Namdroling Monastery Dratsang

Namdroling Monastery Dratsang ​This is the official page of Namdroling Monastery, also known as The Golden Temple.​
(1)

༄༅། །ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་གྲྭ་ཚང་དང་སློབ་གྲྭའི་དགེ་འདུན་པ་རྒན་པ་ཡོངས་ནས་གཟའ་འཁོར་གཅིག་གི་རིང་གཏེར...
27/08/2026

༄༅། །ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་གྲྭ་ཚང་དང་སློབ་གྲྭའི་དགེ་འདུན་པ་རྒན་པ་ཡོངས་ནས་གཟའ་འཁོར་གཅིག་གི་རིང་གཏེར་ཆེན་ཀརྨ་གླིང་པའི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་དང་འབྲེལ་ཏེ་གནམ་ཆོས་ཛཾ་བྷ་ལ་ཉི་ཤུ་རྩ་གཅིག་གི་གཡང་སྐྱབས་བསྒྲུབས་པ་དང་། ​དེ་རིང་དད་ལྡན་མི་མང་ཡོངས་ནས་དུས་རྒྱུན་དགོན་པར་གཤིན་པོའི་བསྔོ་རྟེན་ཕུལ་བ་ཐམས་ཅད་ཀྱི་ཆེད་དུ་གནས་འདྲེན་འགྲོ་དྲུག་རང་གྲོལ་གྱི་ཆོ་ག་གསུངས་ཤིང་། དེ་དང་ལྷན་དུ་བལ་བོད་ས་མཚམས་སུ་ཆུ་ལོག་དང་ས་རུད་ཆེན་པོའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་པ་དང་གནོད་འཚེ་ཕོག་མཁན་ཡོངས་ལ་ཐུགས་སྨོན་གནང་ཡོད།

Senior monastics at Namdroling Monastery (The Golden Temple) completed a week-long Namchö 21 Dzambhalas prosperity ritual alongside Terton Karma Lingpa's Zhitro Gongpa Rangdrol practice.
Today, they performed the Nedren Drodrug Rangdrol (Guidance Ritual for the Deceased: Self-Liberation of the Six Realms) for all those who have passed away on whose behalf the faithful public routinely offered dedication contributions to the monastery, and offered prayers for victims of the Nepal-Tibet border floods and landslides.

On the morning of August 26, 2026, Namdroling Monastery (The Golden Temple) had the honor of receiving a courtesy visit ...
26/08/2026

On the morning of August 26, 2026, Namdroling Monastery (The Golden Temple) had the honor of receiving a courtesy visit from the Additional Deputy Commissioner (ADC) of Mysuru.

༄༅། །རྡོར་གདན་སྔ་འགྱུར་རྙིང་མའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་སྐབས་ ༣༨ པའི་ལས་བྱེད་དང་འབྲེལ་བའི་གལ་ཆེའི་གསལ་བསྒྲགས།Im...
25/08/2026

༄༅། །རྡོར་གདན་སྔ་འགྱུར་རྙིང་མའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་སྐབས་ ༣༨ པའི་ལས་བྱེད་དང་འབྲེལ་བའི་གལ་ཆེའི་གསལ་བསྒྲགས།

Important Announcement Concerning Staff Members of the 38th Nyingma Monlam Chenmo for World Peace at Bodh Gaya

༄༅། །དབྱར་གནས་ཀྱི་དུས་ཚོད་དང་བསྟུན་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་གྲྭ་ཚང་དང་སློབ་གྲྭའི་དགེ་འདུན་པ་རྒན་པ་ཡོང...
21/08/2026

༄༅། །དབྱར་གནས་ཀྱི་དུས་ཚོད་དང་བསྟུན་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་གྲྭ་ཚང་དང་སློབ་གྲྭའི་དགེ་འདུན་པ་རྒན་པ་ཡོངས་ནས་བོད་ཟླ་ ༠༦ པའི་ཚེས་ ༢༤ ནས་བོད་ཟླ་ ༠༧ པའི་ཚེས་ ༠༡ བར་གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་རྩ་གསུམ་སྤྱིའི་ལས་བྱང་དང་འབྲེལ་ཏེ་འཕྲིན་བཅོལ་རྒྱས་པར་བསྒྲུབས་པ་དང་། བོད་ཟླ་ ༠༧ པའི་ཚེས་ ༠༢ ནས་ཚེས་ ༠༨ བར་གཏེར་སྟོན་མ་ཏི་རཏྣའི་གཏེར་བྱོན་མཁའ་འགྲོ་བདུད་འདུལ་སེང་གདོང་མའི་གཏོར་བཟློག་སྒྲུབ་པའི་སྐབས།

During the summer retreat (Yarné) at Namdroling Monastery (The Golden Temple), monks performed the Namchö Three Roots ritual from August 7th to 13th, followed by the Lion-Faced Dakini (Sengdongma) torma ritual from August 14th to 20th.

