Gaden Jangtse Monastery

Call Directions Website Contact the place of worship

Gaden Jangtse Monastery Gaden Jangtse Monastery re-established in 1969 at Mundgod in India. We have about 1600 monks and they are following Nalanda thought.

གཞུང་ཆེན་བཀའ་པོད་ལྔ་དང་གསང་སྔགས་ཀྱི་བགྲོ་གླེང་ཆེན་པོ་ལེགས་པར་སྒྲུབ་པ།བོད་རྒྱལ་ལོ་༢༡༥༣ བོད་ཟླ་ ༠༨ པའི་ཚེས་༡༩ ནས་ཉིན་གྲངས་...
02/10/2026

གཞུང་ཆེན་བཀའ་པོད་ལྔ་དང་གསང་སྔགས་ཀྱི་བགྲོ་གླེང་ཆེན་པོ་ལེགས་པར་སྒྲུབ་པ།

བོད་རྒྱལ་ལོ་༢༡༥༣ བོད་ཟླ་ ༠༨ པའི་ཚེས་༡༩ ནས་ཉིན་གྲངས་གསུམ་རིང་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་སློབ་གཉེར་ལྷན་ཚོགས་ཀྱིས་གོ་སྒྲོག་ཐོག། སྐྱབས་གནས་མཁན་ཟུར་རྣམས་དང་བླང་འདོར་གྱི་བློ་མིག་འབྱེད་པའི་དགེ་བའི་བཤེས་གཉེན་རྣམ་པ་བཅས་དབུ་བཞུགས་ཐོག་གཞུང་ཆེན་དཀའ་པོད་ལྔ་དང་གསང་སྔགས་རྡོ་རྗེ་ཐེག་པ་བཅས་ཀྱི་བགྲོ་གླེང་འཚོགས་སྐབས་ཀྱི་བརྙན་པར།

The three-day seminar on Five Major Treatises of Buddhism and The Great Secret Mantra Vajrayana was organized by the Academic Society of Gaden Jangtse Thosam Norling Monastery. It commenced on the 19th day of the 8th Tibetan month in the Tibetan Royal Year 2153, and was presided over by the revered former Abbots and virtuous spiritual masters (Geshes).

If viewer like to little contribute to our monastery then following are contract in details.
Website:-http://www.gadenjangtse.org
Mobile No:-+91 7259839664
E-mail:[email protected]
Whatapps:-+91 7259839664
Facebook:-https://www.facebook.com/jangtse.budd...
Instagram:-https://www.instagram.com/gaden_jangt...
Twitter:-https://twitter.com/gaden_jangtse

མ་ཧྟ་མ་གན་དྷིའི་འཁྲུངས་སྐར་སྐར་སྲུང་བརྩི་ཞུ།Celebration of Gandhi Jayantiབོད་རྒྱལ་ལོ་༢༡༥༣ བོད་ཟླ་༠༨ པའི་ཚེས་༢༡ དང་ཕྱི་ལོ...
02/10/2026

མ་ཧྟ་མ་གན་དྷིའི་འཁྲུངས་སྐར་སྐར་སྲུང་བརྩི་ཞུ།
Celebration of Gandhi Jayanti

བོད་རྒྱལ་ལོ་༢༡༥༣ བོད་ཟླ་༠༨ པའི་ཚེས་༢༡ དང་ཕྱི་ལོ་༢༠༢༦ ཟླ་བ་༡༠ ཚེས་༠༢ ཉིན་རྒྱ་གར་གྱི་མེས་པོ་དམ་པ་མ་ཧྟ་མ་གན་དྷི་མཆོག་གི་འཁྲུངས་སྐར་གྱི་ཉིན་འདི་ག་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་དཔལ་ལྡན་ཕྱག་མཛོད་ཁྲི་བ་དབུ་བཞུགས་ཐོག་རྒྱ་གར་གྱི་སྐུ་མགྲོན་འགའ་དང་ལྷན་དུ་འཁྲུངས་སྐར་སྲུང་བརྩི་ཞུ་སྐབས་ཀྱི་བརྙན་པར།

Every year, Gandhi Jayanti is celebrated on October 2. This day marks the birth anniversary of Mahatma Gandhi. Mahatma, originally known as Mohandas Karamchand Gandhi is the father of the nation. He was a political ethicist, a nationalist and a lawyer.

