Sakya Monastery Kurseong

Sakya Monastery Kurseong Contact information, map and directions, contact form, opening hours, services, ratings, photos, videos and announcements from Sakya Monastery Kurseong, Convent and monastery, Kurseong.

༄ །དེ་རིང་བོད་རབ་གནས་འབྱུང་བ་གསུམ་ལྡན་ཤིང་མོ་སྦྲུལ་གྱི་ལོ་གསར་དུ་བཞད་པའི་དུས་བཟང་ཁྱད་པར་ཅན་གྱི་ཉིན་མོར། འདི་ག་ས་སྐྱ་ཀུན་...
28/02/2025

༄ །དེ་རིང་བོད་རབ་གནས་འབྱུང་བ་གསུམ་ལྡན་ཤིང་མོ་སྦྲུལ་གྱི་ལོ་གསར་དུ་བཞད་པའི་དུས་བཟང་ཁྱད་པར་ཅན་གྱི་ཉིན་མོར། འདི་ག་ས་སྐྱ་ཀུན་དགའ་བཤད་བསྒྲུབ་གླིང་གི་རང་ཤག་ཏུ། ཐོ་རེངས་ཀྱི་ཆར་ཚེ་སྒྲུབ་ཀྱི་ཆོ་ག་ཚོགས་བཞིན་པའི་སྤར་རིས་འགའ་ཞིག་འབྲེལ་ཡོད་ཡོངས་ལ་སྤྱན་འབུལ་ཞུས། སྤྱི་ལོ ༢༠༢༥ ལོའི་ཟླ་བ ༠༢ ཚེས ༢༨ ལ།། བཀྲ་ཤིས་བདེ་ལེགས་ཞུ།།

༄། བོད་རབ་གནས་ཤིང་འབྲུག་ལོའི་ཟླ ༠༩ ཚེས ༠༢ དང་། སྤྱི་ལོ ༢༠༢༤ ལོའི་ཟླ ༡༡ ཚེས ༠༣ རེས་གཟའ་ཉི་མ་ཉིན། རྡོར་གླིང་བོད་མའི་བཟོ་གྲ...
04/11/2024

༄། བོད་རབ་གནས་ཤིང་འབྲུག་ལོའི་ཟླ ༠༩ ཚེས ༠༢ དང་། སྤྱི་ལོ ༢༠༢༤ ལོའི་ཟླ ༡༡ ཚེས ༠༣ རེས་གཟའ་ཉི་མ་ཉིན། རྡོར་གླིང་བོད་མའི་བཟོ་གྲྭའི་རྒན་ལྷག་ཆུང་ལགས་དང་། སྤོག་ར་མིསི་འཆི་མེད་གཡུ་སྒྲོན་ལགས་རྣམས་གཉིས་ནས་ལོ་མང་རིང་། འདི་ག་ས་སྐྱ་ཀུན་དགའ་བཤད་སྒྲུབ་གླིང་དུ། ལྷག་བསམ་ཟོལ་མེད་དང་། དངོས་ཤུགས་རྒྱུད་གསུམ་དུ་རོགས་ཕན་གང་ཟབ་གནང་བར་འདུས་དམངས་ཡོངས་ནས་ཐུགས་རྗེ་ཆེ་ཞུ་དང་། ལེགས་སྐྱེས་མཚོན་བྱེད་ཙམ་ཞིག་ཕུལ་བཞིན་པའི་སྤར་རིས་འགའ་ཞིག་དྲྭ་ཐོག་གི་འབྲེལ་ཡོད་ཡོངས་ལ་སྤྱན་འབུལ་ཞུས།།

Notice !!!🙏
13/09/2024

Notice !!!🙏

༄། དེ་རིང་བོད་རབ་གནས་ཤིང་འབྲུག་ལོའི་ཟླ ༠༦ ཕྱི་མའི་ཚེས ༠༩ རེས་གཟའ་མིག་དམར་དང་། སྤྱི་ལོ ༢༠༢༤ ཟླ་བ ༠༨ ཚེས ༡༣ ཉིན། ས་གནས་གང་...
14/08/2024

