12/03/2023
༄༅། །ཨ་རིའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་ཆུང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་སྤྲུལ་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་འདི་ལོའི་ཨ་རིའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་ཞབས་སོར་བཀའ་དྲིན་བསྐྱངས་ཏེ། དད་ལྡན་མང་ཚོགས་ལ་སྐྱེས་རབས་གསུང་ཆོས་དང་། ཐུགས་རྗེ་ཆེན་པོའི་རྗེས་གནང་། སྒྲོལ་དཀར་ཚེ་དབང་བཅས་བསྩལ་གནང་མཛད་འདུག🙏🙏🙏