05/07/2024
༄༅། །སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་འཚེ་མེད་ལམ། །
རྒྱ་ཆེར་སྤེལ་ལས་ཞི་བདེའི་གཟེངས་རྟགས་ཕུལ། །
འཛམ་གླིང་ཀུན་གྱིས་བཀུར་ཞིང་དུས་འཁོར་དངོས། །
བསྟན་འཛིན་རྒྱ་མཚོའི་ནོར་བུར་གསོལ་བ་འདེབས། །
སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག །དགུང་གྲངས་༨༩ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་བཟང་ལ་བཀའ་དྲིན་རྗེས་སུ་དྲན་བཞིན། གུས་ཕྱག་སྔོན་དུ་ཕུལ་ཏེ་དཔལ་ལྡན་འོན་མངའ་རིས་གྲྭ་ཚང་འདུས་མང་ཡོངས་ནས་དད་གུས་སྤྲོ་གསུམ་གྱི་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།། 🙏🙏🙏