༄། དེ་རིང་བོད་རབ་གནས་ཤིང་འབྲུག་ལོའི་ཟླ ༠༦ ཕྱི་མའི་ཚེས ༠༩ རེས་གཟའ་མིག་དམར་དང་། སྤྱི་ལོ ༢༠༢༤ ཟླ་བ ༠༨ ཚེས ༡༣ ཉིན། ས་གནས་གང་ནས་ནད་པ་མང་དག་འབྱོར་རྒྱུའི་ཆེད། རྡོར་གླིང་ཊི་ཝི་ཊ་ཝལ་ཚོགས་ཁང་དུ། སྔ་ཐོག་མཁའ་འགྲོ་མ་སྨྲེ་བ་བརྩེགས་མའི་བུམ་སྒྲུབ་དང་། དེ་ནས་རི་ཁྲོད་མ་ལོ་མ་གྱོན་མའི་བུམ་སྒྲུབ་ཚོགས་བཞིན་པའི་སྤར་རིས་འགའ་ཞིག་འབྲེལ་ཡོད་ཡོངས་ལ་སྤྱན་འབུལ་ཞུས།།

༄། དེང་རང་ཉིད་གཟུགས་གཞི་བདེ་མིན་གྱིས་སྨན་བཅོས་ལ་འགྲོ་མུས་ཀྱང་། མི་དམངས་ནད་ཀྱི་ཟིན་པ་རྣམས་མངོན་སུམ་དུ་ཐོང་དུས། རང་གི་ནད་ག...
27/04/2024

༄། དེང་རང་ཉིད་གཟུགས་གཞི་བདེ་མིན་གྱིས་སྨན་བཅོས་ལ་འགྲོ་མུས་ཀྱང་། མི་དམངས་ནད་ཀྱི་ཟིན་པ་རྣམས་མངོན་སུམ་དུ་ཐོང་དུས། རང་གི་ནད་གཞི་གཞི་མེད་དུ་གྱུར་པའི་ངང་ནས། ཁྲུས་ལྷ་གསུམ་གྱི་བུམ་སྒྲུབ་ལས། དེ་རིང་སྔ་དྲོའི་ཆར་ཐོག་མཁའ་འགྲོ་མ་སྨེ་བ་བརྩེགས་མའི་བུམ་སྒྲུབ་ཚོགས། ཉིན་རྒྱབ་མི་མང་འགའ་ཞིག་ལ་བཀའ་བསྒོ་བྱབ་གནང་བཞིན་པའི་བཞིན་པའི་སྤར་རིས་འགའ་ཞིག་འབྲེལ་ཡོད་ཡོངས་ལ་སྤྱན་འབུལ་ཞུས། སྤྱི་ལོ ༢༠༢༤ ལོའི་ཟླ ༤ ཚེས ༢༧ ལ།

༄།    དེ་རིང་ནི་འཛམ་བུ་གླིང་གི་སྤྱི་ལོ་གསར་ཚེས་ལ། འདི་ག་ས་སྐྱ་ཀུན་དགའ་བཤད་སྒྲུབ་གླིང་འདུས་དམངས་ཡོངས་ནས། འཛམ་གླིང་གང་སར་བ...
01/01/2024

༄། དེ་རིང་ནི་འཛམ་བུ་གླིང་གི་སྤྱི་ལོ་གསར་ཚེས་ལ། འདི་ག་ས་སྐྱ་ཀུན་དགའ་བཤད་སྒྲུབ་གླིང་འདུས་དམངས་ཡོངས་ནས། འཛམ་གླིང་གང་སར་བཞུགས་པའི། བླ་མ། དཔོན་རིགས། མི་དམངས་ཡོངས་ལ་མཛའ་ཞིང་བརྩེ་བ་དང་། ཀུན་ནས་དྭངས་བའི་བློས། མཚམས་འདྲིའི། བཀྲ་ཤིས་བདེ་ལེགས་ ཞུ།། འདི་གའི་སྤྱི་ལས་ཁང་ནས། སྤྱི་ལོ ༢༠༢༤ ལོའི་ཟླ་བ ༠༡ ཚེས ༠༡ ལ།། Wishing you a Happy New Year and blessed year ahead. May God's light guide your way in 2024.

