10/01/2026
ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༡༠ ཉིན་གྱི་ཞོགས་པ་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་བྱང་ཆུབ་ཤིང་དྲུང་དུ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དབུ་བཞུགས་ཀྱིས་དགེ་འདུན་ཕོ་མོ་བརྒྱ་ཕྲག་བརྒལ་བས་ཟབ་ལམ་བླ་མ་མཆོད་པའི་སྒོ་ནས་ཚོགས་མཆོད་འབུལ་ལམ་ཞུས་ཤིང་། གྲུབ་མཚམས་ནས་མཆོད་རྟེན་རིན་པོ་ཆེའི་རྟེན་གཙོ་ཐུབ་པའི་དབང་པོའི་སྐུ་མདུན་ཆེད་ཕེབས་ཀྱིས་རྗེའི་གསུང་རྟེན་འབྲེལ་བསྟོད་པ་གསུང་གནང་ཐོག་ཐུགས་སྨོན་མཚམས་སྦྱོར་རྒྱ་ཆེར་མཛད་པ་གནང་།
On Saturday, January 10, 2026, at the sacred site of Bodhgaya, beneath the Bodhi Tree at the Great Stupa, His Holiness the Ganden Tripa Dorjechang Jetsun Lobsang Dorje Palzangpo, the representative of Jamgön Gyalwa (Tsongkhapa), presided over a ceremony where more than a hundred monks and nuns made tsok offerings through the profound practice of Guru Puja (Lama Chöpa). Upon completion, they proceeded especially to the main object of veneration at the precious stupa - before the statue of Lord Buddha Shakyamuni - where His Holiness recited prayers of auspicious connection and extensively offered prayers of aspiration.
2026年1月10日星期六,在圣地金刚座(菩提伽耶)大佛塔的菩提树下,文殊怙主宗喀巴大师之法嗣——甘丹赤巴金刚持尊者洛桑多杰帕桑波仁波切亲自主持,与逾百位僧尼众通过深奥的上师供养法(《上师荟供》)进行会供。
https://youtu.be/GcJ2tL2ad-c?si=L1wAFY7zqV9ua8JR
བརྙན་ཐུང་ཞལ་བྱང་འདི་ནས་གཟིགས་ཐུབ།