His Holiness Taklung Tsetrul Rinpoche

His Holiness Taklung Tsetrul Rinpoche His Holiness Taklung Tsetrul Rinpoche The Head Of Ngagyur Nyingmapa International-- Official Page Fa

བོད་རྒྱལ་ལོ་ ༢༡༥༠ རབ་གནས་ཆུ་མོ་ཡོས་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་རྟེན་འབྲེལ་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། Ha...
21/02/2023

བོད་རྒྱལ་ལོ་ ༢༡༥༠ རབ་གནས་ཆུ་མོ་ཡོས་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་རྟེན་འབྲེལ་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
Happy "LOSAR" Tashi Delek and wishing you all a very Happy and Prosperous Tibetan New Year 2023 (Water - Rapit-Year 2150).
举一杯青稞酒,为您及您的家人献上洁白的哈达,愿欢乐与微笑伴随您和家人,幸福安康!

༄༅།།ཡར་འབྲོག་དྲན་གླུ་  Yamdrok Dren Lhuཡར་འབྲོག་དྲན་བ་དང་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པ་༸སྐྱབས་རྗེ་སྟག་ལུང་རྩ...
09/01/2023

༄༅།།ཡར་འབྲོག་དྲན་གླུ་ Yamdrok Dren Lhu
ཡར་འབྲོག་དྲན་བ་དང་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པ་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་དྲན་གླུ་ Missing Song of Yamdrok and His Holiness Taklung Tsetul Rinpoche

༄༅།།ཡར་འབྲོག་དྲན་གླུ། Yamdrok Dren Lhu Missing Song of Yamdrok and His Holiness Taklung Tsetul Rinpoche Yangsi Rinpoche Reincarnation long life praying... ...

རྡོ་རྗེ་བྲག་དགོན་པའི་དགོན་བདག་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པ་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་ཡ...
15/12/2022

རྡོ་རྗེ་བྲག་དགོན་པའི་དགོན་བདག་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པ་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་ཡང་སྲིད་སྤི་སྟི་ནས་ཡིན་པ་འཇིགས་བྲལ་པདྨ་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོས་པའི་ཡབ་ཡུམ་སྐུ་འཁོར་རྣམས་ནས་དེ་རིང་ཕྱི་ཟླ་ ༡༢ ཚེས་ ༡༥ ཉིན་གྱི་སྔ་དྲོ་དྷརྨ་སཱ་ལཱའི་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་མཇལ་ཁ་ཞུས་ཡོད་པ་རེད།

༄༅། །རིས་མེད་བསྟན་འགྲོའི་དཔལ་མགོན། དཔལ་གསང་ཆེན་སྔ་འགྱུར་བསྟན་པའི་སྲོག་ཤིང་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་སློབ་...
28/11/2022

༄༅། །རིས་མེད་བསྟན་འགྲོའི་དཔལ་མགོན། དཔལ་གསང་ཆེན་སྔ་འགྱུར་བསྟན་པའི་སྲོག་ཤིང་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་སློབ་འབངས་ཡོངས་ཀྱི་སྙན་ལམ་དུ།
ཆེད་ཞུ།
དེ་ཡང་རང་ཅག་སློབ་འབངས་ཡོངས་ཀྱིས་རིང་ནས་རེ་སྒུག་ཞུ་བཞིན་པའི་རིགས་བདག་འཁོར་ལོའི་མགོན་པོ་ཞིང་གཤེགས་དམ་པ་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་གང་ཉིད། གཏེར་སྟོན་ཨ་པཾ་ཨྱོན་འཕྲིན་ལས་གླིང་པའི་སྐུ་སྤྲུལ་ཐམས་ཅད་མཁྱེན་པ་དཔལ་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོར་བླ་གྲྭ་ཐུན་མོང་ནས་གསོལ་འདེབས་ཞུས་པ་བཞིན་མགོན་པོ་གང་ཉིད་ནས་བཀའ་ལུང་ཞིབ་ཕྲ་སྔ་ཕྱི་རིམ་པར་ཕེབས་པ་ལྟར་འདི་གའི་ཡང་སྲིད་བཙལ་འཚོལ་ཚོགས་ཆུང་ངོས་ནས་བཀའ་ལུང་བཞིན་འཚོལ་ཞིབ་ཞིབ་ཕྲ་ཞུས་འབྲས། རྒྱ་གར་བྱང་ཕྱོགས་སྤྱི་ཏི་ (Spiti) ཡུལ་དུ་སྐུ་འཁྲུངས་ཤིང་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་བྱུང་བ་དང་། ད་ལམ་ཡང་སྲིད་རིན་པོ་ཆེ་ཡབ་ཡུམ་སྐུ་འཁོར་ལྷན་རྒྱས་ཕྱི་ལོ་༢༠༢༢ ཟླ་བ་༡༡ ཕྱི་ཚེས་༢༨ ཉིན་གོང་མའི་གདན་ས་སིམ་ལ་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝཾ་ལྕོག་སྒར་ཆོས་འཁོར་རྣམ་རྒྱལ་གླིང་དུ་ཞབས་པད་བཀྲ་ཤིས་ཀྱི་རེ་ཁ་མངོན་པར་འཁོད་དེ་སྐུ་གོང་མའི་སྲས་ཀྱི་ཐུ་བོ་སྔ་འགྱུར་བསྟན་པའི་སྒྲོན་མེ། བྱང་གཏེར་བསྟན་པའི་སྲོག་ཤིང་༸སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་ནས་དབུ་སྐྲ་གཙུག་ཕུད་དང་སྐུ་ཁྲུས་ན་བཟའ་གསོལ་གནང་རྒྱུས་མཚོན་པའི་རྟེན་འབྲེལ་མཛད་སྒོ་མདོར་བསྡུས་ཞུ་རྒྱུ་དང་། ཁྲི་འདོན་མཛད་སྒོ་དངོས་གཞི་རྗེས་སུ་གནང་རྒྱུ་ལགས་ན། ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་གོང་མའི་རྣམ་ཐར་བདག་གིར་བཞེས་ཐུབ་པའི་སྨོན་འདུན་བཅས།། སིམ་ལ་ཐུབ་བསྟན་རྡོ་རྗེ་བྲག་འདུས་སྤྱིའི་ཡིག་ཚང་ནས། ཕྱི་ལོ་༢༠༢༢ ཟླ་བ་ ༡༡ ཚེས་ ༢༧ ཉིན།