༄། སླར་ཡང་གདན་སའི་ཕྱག་ལན་ལྟར་དགོང་དྲོ་དུས་ཀྱི་རྐྱེན་པས། ཕྱི་མཆོད་ཤིན་ཏུ་བསྡུས་པ་ཞིག་ཚོགས་བཞིན་པའི་སྤར་རིས་འགའ་ཞིག་འབྲེལ་...
25/12/2023

༄། སླར་ཡང་གདན་སའི་ཕྱག་ལན་ལྟར་དགོང་དྲོ་དུས་ཀྱི་རྐྱེན་པས། ཕྱི་མཆོད་ཤིན་ཏུ་བསྡུས་པ་ཞིག་ཚོགས་བཞིན་པའི་སྤར་རིས་འགའ་ཞིག་འབྲེལ་ཡོད་ཡོངས་ལ་སྤྱན་འབུལ་ཞུས།།

༄།     དེ་རིང་བོད་རབ་གནས་ཆུ་ཡོས་ལོའི་མགོ་ཟླ་བ ༡༡ པའི་ཚེས ༡༢ རེས་གཟའ་སྤེན་པ་དང་། སྤྱི་ལོ ༢༠༢༣ ལོའི་ཟླ་བ ༡༢ ཚེས ༢༣ ཉིན། དཔ...
25/12/2023

༄། དེ་རིང་བོད་རབ་གནས་ཆུ་ཡོས་ལོའི་མགོ་ཟླ་བ ༡༡ པའི་ཚེས ༡༢ རེས་གཟའ་སྤེན་པ་དང་། སྤྱི་ལོ ༢༠༢༣ ལོའི་ཟླ་བ ༡༢ ཚེས ༢༣ ཉིན། དཔལ་ལྡན་ས་སྐྱ་པའི་བླ་ཆེན་རྗེ་བཙུན་གོང་མ་རྣམ་ལྔ་ལས། དཀར་པོ་རྣམ་གསུམ་དང་། དམར་པོ་རྣམ་གཉིས་སུ་གྲགས་པ་ལས། སློབ་དཔོན་བསོད་ནམས་རྩེ་མོ་མཆོག་སྐུ་ལུས་མ་སྤངས་པར། བདེ་བ་ཅན་དུ་གཤེགས་པའི་དུས་བཟང་ཁྱད་པར་ཅན་གྱི་ཉིན་མོར། ལམ་འབྲས་བླ་མཆོད་ཚོགས་བཞིན་པའི་སྤར་རིས་འགའ་ཞིག་འབྲེལ་ཡོད་ཡོངས་ལ་སྤྱན་འབུལ་ཞུས།།

༄། དེ་རིང་བོད་རབ་གནས་ཆུ་ཡོས་ལོའི་དབྱུ་གུ་ཟླ་བ་ཏེ་ཟླ་བ ༩ པའི་ཚེས ༢༨ རེས་གཟའ་ཉི་མ་དང། སྤྱི་ལོ ༢༠༢༣ ལོའི་ཟླ་བ ༡༡  ཚེས ༡༡ ཉི...
11/11/2023

༄། དེ་རིང་བོད་རབ་གནས་ཆུ་ཡོས་ལོའི་དབྱུ་གུ་ཟླ་བ་ཏེ་ཟླ་བ ༩ པའི་ཚེས ༢༨ རེས་གཟའ་ཉི་མ་དང། སྤྱི་ལོ ༢༠༢༣ ལོའི་ཟླ་བ ༡༡ ཚེས ༡༡ ཉིན། ཁེ་ནེ་ཊར་བཅའ་བཞུགས་ས་སྐྱ་བདེ་སྐྱིད་ཁང་གསར་གྱི་ཨ་ཅག་འཚོ་མོ་ལགས་ནས་ཞུས་དོན་ལྟར། གཞིས་བཞུགས་ས་སྐྱ་བདེ་སྐྱིད་ཁང་གསར་གྱི་བཀྲ་ཤིས་ལགས་དེ་ཉིད་ཀྱི་བདུན་བཞི་པར་དམིགས་འདི་ག་འདུས་ཚོགས་ནས། དཔལ་ཀུན་རིག་གི་ཆོ་ག །བྱང་ཆོག་བཅས་ཚོགས་བཞིན་པའི་སྤར་རིས་འགའ་ཞིག་འབྲེལ་ཡོད་ཡོངས་ལ་སྤྱན་འབུལ་ཞུས།།