If viewer like to little contribute to our monastery then following are contract in details.
Website:-http://www.gadenjangtse.org
Mobile No:-+91 7259839664
E-mail:[email protected]
Whatapps:-+91 7259839664
Facebook:-https://www.facebook.com/jangtse.budd...
Instagram:-https://www.instagram.com/gaden_jangt...
Twitter:-https://twitter.com/gaden_jangtse

འདུལ་བ་དམ་བཅའ་ཡར་བཞགGroup Disputation (Duwa Damcha) on Vinayak Sutraབོད་རྒྱལ་ལོ ༢༡༥༣ བོད་ཟླ་ ༠༨ པའི་ཚེས་༡༤ ཉིན་གྱི་དགོང་...
02/10/2026

འདུལ་བ་དམ་བཅའ་ཡར་བཞག
Group Disputation (Duwa Damcha) on Vinayak Sutra

བོད་རྒྱལ་ལོ ༢༡༥༣ བོད་ཟླ་ ༠༨ པའི་ཚེས་༡༤ ཉིན་གྱི་དགོང་དྲོ་འདི་ག་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་བཀའ་རབ་འབྱམས་པའི་དགེ་བའི་བཤེས་གཉེན་རྣམ་པ་དང་གྲྭ་ཚང་གི་འདུས་ཚོགས་ཀྱི་དབུས་སུ་གྲྭ་ཚང་ཉེ་ལོག་དམ་བཅའ་བ་ཤར་རྩེ་གྲྭ་ཚང་གི་དགེ་ལུགས་རྒྱུགས་སྤྲོད་ལ་ཕེབས་མི་རྣམ་པས་འདུལ་བ་དམ་བཅའ་འཇོག་སྐབས་གྲྭ་ཚང་འདི་ཉིད་ཀྱི་ལྷ་རམས་དང་སློབ་དཔོན། བཀའ་རམས་བཅས་ཀྱི་འཛིན་གྲྭས་འདུལ་བ་རྟགས་གསལ་གཏོང་སྐབས་ཀྱི་བརྙན་པར།

Gaden Jangtes and Shartse organised annual group Disputation (Duwa Dhamcha) on Vinayak Sutra. Fist day of Damcha held at Gaden Jangtse monastery and final year Lharampas will lead the debate. The debate sessions are presided by panel of Geshes and monk students of our monastery.

If viewer like to little contribute to our monastery then following are contact in details.
Website:-http://www.gajangnorling.com
E-mail:[email protected]
Mobile No:-+91 7259839664
Whatapps:-+91 7259839664
Facebook:-https://www.facebook.com/jangtse.budd...
Instagram:-https://www.instagram.com/gaden_jangt...
Twitter:-https://twitter.com/gaden_jangtse

ཚོགས་ལངས་དང་ཕར་ཕྱིན་དམ་བཅའ།དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་དབྱར་དགག་དབྱེ་སྐབས་ཀྱི་གྲྭ་ཚང་རིན་པོ་ཆེའི་ཆོས་ཕྱོག...
02/10/2026

