Shar Gaden Debate Ground Supervisor Association

Shar Gaden Debate Ground Supervisor Association Shar Gaden Debate Ground Supervisor Association

21/10/2024

༦༽ ཕམ་པ་བཞིའི་སྐབས་ཀྱི་དོགས་གནད་དང་། ཁྱད་པར་དུ་རྫུན་ཕམ་གྱི་སྐབས་སུ་མི་ཆོས་བླ་མའི་རྫུན་དང་རྐུ་ཕམ་གྱི་སྐོར་ལས་བརྩམས་པའི་དོགས་དཔྱོད།

21/10/2024

༨༽ སྤང་ལྟུང་ཐུན་མོང་བའི་སྐབས་མདོ་ཚན་བཅུ་བདུན་ངོས་བཟུང་ནས་དེ་དག་གི་དོན་དང་ཤན་འབྲེལ་གྱི་ལྟུང་བ་སོགས་ལས་འཕྲོས་པའི་དོགས་གནད། སྤང་ལྟུང་སུམ་ཅུའི་སྐབས་ཆོས་གོས་འབྲལ་ལྟུང་སོགས་ལས་འཕྲོས་པའི་དོགས་དཔྱོད།

21/10/2024

༧༽ ལྷག་མ་བཅུ་གསུམ་གྱི་དོན་རེ་རེ་ནས་ངོས་བཟུང་སྟེ་དེ་དག་གི་སྐབས་ཀྱི་དོགས་གནད། ཁྱད་པར་དུ་བསྒོ་གྱུར་གྱི་ལྟུང་བའི་སྐབས་དགེ་འདུན་གྱི་དབྱེན་ལས་འཕྲོས་པའི་དོགས་དཔྱོད།

21/10/2024

༣༽ འདུལ་བ་མདོར་བསྡུས་ཇི་ལྟར་བྱུང་ཚུལ་དང་། མདོར་བསྡུས་ཀྱི་ལྟུང་བ་ལ་ལྟུང་བ་སྡེ་ལྔ་ཀ་ཡོད་མེད། དེའི་བཅས་པ་ལ་སྔར་བཅས་དང་རྗེས་བཅས་གང་ཡིན་དགོས་མིན། སྤྱིར་ཆོ་ག་དང་སྐབས་འདིར་བཤད་པའི་ཆོ་ག་ལ་ཁྱད་པ་ཡོད་མེད། སྔོན་ཆོག་དང་ད་ཆོག་ལ་ཆོ་ག་ཡིན་དགོས་མིན་དང་དེ་གཉིས་ལ་ཡིག་ཆ་ཁག་དང་མཁས་པ་སོ་སོས་བཞེད་ཚུལ་མི་མཐུན་པ་ཇི་ལྟར་ཡོད་མེད་སྐོར་ལས་བརྩམས་པའི་དོགས་དཔྱོད།

21/10/2024

༥༽ སྡེ་ལྔ་སྤྱིའི་རྣམ་གཞག་སྐབས་སྡོམ་པའི་སྟོང་རྒྱུ་ལ་གྲུབ་མཐའ་སོ་སོའི་བཞེད་ཚུལ་མི་མཐུན་པ་ཇི་ཡོད། སྡོམ་པར་ཕར་འབུལ་རྒྱུ་ཡོད་མེད་དང་སླར་བླང་རྒྱུ་ཡོད་མེད་སོགས་ལ་མཁས་པ་སོ་སོས་བཞེད་ཚུལ་མི་མཐུན་པ་ཇི་ཡོད། དེ་དག་ལས་འཕྲོས་ནས་བཅས་རང་གི་ལྟུང་བའི་སྐོར་ལས་དོགས་དཔྱོད།

21/10/2024

༤༽ གནས་ཀྱི་བླ་མ་དང་། ལྔ་ཕྲུགས་ཀྱི་སྐབས་ཀྱི་དོགས་གནད།

21/10/2024

༢༽ སོ་སོར་ཐར་པའི་སྡོམ་པ་སྤྱིའི་རྣམ་གཞག་གི་སྐབས། སྡོམ་པ་ལ་གྲུབ་མཐའ་སོ་སོའི་བཞེད་ཚུལ་མི་འདྲ་བ་ཇི་ལྟར་ཡོད་མེད། བྱེ་བྲག་ཏུ་ལུགས་འདིའི་སྡོམ་པ་འཇོག་ཚུལ་ལ་ཡིག་ཆ་ཁག་དང་མཁས་པ་སོ་སོའི་བཞེད་ཚུལ་མི་འདྲ་བ་ཇི་ཡོད། སོ་སོ་ཐར་པའི་སྡོམ་པ་ལ་ངེས་འབྱུང་གི་བསམ་པས་ཟིན་དགོས་མིན་དང་རྣམ་པ་རིག་མིན་གྱི་གཟུགས་ཡིན་དགོས་མིན། ཆགས་ཚུལ་གྱི་གཉེན་པོ་འགྲོ་ཚུལ་སོགས་ལས་བརྩམས་པའི་དོགས་དཔྱོད།