OFFICIAL ANNOUNCEMENT OF THE RECOGNITION OF HIS HOLINESS TAKLUNG TSETRUL RINPOCHE’S REINCARNATION!

To all devotees of His Holiness Taklung Tsetrul Rinpoche,

It is a matter of great joy and pleasure to inform all the disciples and well-wishers of His Holiness Taklung Tsetrul Rinpoche residing around the globe.

After several please made by disciples to the Master of non-sectarian teachings and reincarnation to Terton Apam Orgyen Trinle Lingpa, His Holiness Kyabgon Sakya Gongma made detailed prophecies instrumental in unmistakenly identifying the child.

According to instructions, the Yangsi Search Committee found the Yangsi in Spiti, Himachal Pradesh, the northern part of India.

On 28th November 2022, the Yangsi Rinpoche will bless with his presence seat, Thupten Dorje Drak Aewam Chokgar Chhokhor Namgyal Ling, & H.E. Namkhai Nyingpo Rinpoche a heart son to predecessor and a beacon of Ancient Translation School, will perform the hair-cutting ceremony etc.

We will inform later about the enthronement ceremony.

May Yangsi Rinpoche live for eons and emulate his predecessor.

Thank You!

Dorje Drak Monastery Administration office.

10/05/2022

༄༅། །༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་མྱུར་བྱོན་གསོལ་འདེབས་བཞུགས་སོ།།
Swift Rebirth Prayer for Kyabje Taklung Tsetrul Rinpoche


སྤངས་རྟོགས་མཐར་ཕྱིན་ཐུབ་དབང་ལྷ་ཡི་ལྷ།།
pangtok tarchin tupwang lhayi lha
Perfect in relinquishment and realization is the Lord of Sages, the God among Gods;

རྒྱལ་ཀུན་གཅིག་བསྡུས་མཚོ་སྐྱེས་རྡོ་རྗེ་འཆང་།།
gyalkun chikdü tsokye dorje chang
The single essence of all the buddhas is the Lake-born Vajradhara;

མཆོག་གི་སྤྲུལ་སྐུ་རིག་འཛིན་རྒོད་ལྡེམ་གྱིས།།
chokgi trulku rigdzin gödem gyi
And the supreme emanation is Rigdzin Gödem—

བདག་གིས་གསོལ་འདེབས་འགྲུབ་པའི་མཐུན་འགྱུར་མཛོད།།
dakgi söldeb drupé thungyur dzö
May you all support the accomplishment of my supplication!

སྐྱབས་གཅིག་དྲིན་ཅན་བླ་མ་དེང་འདིར་དགོངས།།
kyapchik drinchen lama dengdir gong
My only refuge, kindest lama, please heed this.

མགོན་ཁྱོད་བསྐལ་མང་གོང་ནས་ཐུགས་བསྐྱེད་བཞིན།།
gönkhyö kalmang gongne thugkyé shin
Just as you, the protector, made aspirations many eons ago,

འགྲོ་ཀུན་བརྩེ་བས་འདོར་བ་མི་མངའ་ཡང་།།
drokün tsewé dorwa minga yang
And even though out of your compassion you never abandon any being,

བདག་སོགས་ཉེས་པས་གནོང་ངོ་སྙིང་ནས་བཤགས།།
daksok nyepé nongngo nyingné shak
We regret all our faults, and confess them from our hearts.