༄༅། །དབྱར་གནས་ཀྱི་དུས་དང་བསྟུན་བོད་ཟླ་ ༠༧ པའི་ཚེས་ ༠༨ ཉིན་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་གླིང་དུ་བཤད་གྲྭ་ཁག་གཉིས་ཀྱི་དགེ...
20/08/2026

༄༅། །དབྱར་གནས་ཀྱི་དུས་དང་བསྟུན་བོད་ཟླ་ ༠༧ པའི་ཚེས་ ༠༨ ཉིན་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་གླིང་དུ་བཤད་གྲྭ་ཁག་གཉིས་ཀྱི་དགེ་སློབ་ཡོངས་ནས་བཀྲ་ཤིས་པའི་གསོ་སྦྱོང་མཛད་པའི་སྐབས།

On August 20th, during the summer retreat (Yarne), all teachers and students from the two monastic colleges at Namdroling Monastery (The Golden Temple) performed the auspicious Sojong purification ritual.

Held in prayers, resting in deep silence
16/08/2026

Held in prayers, resting in deep silence

Happy 80th Independence Day  स्वतंत्रता दिवस की हार्दिक शुभकामनाएं!
15/08/2026

Happy 80th Independence Day

स्वतंत्रता दिवस की हार्दिक शुभकामनाएं!

གསོ་སྦྱོང་གི་གླེང་གཞི་དང་དགོས་པ།  The background and purpose of Sojong practice
09/08/2026

གསོ་སྦྱོང་གི་གླེང་གཞི་དང་དགོས་པ།

The background and purpose of Sojong practice

འཕགས་པ་འཁར་གསིལ་གྱི་མདོ་དང་འཁར་གསིལ་འཆང་བའི་ཀུན་ཏུ་སྤྱོད་པའི་ཆོ་གThe Sutra on the Ringing Staff  and The Rite for the Pr...
06/08/2026

འཕགས་པ་འཁར་གསིལ་གྱི་མདོ་དང་འཁར་གསིལ་འཆང་བའི་ཀུན་ཏུ་སྤྱོད་པའི་ཆོ་ག

The Sutra on the Ringing Staff and
The Rite for the Protocols Associated with Carrying the Ringing Staff

༄༅། །བོད་ཟླ་ ༦ པའི་ཚེས་ ༡༧ ནས་བཟུང་། དབྱར་གནས་ཀྱི་དུས་ཚོད་དང་བསྟུན་ཏེ་བདུན་དང་པོའི་རིང་། ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་...
05/08/2026

༄༅། །བོད་ཟླ་ ༦ པའི་ཚེས་ ༡༧ ནས་བཟུང་། དབྱར་གནས་ཀྱི་དུས་ཚོད་དང་བསྟུན་ཏེ་བདུན་དང་པོའི་རིང་། ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་གྲྭ་ཚང་དང་སློབ་གྲྭའི་དགེ་འདུན་པ་རྒན་པ་ཡོངས་ནས། རྒྱལ་བསྟན་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། བསྟན་འཛིན་སྐྱེས་བུའི་ཞབས་པད་བརྟན་ཅིང་བཞེད་དོན་ལྷུན་གྱིས་གྲུབ་པ། སྣོད་བཅུད་ཀྱི་འགལ་རྐྱེན་ཡོངས་སུ་སེལ་བ། ཁྱད་པར་དུ་འཁོར་ལོ་གསུམ་གྱི་བྱ་བ་གོང་དུ་འཕེལ་བ། སྐྱབས་རྟེན་དང་བསྔོ་རྟེན་འབུལ་མཁན་སོགས་དགོན་འདི་དང་འབྲེལ་ཡོད་ཡོངས་ཀྱི་ཡིད་ལ་འདོད་པ་ཀུན་འགྲུབ་པ། དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་འགྲུབ་ཅིང་འབྲེལ་ཚད་ཕན་བདེའི་ས་ལ་སྦྱོར་བ་སོགས་ཀྱི་ཆེད། ཀློང་ཆེན་སྙིང་ཐིག་རིག་འཛིན་ཐུགས་སྒྲུབ་དཔལ་ཆེན་འདུས་པའི་ལས་བྱང་དང་འབྲེལ་ནས་ཆོས་སྐྱོང་སྤྱི་དང་མ་གཟའ་དམ་གསུམ། གནོད་སྦྱིན་ཙིའུ་དམར་པོའི་གསོལ་མཆོད་རྒྱས་པར་སྒྲུབ་བཞིན་པ།

Beginning July 31 to August 6, senior monastics at Namdroling Monastery are conducting a week-long prayer and offering ceremony during the Summer Retreat (Yarne).
Following the Rigdzin Thugdrub Palchen Duepa texts, offerings are dedicated to the Dharma Protectors, primary guardians, and specifically Tsiu Marpo.
Purposes:
Flourishing of the Dharma and longevity of spiritual masters.
Removal of obstacles and harmony for all beings.
Success of monastery activities and fulfillment of wishes for all sponsors and connected individuals.

Address

(The Golden Temple) Namdroling Monastery P. O. Bylakuppe District Mysore/State
Mysore
571104

Opening Hours

Monday 7am - 6pm
Tuesday 7am - 6pm
Wednesday 7am - 6pm
Thursday 7am - 6pm
Friday 7am - 6pm
Saturday 7am - 6pm
Sunday 7am - 6pm

Website

Alerts

Be the first to know and let us send you an email when Namdroling Monastery Dratsang posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Shortcuts

Share