20/10/2024

༡༣༽ གསོ་སྦྱོང་མཛད་པའི་དགོས་དོན་དང་གསོ་སྦྱོང་ལ་ཇི་ཡོད། དེ་དག་གི་དོན་དང་ཁྱད་པར། གསོ་སྦྱོང་བཅུ་བཞི་དང་བཅོ་ལྔ་འཇོག་ཚུལ། ཁྱད་པར་དུ་མཐུན་པའི་གསོ་སྦྱོང་བྱེད་པའི་གནས་དང་མཚམས་གཅིག་ནང་གསོ་སྦྱོང་གཉིས་བྱེད་ན་གསོ་སྦྱོང་ཆགས་མིན་སོགས་ལས་འཕྲོས་པའི་དོགས་གནད།

20/10/2024

༩༽ ཉེས་བྱས་བརྒྱ་དང་བཅུ་གཉིས་སྐབས་ཀྱི་དོན་གནད་རྣམས་ཀྱི་འགྲེལ་བཤད་གང་ཐུབ་དང་། དེ་དག་སོ་སོར་གླེང་གཞི་ཡོད་མེད། དགེ་སློང་ཕ་མའི་ལྟུང་བ་ཐུན་མོང་དང་ཐུན་མོང་མིན་པ་སོ་སོར་ནས་ངོས་བཟུང་ནས་དོགས་གནད་དང་དགེ་སློང་མའི་སྡོམ་རྒྱུན་ཡོད་མེད། རབ་བྱུང་གིས་ཤ་བཟའ་ཆོག་མིན་བཅས་དེ་དག་ལས་འཕྲོས་པའི་དོགས་དཔྱོད།

20/10/2024

༡༢༽ བསམ་པ་དང་དངོས་པོའི་བྱེད་པ་ཞར་བྱུང་དང་བཅས་པ་དང་། སེལ་བ་དབང་དུ་བྱེད་པ་ཡན་ལག་དང་བཅས་ཏེ་བསྟན་པའི་སྐབས་མདོ་ཚན་ཇི་ཡོད་དང་དེ་དག་གི་དོན། དེ་དག་གི་སྐབས་སུ་དོགས་གནད།

20/10/2024

༡༠༽ སྤྱི་བསྟན་ལ་སྤྱིའི་དོན་དང་སོ་སོའི་དོན་གཉིས་ལས་སྤྱིའི་དོན་ལས་འཕྲོས་པའི་དོགས་གནད་དང་། སོ་སོའི་དོན་ལ་ལྔ་ཡོད་པ་ལས་ལྟུང་བ་སྐྱེས་པའི་རྟེན་གྱི་ཡན་ལག་བསྟན་པའི་མདོ་ཇི་ཡོད་དང་དེ་དག་གི་དོན་དང་དེ་དག་ལས་འཕྲོས་པའི་དོགས་གནད།

20/10/2024

༡༦༽ གཞི་བཅུ་བདུན་ལས་ཡོངས་སྦྱོང་གི་གཞིའི་སྐབས་སུ་ལྟུང་བ་གླེང་དྲན་བྱེད་ཚུལ་དང་། ལས་བྱེ་བའི་གཞི་དང་འཁོར་ལོ་བྱེ་བའི་གཞིའི་སྐབས་སུ་ལས་ཀྱི་དབྱེན་དང་འཁོར་ལོའི་དབྱེན་འབྱུང་ཚུལ། ཁྱད་པར་དུ་རྩོད་པའི་གཞི་ཡི་སྐབས་སུ་ཚུལ་ཤིང་གང་མང་ལས་བརྩམས་པའི་དོགས་གནད།

Address

Karnataka State
Mundgod
581411

Telephone

+918105467633

Website

Alerts

Be the first to know and let us send you an email when Shar Gaden Debate Ground Supervisor Association posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Place Of Worship

Send a message to Shar Gaden Debate Ground Supervisor Association:

Share