ཚོགས་ལངས་དང་ཕར་ཕྱིན་དམ་བཅའ།

དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་དབྱར་དགག་དབྱེ་སྐབས་ཀྱི་གྲྭ་ཚང་རིན་པོ་ཆེའི་ཆོས་ཕྱོགས་ཀྱི་མཛད་རིམ་གལ་ཆེའི་མང་པོ་ཡོད་པའི་ནང་ནས་འཛིན་གྲྭ་འདུལ་བ་ནས་རྣམ་འགྲེལ་བར་གྱི་གཞུང་ཚན་སོ་སོའི་ཚོགས་ལངས་བཞེངས་སྐབས་དང་ཉིན་གྲངས་བཞིའི་རིང་ལ་སྔ་དགོང་གཉིས་ལ་ཕར་ཕྱིན་འཛིན་གྲྭ་གོང་མའི་སྐྱོར་དཔོན་འགན་བཞེས་ཀྱིས་ཐོག་ཕར་ཕྱིན་དམ་བཅའ་བཞག་སྐབས་ཕར་ཕྱིན་འཛིན་གྲྭ་ནས་བསྡུས་གྲྭ་འཛིན་གྲྭའི་བར་གྱི་རྟགས་གསལ་གཏོང་སྐབས་ཀྱི་བརྙན་པར།

During the summer retreat, a glimpse into the tradition reveals two monks from each class debating during the three prayer sessions (Tsoklang). Additionally, the Monks' Disputation (Pharchen Dhamcha) on the Prajnaparamita Sutra initiates a four-day intellectual discourse. This rigorous debating tradition unfolds in two daily sessions, held in the morning and evening.

If viewer like to little contribute to our monastery then following are contract in details.
Website:-http://www.gajangnorling.com
Mobile No:-+91 7259839664
E-mail:[email protected]
Whatapps:-+91 7259839664
Facebook:-https://www.facebook.com/jangtse.budd...
Instagram:-https://www.instagram.com/gaden_jangt...
Twitter:-https://twitter.com/gaden_jangtse

ཚན་རིག་ཟབ་སྦྱོང་འཚོག་བཞིན་པའི་པ།ཕྱི་ལོ་2026 ཟླ་བ་09 ཚེས་21 ནས་ཟླ་བ་10 ཚེས་17 བར་འདི་ག་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཚན་རིག་ཁ...
29/09/2026

ཚན་རིག་ཟབ་སྦྱོང་འཚོག་བཞིན་པའི་པ།

ཕྱི་ལོ་2026 ཟླ་བ་09 ཚེས་21 ནས་ཟླ་བ་10 ཚེས་17 བར་འདི་ག་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཚན་རིག་ཁང་དང་བོད་གཞུང་དཔེ་མཛོད་ཁང་གཉིས་ཀྱིས་གོ་སྒྲིག་འོག་དགོན་སྡེ་ཁག་མི་འདྲ་བ་བཅུ་བཞི་ནས་གྲྭ་བཙུན་ཞལ་གྲངས་ཉི་ཤུ་རྩ་བདུན་་མཉམ་བཞུགས་ཀྱིས་ཚན་རིག་ཟབ་སྦྱོང་འདི་ཉིད་དགའ་བྱང་སྐལ་བཟང་དགའ་ཚལ་གླིང་གི་འཛིན་ཁང་ལ་འཚོག་བཞིན་པའི་རྣམ་པ།

A glimpse from our ongoing Monastic Graduate Program from September 21 - October 17, 2026 at Gaden Jangtse Monastery. This is the IX workshop in the series of Monastic Graduate Program. We have 27 monastic participants from 14 different monastic Institutions and these monastics will participate in the intensive science study programme.

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཞི་བའི་ཚལ་གྱི་ཕོ་བྲང་དགེ་འཕེལ་གླིང་དུ་ཟླ་བ་གཉིས་དང་ཕྱེད་ཀའི་རིང་བཞུག...
03/09/2026