༄། དེ་རིང་བོད་རབ་གནས་ཆུ་ཡོས་ལོའི་དབྱུ་གུ་ཟླ་བ་ཏེ་ཟླ་བ ༩ པའི་ཚེས ༢༤ རེས་གཟའ་ཟླ་བ་དང་། སྤྱི་ལོ ༢༠༢༣ ལོའི་ཟླ་བ ༡༡  ཚེས ༠༦ ཉ...
06/11/2023

༄། དེ་རིང་བོད་རབ་གནས་ཆུ་ཡོས་ལོའི་དབྱུ་གུ་ཟླ་བ་ཏེ་ཟླ་བ ༩ པའི་ཚེས ༢༤ རེས་གཟའ་ཟླ་བ་དང་། སྤྱི་ལོ ༢༠༢༣ ལོའི་ཟླ་བ ༡༡ ཚེས ༠༦ ཉིན། འདི་ག་འདུས་ཚོགས་ནས། དཔལ་ལྡན་ས་སྐྱ་པའི་མཁས་དབང་ས་སྐྱ་མཁན་པོ་སངས་རྒྱས་བསྟན་འཛིན་བཞེས་མཚན་ཡོངས་སུ་གྲགས་པས། དོན་གྱི་མཁས་པ་ཆེན་པོ་དང་། གྲུབ་པའི་གོ་འཕང་ཐོན་པོར་གཤེགས་པའི་དུས་བཟང་ཁྱད་པར་ཅན་ལ་དམིགས། སྔ་དྲོའི་ཆར་དབུ་མ་འཇུག་པ་ཚོགས་འདོན་དང་། དགོང་དྲོའི་ཆར་ས་པཎ་བླ་མཆོད་བཅས་ཚོགས་བཞིན་པའི་སྤར་རིས་འགའ་ཞིག་འབྲེལ་ཡོད་ཡོངས་ལ་སྤྱན་འབུལ་ཞུས།།

༄། དེ་རིང་བོད་རབ་གནས་ཆུ་ཡོས་ལོའི་ཟླ་བ ༩ པའི་ཚེས་༡༠ དང་། སྤྱི་ལོ ༢༠༢༣ ལོའི་ཟླ་བ ༡༠ ཚེས ༢༤ ཉིན་ཕེ་ལྡི་ས་སྐྱ་ཀུན་དགའ་བཤད་སྒ...
24/10/2023

༄། དེ་རིང་བོད་རབ་གནས་ཆུ་ཡོས་ལོའི་ཟླ་བ ༩ པའི་ཚེས་༡༠ དང་། སྤྱི་ལོ ༢༠༢༣ ལོའི་ཟླ་བ ༡༠ ཚེས ༢༤ ཉིན་ཕེ་ལྡི་ས་སྐྱ་ཀུན་དགའ་བཤད་སྒྲུབ་གླིང་མ་བྱན་ཁྲུ་ལོ་བ་ཡེ་ལགས་མནའ་མ་ལ་ལི་ཏའི་བདུན་ཚིགས་དྲུག་པར། རང་ཤག་ཏུ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པའི་ཆོ་ག་ཚོགས་བཞིན་པའི་སྤར་རིས་འགའ་ཞིག་འབྲེལ་ཡོད་ཡོངས་ལ་སྤྱན་འབུལ་ཞུས།།

༄། དེ་རིང་བོད་རབ་གནས་ཆུ་ཡོས་ལོའི་ཟླ་བ ༨ ཚེས ༡ རེེས་གཟའ་ཉི་མ་དང་། སྤྱི་ལོ ༢༠༢༣ ལོའི་ཟླ ༡༠ ཚེས ༡༥ ཉིན། དད་ལྡན་འགའ་ཞིག་ལ་དཔ...
15/10/2023

༄། དེ་རིང་བོད་རབ་གནས་ཆུ་ཡོས་ལོའི་ཟླ་བ ༨ ཚེས ༡ རེེས་གཟའ་ཉི་མ་དང་། སྤྱི་ལོ ༢༠༢༣ ལོའི་ཟླ ༡༠ ཚེས ༡༥ ཉིན། དད་ལྡན་འགའ་ཞིག་ལ་དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་རྗེས་གནང་ཚོགས་བཞིན་པའི་སྤར་རིས་འགའ་ཞིག་འབྲེལ་ཡོད་ཡོངས་ལ་སྤྱན་འབུལ་ཞུས།།

Address

Kurseong

Website

Alerts

Be the first to know and let us send you an email when Sakya Monastery Kurseong posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Share