04/09/2026
༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་ཟླ་བ་གཉིས་ལྷག་གི་རིང་གཙོ་བོ་སྐུའི་འཕྲོད་བཞེས་དང་འབྲེལ་སྐུ་ལྷོད་བཞུགས་དང་། ས་གནས་ཡུལ་མི་དང་། འཛམ་གླིང་ཡུལ་ལུང་གང་ས་ནས་ཆེད་བཅར་ཞུས་པའི་དད་ལྡན་པ་སྟོང་ཕྲག་མང་པོར་མཇལ་ཁའི་སྐལ་བཟང་བཀའ་དྲིན་སྩལ་པ་སོགས་མཛད་འཕྲིན་རྒྱ་ཆེར་བསྐྱངས་རྗེས། ཕྱི་ཟླ་ ༩ ཚེས་ ༤ ཉིན། བཞུགས་སྒར་རྡ་ས་༧རྒྱལ་བའི་ཕོ་བྲང་དུ་ཕྱིར་ཕེབས་གནང་གཏན་ཁེལ་བར། དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་བླ་དགེ་འདུན་འདུས་མང་ནས། དེ་རིང་སྔ་དྲོ་དང་། ཉིན་གུང་གྲྭ་ཇ་ཚོགས་ཐེངས་གཉིས་སུ། ༧རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་གསུང་ཆོག་དང་འབྲེལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཁའ་ཁྱབ་བསྟན་འགྲོའི་མགོན་དཔུང་དམ་པར་སྐུ་ཚེ་༧ཞབས་པད་བསྐལ་བརྒྱར་བརྟན་ཅིང་རླབས་ཆེན་ཐུགས་བཞེད་མཐའ་དག་འགྲུབ་པའི་བསྔོ་སྨོན་སྐྱབས་འཇུག་རྒྱ་ཆེ་ཞུས།
Prayer and Dedication for His Holiness the 14th Dalai Lama
After spending more than two months in Ladakh, primarily resting and taking care of his health, His Holiness the Dalai Lama, the supreme ornament of the three realms and the universal treasure of Tibet, kindly granted audiences to many thousands of devoted people who came from the local area and from various parts of the world. Having carried out these extensive activities for the benefit of beings, His Holiness is scheduled to return to the PHOEDRANG (Palace)at Dharamsala, the seat of the Tibetan Government-in-Exile, on September 4, 2026.
In connection with this auspicious occasion, the entire monastic community of Gaden Shartse Monastery conducted special long-life and health prayers (shabten) for His Holiness during the monks’ morning and midday tea gatherings today.
We earnestly offer our prayers and dedications for the long and stable life of His Holiness the Dalai Lama, the supreme protector and guardian of the teachings and all sentient beings throughout the vast expanse of space. May His Holiness’s life remain stable for hundreds of eons, and may all his vast and noble aspirations be swiftly and completely fulfilled.
04/09/2026