མདོ་སྔགས་བཤད་སྒྲུབ་ཆོས་ཀྱི་ཉིན་བྱེད་ཀྱི།།
dongak shedrup chökyi nyinjé kyi
You illuminate the study and practice of both the sutra and ta**ra teachings

ཕྲིན་ལས་འོད་སྟོང་དཔལ་འབར་མཛད་བཟང་པོས།།
trinlé ötong palbar dzesang pö
With the thousand rays of your noble activity’s blazing glory—

འགྲོ་བའི་རྨོངས་པའི་སྨག་རུམ་སེལ་སླད་དུ།།
drowé mongpé makrum sellé du
In order to dispel the darkness of all beings’ ignorance,

སྤྲུལ་པའི་ཟློས་གར་མྱུར་དུ་སྣང་མཛད་གསོལ།།
trulpé dögar nyurdu nangdzé söl
Please swiftly illuminate your emanation's display!

དེ་ལྟར་རྩེ་གཅིག་གསོལ་བཏབ་བསླུ་མེད་མཐུས།།
detar tsechik soltap lumé thüi
By the infallible power of this single-pointed supplication,

ཐུབ་བསྟན་སྤྱི་དང་སྔ་འགྱུར་བསྟན་པའི་རྒྱན།།
thubten chidang ngagyur tenpé gyen
May the supreme emanation utterly beautified with the nine noble qualities,

དམ་པའི་ཚུལ་དགུས་རབ་མཛེས་མཆོག་གི་སྤྲུལ།།
dampé tsulgü rapdze chokgi trul
The ornament of the teachings of Lord Buddha in general and the Nyingma teachings in particular,

མྱུར་བྱོན་འགྲོ་བའི་མགོན་དུ་རྟག་བརྟན་ཤོག །
nyurjön drowé göndu takten shok
Return swiftly and remain firm as the protector of beings!

ཅེས་པའང་རྗེ་བླ་མ་མཆོག་དགོངས་པ་ཆོས་དབྱིངས་སུ་བསྡུ་བའི་ཉིན་མོར། གང་གི་སྐུ་ཚ་བོ་དཔལ་འབྱོར་ནས་སྐད་ཕྲིན་གྱི་ལམ་ནས་དང་། ཉེ་བར་གནས་པ་མཁར་ཆུའི་མཁན་སློབ་བཅས་པས་འདི་ལྟར་འབྲི་ཞེས་ལྷ་རྫས་ཀྱི་རྟེན་བཅས་བསྐུལ་བ་བཞིན། ནམ་སྙིང་སྤྲུལ་སྐུ་གཞན་ཕན་བྱམས་པའི་གོ་ཆ་བསྟན་འཛིན་རྒྱལ་མཚན་གྱིས་དད་འདུན་རྩེ་གཅིག་པས་དཔལ་ལྡན་བླ་མ་མཆོག་ལ་གསོལ་བ་བཏབ་བཞིན་མཚམས་མལ་ནས་གང་དྲན་བྲིས་ཏེ་ཕུལ།
On the day when the lord and supreme master’s wisdom mind entered into the dharmadhatu, his nephew Paljor messaged me, and also, my disciples near me, the khenpos and lopons of Kharchu monastery, requested me with a khata offering to compose a swift rebirth prayer. As such, I, Tulku Namkhai Nyingpo Shenphen Jampé Gocha Tenzin Gyaltsen, wrote this on my retreat bed whilst single-pointedly supplicating the glorious master with great devotion.

As a sincere and heartfelt offering for our root guru, Kyabje Taklung Tsetrul Rinpoche, and his English speaking students worldwide, this prayer was translated on 24th December 2015, by Khenpo Sonam Tsewang and edited by Ven. Konchog Norbu, both of whom are students of Kyabje Rinpoche. May he swiftly return for the sake of all..

དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པ་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རྡོ་རྗེ་འཆང་ཆེན་པོ་མཆོག་དེ་རིང་འཕགས་ཡ...
03/01/2015

དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པ་༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རྡོ་རྗེ་འཆང་ཆེན་པོ་མཆོག་དེ་རིང་འཕགས་ཡུལ་རྡེ་ར་རྡུན་འོག་མིན་ཨྱོན་སྨིན་གྲོལ་གླིང་དུ་ཞབས་སོར་འཁོད་པའི་རྣམ་པ།Today H.H. Taklung Tsetul Rinpoche arrived in Mingdrilin Monastery! 今天宁玛派大法王达隆孜朱仁坡切来到了印度敏朱林佛学院。

01/11/2014

HIS HOLINESS TALKLUNG TSETUL RINPOCHE LA IS BACK TO INDIA ... SHIMLA

Address

Shimla
171009

Telephone

+911772621375

Website

Alerts

Be the first to know and let us send you an email when His Holiness Taklung Tsetrul Rinpoche posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Place Of Worship

Send a message to His Holiness Taklung Tsetrul Rinpoche:

Share