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཞི་བའི་ཚལ་གྱི་ཕོ་བྲང་དགེ་འཕེལ་གླིང་དུ་ཟླ་བ་གཉིས་དང་ཕྱེད་ཀའི་རིང་བཞུགས་པའི་ཉིན་མཐའ་མ་ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༣ དགོང་དྲོ་དུས་ཚོད་ ༦ པ་ནས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་རླབས་ཆེན་གྱི་མཛད་འཕྲིན་མཐའ་དག་འཛམ་གླིང་ཡོངས་ལ་ཡུན་རིང་དུ་ཁྱབ་པ་དང་། ཁྱད་པར་དུ་སང་ཉིན་སྤྱི་ཚེས་ ༤ ཉིན་མགོན་པོ་མཆོག་སྐུ་འཁོར་དང་བཅས་པ་གྲུ་འཛིན་གཉིས་པའི་ཞིང་ཁམས་བཞུགས་སྒར་རྡ་རམ་ས་ལར་ཕེབས་གཏན་འཁེལ་བའི་ཕེབས་ལམ་བདེ་བ་སོགས་ཀྱི་ཆེད་དུ་དམིགས་ནས། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གདན་ས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་སྐྱབས་གནས་མཁན་ལས་ཟུར་རྣམ་པ་དང་རྒྱལ་སྲས་བླ་སྤྲུལ་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་སོགས་དགེ་འདུན་འདུས་མང་ཡོངས་ཚང་འཛོམས་ཀྱི་སྒོ་ནས། རྒྱལ་བའི་བསྟན་སྲུང་ཆེན་མོ་སྲུང་མ་དཔལ་ལྡན་ལྷ་མོའི་སྲོད་གསོལ་རྒྱས་པའི་ཆོ་ག་གསུང་བཞིན་པའི་བརྙན་པར་འགའ་ཡིན།
གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་སུ།།
ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།།
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།།
ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།

On the final evening of His Holiness the Dalai Lama’s two-and-a-half-month stay at the Gephel Ling Palace in Ladakh. Today this prayer is led by the former Abbots, incarnate Lamas, and Geshes of Ganden Jangtse Monastery (the seat of Je Tsongkhapa), the monks gathered to perform the detailed of Palden Lhamo ritual (tursol) to the great Dharma protector, Palden Lhamo. The prayers were dedicated to the long life of His Holiness the Dalai Lama, wishing that his feet remain firm for hundreds of eons and his magnificent, enlightened activities spread across the entire world for a long time. A safe and auspicious journey for His Holiness and his entourage as they return tomorrow, September 4, to his residence in Dharamshala.

སྔགས་དམ་བཅའ།Ta**ra Disputation during Summer Retreat༄༅། །གྲྭ་ཚང་འདི་ཉིད་དུ་དབྱར་གནས་ཀྱི་ནང་དུ་ཆོས་ཕྱོགས་ཀྱི་མཛད་རིམ་མང་་...
30/08/2026

སྔགས་དམ་བཅའ།
Ta**ra Disputation during Summer Retreat

༄༅། །གྲྭ་ཚང་འདི་ཉིད་དུ་དབྱར་གནས་ཀྱི་ནང་དུ་ཆོས་ཕྱོགས་ཀྱི་མཛད་རིམ་མང་་པོ་ཡོད་པའི་ནང་ནས་སྔར་སྲོལ་བཞིན་བོད་ཟླ་བདུན་པའི་ཚེས་ ༡༨ ཉིན་ཞོགས་པ་དགེ་བཤེས་གྲལ་རིམ་གྱི་ལོ་ལྟར་དགེ་བཤེས་སྐུ་འགྲེས་ཤིག་སྔགས་ཀྱི་དམ་བཅའ་འཇོག་གི་ཡོད་པའི་དེ་རིང་སྟེ་ཕྱི་ལོ་༢༠༢༦ ཟླ་བ་༠༨ ཚེས་༣༠ ཉིན་ཞོགས་པ་དགེ་འདུན་མང་ཚང་འཛོམས་ཀྱིས་ཐོག་ཚོགས་ཐེངས་བཞི་རིང་ལ་ཚོགས་འཚོགས་ཀྱི་ཡོད། སྐབས་འདིར་སྔགས་ཀྱི་དམ་བཅའ་འཇོག་མཁན་ཚ་བ་དགེ་བཤེས་འཇམ་དབྱངས་ལགས་ཀྱི་ཚོགས་དབུས་སུ་བཤད་པ་འདོན་གནང་སྟེ་རིམ་གྱིས་གྲྭ་ཚང་གི་དགེ་བཤེས་རྣམ་པས་སྔགས་ཀྱི་རྟགས་གསལ་གཏོང་སྐབས་ཀྱི་བརྙན་པར།

