Sera Jey Tsawa Khangtsen Events and Announcements

Sera Jey Tsawa Khangtsen Events and Announcements Sera Jey Tsawa Khangtsen Bylakuppe

བལ་ཡུལ་ཀོ་པན་དཔལ་འོག་མིན་བྱང་ཆུབ་ཆོས་གླིང་གི་མཁན་ཟུར་རིན་པོ་ཆེ་དགེ་བཤེས་ལྷུན་གྲུབ་རིག་གསལ་མཆོག་གི་ཡང་སྲིད་ཐུབ་བསྟན་རིག་ག...
19/02/2024

བལ་ཡུལ་ཀོ་པན་དཔལ་འོག་མིན་བྱང་ཆུབ་ཆོས་གླིང་གི་མཁན་ཟུར་རིན་པོ་ཆེ་དགེ་བཤེས་ལྷུན་གྲུབ་རིག་གསལ་མཆོག་གི་ཡང་སྲིད་ཐུབ་བསྟན་རིག་གསལ་རིན་པོ་ཆེ་དེ་ཉིད་ ༢༠༢༤ ལོའི་ཕྱི་ཟླ་ ༢ ཚེས་ ༡༧ ཉིན་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མདུན་དུ་དགེ་ཚུལ་གྱི་སྡོམ་པ་ལེགས་པར་ཐོབ་པར་བྱེས་ཚ་བ་ཁང་ཚན་གྱི་འདུས་མངས་ཡོངས་ནས་བཀྲ་ཤིས་བདེ་ལེགས་དང་། སྐུ་གོང་མའི་རྣམ་ཐར་ཚུལ་བཞིན་སྐྱོང་བ་མ་ཟད་སྐུ་ཚེ་ཡུན་དུ་བརྟན་ཅིང་མཛད་འཕྲིན་ཡུན་གྲུ་ཀུན་ཏུ་དར་རྒྱས་ཡོང་བའི་སྨོན་འདུན་ཞུ།

A glimpse of Lama Thupten Rigsel, The reincarnation of the former Abbot of Kopan Monastery, Lama Lhundup Rigsel taking The Novice monk vows from His Holiness The 14th Dalai Lama. We the monks of Sera Jey Tsawa khangtsen offer our heartfelt and sincerest well wishes and prayers. May your effort and endeavour to benefit the Sentient beings be same as the previous Gurus and expand Ever so more.

The Office of Sera Jey Tsawa Khangtsen, 19th Feb 2024

༄༅།།  ཕྱི་ལོ་ ༢༠༢༢ ལོའི་༨ ཚེས་༡ ཉིན་སེར་བྱེས་ཚ་བ་ཁང་ཚན་ཀྱི་ཁང་ཚན་རྒན་ཕུན་ཚོགས་རྣམ་རྒྱལ་དང་། ཆབ་རིལ་ཐུབ་བསྟན་བསྟན་འཛིན། ག...
01/08/2022

༄༅།། ཕྱི་ལོ་ ༢༠༢༢ ལོའི་༨ ཚེས་༡ ཉིན་སེར་བྱེས་ཚ་བ་ཁང་ཚན་ཀྱི་ཁང་ཚན་རྒན་ཕུན་ཚོགས་རྣམ་རྒྱལ་དང་། ཆབ་རིལ་ཐུབ་བསྟན་བསྟན་འཛིན། གཉེར་པ་བློ་བཟང་གྲགས་པ། བསྟན་པ་ཆོས་འཕེལ། དཀོར་གཉེར་ཚེ་དབང་བློ་གྲོས་སོགས་ཀྱིས་ལོ་གཅིག་གི་རིང་ལྷག་བསམ་རྣམ་དག་གི་སྒོ་ནས་རང་ནུས་གང་ལྕོགས་ཀྱི་དགེ་འདུན་འདུས་དམངས་ལ་ཞབས་ཕྱི་ཚུར་བཞིན་བསྒྲུབས་པ་མ་ཟད་དེ་རིང་བོད་ཟླ་དྲུག་པའི་ཚེས་བཞི་ཆོས་འཁོར་དུས་ཆེན་ཉིན་མོར་སྤྱི་དོན་ལེགས་གྲུབ་བྱུང་བའི་དགེ་བའི་རྩ་བ་འདིས་༧ གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་དབུས་དཔལ་ལྡན་བླ་མ་རྣམས་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་། དགེ་བཤེས་མིང་རྟགས་ཀྱི་མཚོན་པའི་རྣམ་དཀར་ཆོས་ལྡན་གྱི་བྱ་བ་མཐའ་དག་གེགས་མེད་ཡིད་བསམ་ལྟར་འགྲུབ་པ་དང་། ཁང་ཚན་གྱི་ལས་སྣེ་གསར་པ་རྣམས་ཀྱི་ལས་དོན་མཐའ་དག་ལམ་ལྷོངས་ཡོང་བ་སོགས་སེར་བྱེས་ཚ་བ་ཁང་ཚན་གྱི་མཁན་བླ་འདུས་མང་ཡོངས་ཀྱི་ཚབ་ཞུས་ནས་ལེགས་གསོལ་བསྔགས་བརྗོད་ཞུ་བ་དང་སླད་དོན་གེགས་མེད་ལམ་ལྷོངས་ཆོས་བཞིན་འགྲུབ་པ་ལ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་སྤྱན་སྔར་གསོལ་འདེབས་ཕུར་ཚུགས་སུ་འདེབས་པ་ལགས་སོ།།

