On the morning of Saturday, August 29, 2026, on the auspicious occasion of the Summer Retreat (Varshavasa), the 8th Scholastic Symposium was held at Ngagyur Higher Studies Institute Thubten Lungtok Shedrup Phende Ling (Dorje Drak Shedra).
1. First Speaker: 7th-Year Student, Assistant Instructor (Kyorpön) Shedup Loter Yolmo
Topic: An Ocean of Scripture and Reasoning: An Analysis of Self-Awareness (Svasaṃvedana) and the Mind-Only Appearance in the Commentary on the Ornament of the Middle Way (Madhyamakālaṃkāra) Titled 'Words of the Joyful Manjushri Guru'
Moderator: Lopon Mipham Namgyal

2. Second Speaker: 7th-Year Student, Assistant Instructor (Kyorpön) Shedup Wangchor Sharpa
Topic: An Offering Cloud to Delight Spiritual Masters: An Analysis of the Form Aggregate (Rūpaskandha) from 'The Gateway to Knowledge' (Khenjuk) composed by Mipham Rinpoche.
Moderator: Lopon Tenzin Shenyen.

༄༅། །བལ་བོད་ས་མཚམས་སུ་ཆུ་ལོག་གི་རྐྱེན་པས་གོད་ཆགས་ཆེན་པོ་བྱུང་འདུག་པར་འདས་གསོན་ཡོངས་ཀྱི་ཆེད་དུ་དམིགས་ཏེ་འདི་ག་འདུས་ཚོགས་ན...
27/08/2026

༄༅། །བལ་བོད་ས་མཚམས་སུ་ཆུ་ལོག་གི་རྐྱེན་པས་གོད་ཆགས་ཆེན་པོ་བྱུང་འདུག་པར་འདས་གསོན་ཡོངས་ཀྱི་ཆེད་དུ་དམིགས་ཏེ་འདི་ག་འདུས་ཚོགས་ནས་མཆོད་འབུལ་སྨོན་ལམ་གསུངས་ཡོད།
A solemn prayers was conducted by monks for all victims and those who passed away during the devastating floods in Nepal.

༄༅། །རྡོ་རྗེ་བྲག་བཤད་གྲྭ་སྔ་འགྱུར་མཐོ་སློབ་ཐུབ་བསྟན་ལུང་རྟོགས་བཤད་སྒྲུབ་ཕན་བདེ་གླིང་གི་སློབ་གཉེར་བ་རྣམས་ནས་དབྱར་གནས་པའི་...
21/08/2026

༄༅། །རྡོ་རྗེ་བྲག་བཤད་གྲྭ་སྔ་འགྱུར་མཐོ་སློབ་ཐུབ་བསྟན་ལུང་རྟོགས་བཤད་སྒྲུབ་ཕན་བདེ་གླིང་གི་སློབ་གཉེར་བ་རྣམས་ནས་དབྱར་གནས་པའི་དུས་བཟང་དང་འབྲེལ་རྩོད་རྒྱུགས་ཕུལ་བའི་མཐོང་སྣང་། སྤྱི་ལོ་༢༠༢༦ ཟླ་བ་ ༨ ཚེས ༢༡ ཉིན།།
Debate examinations presented by the students of Dorje Drak Shedra on the auspicious occasion of the Summer Retreat (Yarne). August 21, 2026.

࿑ ད་རིང་ཞོགས་པ་བཀྲ་ཤིས་པའི་གསོ་སྦྱོང་ཚོགས་སྐབས་ཀྱི་སྐུ་པར་འགའ། Tashi Pai Sojong amid Yarne Retreat.
20/08/2026

࿑ ད་རིང་ཞོགས་པ་བཀྲ་ཤིས་པའི་གསོ་སྦྱོང་ཚོགས་སྐབས་ཀྱི་སྐུ་པར་འགའ།
Tashi Pai Sojong amid Yarne Retreat.

རྒྱ་གར་རང་བཙན་དུས་དྲན་བསུ།🇮🇳 Happy Independence Day! स्वतंत्रता दिवस की हार्दिक शुभकामनाएंThis morning, we joyfully cele...
15/08/2026

རྒྱ་གར་རང་བཙན་དུས་དྲན་བསུ།
🇮🇳 Happy Independence Day!
स्वतंत्रता दिवस की हार्दिक शुभकामनाएं
This morning, we joyfully celebrated India’s 80th Independence Day at Dorje Drak Monastery with a flag hoisting ceremony, and a gathering of our monks and students.
May our country continue to flourish in peace, harmony, and unity. 🙏🇮🇳
Happy Independence Day to everyone!

࿐ཐུབ་བསྟན་རྡོ་རྗེ་བྲག་གི་བཤད་གྲྭ་ཐུབ་བསྟན་ལུང་རྟོགས་བཤད་སྒྲུབ་ཕན་བདེ་གླིང་གི་སློབ་གཉེར་བ་རྣམས་པའི་དབྱར་གནས་པའི་དུས་བཟང་ཁ...
14/08/2026

࿐ཐུབ་བསྟན་རྡོ་རྗེ་བྲག་གི་བཤད་གྲྭ་ཐུབ་བསྟན་ལུང་རྟོགས་བཤད་སྒྲུབ་ཕན་བདེ་གླིང་གི་སློབ་གཉེར་བ་རྣམས་པའི་དབྱར་གནས་པའི་དུས་བཟང་ཁྱད་པར་ཅན་དང་འབྲེལ་འཆད་རྩོད་རྩོམ་གསུམ་གྱི་ལས་རིམ་ལས། ད་རིང་སྤྱི་ལོ་༢༠༢༦ ཟླ་བ་༨ ཚེས་༡༤ ཉིན་ལོ་རིམ་དྲུག་པ་རྣམས་ཤེར་ཕྱིན་མངོན་རྟོགས་རྒྱན། ལོ་རིམ་གཉིས་པ་རྣམས་དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་དང་། ལོ་རིམ་དང་པོའི་སློབ་གཉེར་བ་རྣམས་ནས་སྤྱོད་འཇུག་བཅས་ལ་འཆད་རྒྱུགས་ཕུལ་ཡོད།

Today in connection with the special and auspicious occasion of the Summer Retreat (Yarnay) students of the Dorje Drak monastic college (Shedra)
presented their oral examination on exposition, as part of the sequence of teaching, debating, and composition.

༊ དབྱར་གནས་སྐབས་དགེ་འདུན་བསྙེན་བཀུར་དོད་ཀྱི་རིན་ཚད་གཤམ་གསལ་ལྟར་དད་ལྡན་གཏོང་ཕོད་ཅན་གྱི་སྦྱིན་པའི་བདག་ཡོངས་ནས་ཐུགས་ལ་མངའ་བ...
03/08/2026

༊ དབྱར་གནས་སྐབས་དགེ་འདུན་བསྙེན་བཀུར་དོད་ཀྱི་རིན་ཚད་གཤམ་གསལ་ལྟར་དད་ལྡན་གཏོང་ཕོད་ཅན་གྱི་སྦྱིན་པའི་བདག་ཡོངས་ནས་ཐུགས་ལ་མངའ་བར་ཞུ།།
Notice For the all generous Sponsors.

Address

Dorje Drak Monastery, Lower Panthaghati
Shimla
171009

Alerts

Be the first to know and let us send you an email when Dorje Drak Monastery-The Northern Treasure Lineage ༼བྱང་གཏེར།༽ posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Place Of Worship

Send a message to Dorje Drak Monastery-The Northern Treasure Lineage ༼བྱང་གཏེར།༽:

Shortcuts

Share