Among the many important spiritual activities in monastery during the month of Summer Retreat, Ta**ra Disputation on the 18th day of the seventh month of Tibetan Lunar calendar is considered the most important of all. In this Disputation sessions, the senior most monk leads the debate. This year Tsawa Geshe Jamyang answers the arguments and difficult questions arises in Ta**ra. He also offers three time meals to all monks.

If viewer like to little contribute to our monastery then following are contract in details.
Website:-http://www.gajangnorling.com
Mobile No:-+91 7259839664
E-mail:[email protected]
Whatapps:-+91 7259839664
Facebook:-https://www.facebook.com/jangtse.budd...
Instagram:-https://www.instagram.com/gaden_jangt...
Twitter:-https://twitter.com/gaden_jangtse

གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་ལམ།ཕྱི་ལོ་ ༢༠༢༦ ཟླ་བ་ ༨ པའི་ཚེས་ ༣༠ ཉིན་ཞོགས་པའི་ཕྱག་ཚོད་དྲུག་པའི་ཐོག་ དགའ་ལྡན་བ...
30/08/2026

གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་ལམ།

ཕྱི་ལོ་ ༢༠༢༦ ཟླ་བ་ ༨ པའི་ཚེས་ ༣༠ ཉིན་ཞོགས་པའི་ཕྱག་ཚོད་དྲུག་པའི་ཐོག་ དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་སྐྱབས་གནས་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་དགེ་འདུན་འདུས་མང་ཡོངས་ནས། བལ་བོད་གཉིས་ཀྱི་ས་མཚམས་ཁུལ་དུ་ཆུ་ལོག་དང་ས་རུལ་གྱི་འབྱུང་བའི་གནོད་འཚེའི་གོད་ཆགས་ཚབ་ཆེན་དེའི་ཁྲོད། དུས་མིན་རྐྱེན་འདས་སུ་གྱུར་པ་རྣམས་རིགས་དྲུག་སོ་སོའི་སྡུག་བསྔལ་ལས་མྱུར་དུ་གྲོལ་ནས་གཏན་བདེའི་གོ་འཕང་ཐོབ་པའི་བསྔོ་སྨོན་དང་། ཤུལ་ལུས་ནང་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་ལམ་གནད་སྨིན་སྨིན་སྒྲུབ་ཞུས་ཟིན་པའི་བརྙན་པར་འགའ།

Here are a few photographs from the prayer service and offering ceremony held on the morning of August 30, 2026, at 6:00 AM. Presided over by Kyabgon Khen Rinpoche of Ganden Jangtse Thoesam Norling Monastery, the entire monastic community gathered to offer dedicated prayers and butter lamps. The service was held to pray that those who tragically lost their lives in the severe flash flood and landslide disasters in the Tibet-Nepal border region may be swiftly liberated from the sufferings of the six realms and attain ultimate peace, as well as to express heartfelt solidarity with the bereaved families.

གདུང་སེམས་མཉམ་སྐྱིད་དང་ཐུགས་གསོ།ཕྱི་ལོ་ ༢༠༢༦ ཟླ་བ་ ༨ པའི་ཚེས་ ༢༦ ཉིན། བལ་བོད་གཉིས་ཀྱི་ས་མཚམས་ར་སོ་བར་ཁུལ་དུ་ཆུ་ལོག་དང་ས་...
29/08/2026