སེར་བྱེས་ཚ་བ་ཁང་ཚན་གྱི་ཡིག་ཚང་ནས་
ཕྱི་ལོ་༢༠༢༢ལོའི་༨ ཚེས་ ༡ ཉིན།

On 1st august 2022, the auspicious day of the Buddha Sakya muni's First turning of the wheel of Dharma; The house disciplinarian Phuntsok Wangyal; The Assitant house disciplinarian Thupten Tenzin; The shop manager Lobsang Dakpa and Tenpa Choephel; The temple manager Tsewang Lodoe have successfully completed their one year of tireless and dedicated service to the monks of Sera Jey Tsawa Khangtse; On the behalf of the Lamas, Geshes and monks of Sera Jey Tsawa Khangtsen, we would like to forward our congratulations to all of you. May by the power of the merits of this virtuous deed; His Holiness the Dalai lama, Panchen Lama and all of the most highest and excellent Lamas live a long and healthy life; May their blessings be upon all and Mother sentient beings and May all of the mother sentient beings with their guidance achieve Buddha-hood.
From the Office of Sera Jey Tsawa Khangtsen
1st august 2022

ཁམས་ཚན་གྱི་རིག་གནས་འཆད་འཁྲིད་འདི་ཉིད་དབུ་བཙུགས་པ་ནས་བཟུང་ལོ་ལྟར་གཙོ་བོར་རང་ཁོངས་སློབ་གཉེར་བ་བསྡུས་ཆུང་འཛིན་གྲྭ་ནས་ཕར་ཕྱི...
28/07/2022

ཁམས་ཚན་གྱི་རིག་གནས་འཆད་འཁྲིད་འདི་ཉིད་དབུ་བཙུགས་པ་ནས་བཟུང་ལོ་ལྟར་གཙོ་བོར་རང་ཁོངས་སློབ་གཉེར་བ་བསྡུས་ཆུང་འཛིན་གྲྭ་ནས་ཕར་ཕྱིན་འཛིན་གྲྭ་བར་གྱི་དགེ་འདུན་པ་རྣམས་དང་། གཞན་ཡང་དོན་གཉེར་ཅན་སྐྱ་སེར་རིས་མེད་ལ་རིག་གནས་ཡར་རྒྱས་ཆེད། སུམ་རྟགས་དང་། སྙན་ངག རྩོམ་རིག་སོགས་ཁྲིད་དང་ཁྲིད་བཞིན་པ་ལྟར་འདི་ལོ་ཡང་ལྷ་རམས་པ་རྒན་ངག་དབང་འཕྲིན་ལས་དང་། རྒན་བྱམས་པ་སྐལ་བཟང་གཉིས་ཀྱིས་ཕྱི་ཟླ་༧ པའི་ཚེས་༢༧ རེས་གཟའ་ལྷག་པ་དགེ་བའི་ཉིན་འཆད་འཁྲིད་ཉིན་དང་པོའི་འཛིན་གྲྭ་ཡར་ཚོགས་སྐབས་བླངས་པའི་དཔར་འགའ་བཞུགས་སོ།

A glimpse of the on going classes on the Tibetan writing system and Tibetan grammar; The classes have started on 27th July 2022; The class includes the classical Tibetan grammatical text Thirty taught by Venerable Gen Jampa Kalsang and Grammatical distinction of the system of sound based on the masculinity and femininity of basic sounds taught by Gen Ngawang Thinley along with Tibetan literature writing classes and poetry writing classes by the two esteemed teachers.

ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་༢༦ ཉིན་སེར་བྱེས་ཚ་བ་ཁང་ཚན་ཀྱི་གཉེར་པ་བློ་བཟང་གྲགས་པ་དང་གཉེར་པ་བསྟན་པ་ཆོས་འཕེལ་གཉིས་ཀྱིས་ལོ་གཅིག་ག...
26/07/2022

ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་༢༦ ཉིན་སེར་བྱེས་ཚ་བ་ཁང་ཚན་ཀྱི་གཉེར་པ་བློ་བཟང་གྲགས་པ་དང་གཉེར་པ་བསྟན་པ་ཆོས་འཕེལ་གཉིས་ཀྱིས་ལོ་གཅིག་གི་རིང་ལྷག་བསམ་རྣམ་དག་གི་སྒོ་ནས་རང་ནུས་གང་ལྕོགས་ཀྱི་དགེ་འདུན་འདུས་དམངས་ལ་ཞབས་ཕྱི་ཚུར་བཞིན་བསྒྲུབས་པ་མ་ཟད་དེ་རིང་རེས་གཟའ་མིག་དམར་ཉིན་དགེ་འདུས་འདུས་པ་རྒྱ་མཚོར་བསྙེན་བཀུར་ཚོམས་ཇ་བཞེས་བག་སྐུ་འགྱེད་གསོལ་ཚིགས་ཉིན་འཁྱོངས་བཅས་ཟབ་རྒྱས་ཕུལ་བའི་སྤྱི་དོན་ལེགས་གྲུབ་བྱུང་བའི་དགེ་བའི་རྩ་བ་འདིས་༧ གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་དབུས་དཔལ་ལྡན་བླ་མ་རྣམས་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་། དགེ་བཤེས་མིང་རྟགས་ཀྱི་མཚོན་པའི་རྣམ་དཀར་ཆོས་ལྡན་གྱི་བྱ་བ་མཐའ་དག་གེགས་མེད་ཡིད་བསམ་ལྟར་འགྲུབ་པ་སོགས་སེར་བྱེས་ཚ་བ་ཁང་ཚན་གྱི་མཁན་བླ་འདུས་མང་ཡོངས་ཀྱི་ཚབ་ཞུས་ནས་ལེགས་གསོལ་བསྔགས་བརྗོད་ཞུ་བ་དང་སླད་དོན་གེགས་མེད་ལམ་ལྷོང་ཆོས་བཞིན་འགྲུབ་པ་ལ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་སྤྱན་སྔར་གསོལ་འདེབས་ཕུར་ཚུགས་སུ་འདེབས་པ་ལགས་སོ།།
ཕྱི་ལོ་༢༠༢༢ལོའི་༧ ཚེས་༢༦ཉིན།། །།

On this day of 26th July 2022, The shop manager of Sera Je Tsawa khangtsen; venerable lobsang Dakpa and venerable Tenpa Choephel has successfully completed their term as the shop manager at Sera Je Tsawa Khangtsen; Upon a tireless and devoted service to the monks elders and young for the past one year; they made an offering with a feast through out the day to the all the monks here at Sera Je Tsawa Khangtsen on Tuesday. We rejoice in this auspicious deed; May H.H The 14th Dalai and all the most excellent lamas live a long and healthy life and may their actions towards the benefit of mother sentient beings expand further. May all of the aspirations and wishes of the graduate Geshes and sincere practitioners in the ten directions be fulfilled without obstructions. On behalf of the Lama, Geshes, Monk students and staffs of Sera Je monastery we forward our warmest congratulations to both of them and pray that may all their aspirations of dharma be fulfilled. May the compassion and blessing of the three gems be forever on them.
From the office of Sera Je Tsawa Khangtsen
26th July 2022

ཕྱི་ལོ་༢༠༢༢ ལོའི་ཟླ་༧ པའི་ཚེས་༢༦ ཉིན་སྐྱབས་རྗེ་མཁན་རིན་པོ་ཆེ་དགེ་བཤེས་ཐུབ་བསྟན་ཆོས་ཉིད་མཆོག་དགུང་གྲངས་དྲུག་ཅུ་ལ་ཕེབས་པའི...
26/07/2022

ཕྱི་ལོ་༢༠༢༢ ལོའི་ཟླ་༧ པའི་ཚེས་༢༦ ཉིན་སྐྱབས་རྗེ་མཁན་རིན་པོ་ཆེ་དགེ་བཤེས་ཐུབ་བསྟན་ཆོས་ཉིད་མཆོག་དགུང་གྲངས་དྲུག་ཅུ་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་སེར་བྱེས་ཚ་བ་ཁང་ཚན་གྱི་བླ་སྤྲུལ་དགེ་བཤེས་འདུས་མངས་ཡོངས་དང་ལས་ཀྱི་སྣེ་མོ་བ་བཅས་ཀྱིས་

དགའ་བསུའི་འཚམས་འདྲི་དང་བཅས། བསྟན་འགྲོའི་མགོན་དུ་སྐུ་ཚེ་བརྟན་ཅིང། མཛད་འཕྲིན་ཕྱོགས་མཐར་རྒྱས་པ་དང་།ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་གྲུབ་པའི་་སྨོན་འདུན་ཞུ།།

སེར་བྱེས་ཚ་བ་ཁང་ཚན་གྱི་ཡིག་ཚང་ནས།
ཕྱི་ལོ་ ༢༠༢༢ ཟླ་༧ ཚེས་༢༦ ཉིན།། །།

This auspicious day of 26th July 2022; Venerable Abbot of Kopan Monastery Geshe Thupten Choenyi has reached 60 years; On behalf of the lamas, Geshes, the student monks and the staffs of Sera Jey Tsawa Khangtsen; We would like to forward you our warmest and heartiest congratulations; May you live long and healthy life to carry on your virtuous teachings and guidance to the mother sentient beings. May all your aspirations of Dharma be fulfilled without any obstacles.
From the Office of Sera Jey Tsawa khangtsen
26th July 2022

Address

House No. 56, Sera Jey Tsawa Khangtsen, Bylakuppe
Mysore
571104

Telephone

+919945092668

Website

Alerts

Be the first to know and let us send you an email when Sera Jey Tsawa Khangtsen Events and Announcements posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Place Of Worship

Send a message to Sera Jey Tsawa Khangtsen Events and Announcements:

Share