གདུང་སེམས་མཉམ་སྐྱིད་དང་ཐུགས་གསོ།

ཕྱི་ལོ་ ༢༠༢༦ ཟླ་བ་ ༨ པའི་ཚེས་ ༢༦ ཉིན། བལ་བོད་གཉིས་ཀྱི་ས་མཚམས་ར་སོ་བར་ཁུལ་དུ་ཆུ་ལོག་དང་ས་རུལ་གྱི་གནོད་འཚེའི་གོད་ཆགས་ཚབ་ཆེན་ཞིག་བྱུང་སྟེ། དེ་ཁུལ་གྱི་མི་མང་དང་སྒོ་ཕྱུགས་སེམས་ཅན་སོགས་གྲངས་ལས་འདས་པ་ཞིག་དུས་མིན་རྐྱེན་འདས་སུ་གྱུར་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། བྱེས་ཀྱི་གདན་ས་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་ནས། གདུང་ཤུགས་དྲག་པོས་གཤིན་པོ་རྣམས་ལ་མྱ་ངན་གུས་འདུད་དང་། ཤུལ་ལུས་ནང་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་ཐུགས་གསོ་ཞུ་རྒྱུ་ཡིན།

Expressing profound grief, the Abbot, Rinpoches, and entire monastic community of Gaden Jangtse Thoesam Norling Monastery extend their heartfelt condolences and solidarity to the surviving family members, while offering solemn tribute to the countless people and domestic animals who tragically lost their lives due to the catastrophic floods and landslides that struck the Rasuwa border region between Nepal and Tibet on August 26, 2026

འཛིན་སྐྱོང་ལས་བྱེད་རྣམས་ལ་མཇལ་ཁ།༄།།གདན་ས་ཆེན་པོ་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ། ཞྭ་སེར་བསྟན་པའི་མཛེས་རྒྱན་མཚ...
27/08/2026

འཛིན་སྐྱོང་ལས་བྱེད་རྣམས་ལ་མཇལ་ཁ།

༄།།གདན་ས་ཆེན་པོ་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ། ཞྭ་སེར་བསྟན་པའི་མཛེས་རྒྱན་མཚུངས་མེད་༧སྐྱབས་རྗེ་བྱང་རྩེ་ཆོས་རྗེ་དཔལ་བཟང་པོའི་ཞལ་སྔ་ནས་དབྱར་ཆོས་ཆེན་མོར་ཉིན་གྲངས་གསུམ་གྱི་རིང་དཔལ་ལྡན་ལྷ་མོའི་བཀའ་ཆེན་ཉེར་གཅིག་གི་རྗེས་གནང་བཀའ་ཆོས་ཟབ་མོ་ལེགས་པར་གྲུབ་སྟེ་ཆིབས་ཞལ་མ་བསྒྱུར་གོང་ཕྱག་མཛོད་ཁྲི་པས་དབུས་པའི་འཛིན་སྐྱོང་ལས་བྱེད་རྣམས་ལ་མཇལ་ཁའི་སྐལ་བཟང་གི་བཀྲིན་ཆེ་གནང་མཛད་པ་དགེའོ།།

Monastic Administration, office executives, and staff were granted an audience with His Eminence the Jangtse Choje Gosok Rinpoche this noon to receive his blessings and guidance.

If viewer like to little contribute to our monastery then following are contact in details.
Website: www.gajangnorling.com
Mobile No:-+91 7259839664
E-mail:[email protected]
Whatapps:-+91 7259839664
Facebook:-https://www.facebook.com/jangtse.budd...
Instagram:-https://www.instagram.com/gaden_jangt...
Twitter:-https://twitter.com/gaden_jangtse

Address

Gaden Jangtse Thoesam Norling Monastery
Mundgod
581411

Opening Hours

Tuesday 8am - 11am
2pm - 5pm
Wednesday 8am - 11am
2pm - 5pm
Thursday 8am - 11am
2pm - 5pm
Friday 8am - 11am
2pm - 5pm
Saturday 8am - 11am
2pm - 5pm
Sunday 8am - 11am
2pm - 5pm

Telephone

+917259839664

Alerts

Be the first to know and let us send you an email when Gaden Jangtse Monastery posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Place Of Worship

Send a message to Gaden Jangtse Monastery:

Shortcuts

Share