Tana Monastery

Tana Monastery JANG TANA THEGCHOG NORBU CHOLING, Q Village, Odeyarpalya Post, Kollegal Taluk, Chamarajanagar Distt,

A Brief History of Tana Monastery

Tana Monastery in Tibet:

Tana monastery (A seat of Yelpa Kagyu) In Tibet was built over 800 years ago in 12th century by Drogon Sangye Yelpa Yeshe Tsekpa, a founder of Yelpa Kagyu sect, which is among the eight junior Kagyu of Kagyu sect of Tibetan Buddhism, abide as one of the well-known lineage in Tibet. Tana is also known to be

Ling Gesar Monastery as a King Gesar and all his 30 minister’s relic Stupas are at Tana and majority possession of Ling were placed in Tana Monastery, offered to Sangye Yelpa by people of Ling whom they honors as their root Guru. TANA MONASTERY IN INDIA


Tana monastery India is the only Yelpa Kagyu Monastery in India, the main shrine was build in the year 1976 by Tana Drubgyud Choephel Rinpoche with the help of elderly monks from Tibet and Tibetan refugee community on the land which was generously allotted by government of India in Tibetan Refugee camp, Dhondenling Kollegal South India, The Monastery was later expanded by Tana Dungsey Rinpoche, A Tana lineage holder and present head of Tana Monastery. Monks in the Monastery studies Buddha Dharma in general and Yelpa kagyu and karma kagyu teachings in particular along with modern education.

༈ རྒྱུད་ལུགས་༢༨༩༩ མེ་རྟ་ལོའི་གནམ་ལོ་གསར་པའི་བོད་ཟླ ༡ ཚེས ༨ ཉིན་༧ སྒྲུབ་བརྒྱུད་བསྟན་པའི་སྲོག་འཛིན་༸བྱམས་མགོན་རྡོ་རྗེ་འཆང་...
25/02/2026

༈ རྒྱུད་ལུགས་༢༨༩༩ མེ་རྟ་ལོའི་གནམ་ལོ་གསར་པའི་བོད་ཟླ ༡ ཚེས ༨ ཉིན་༧ སྒྲུབ་བརྒྱུད་བསྟན་པའི་སྲོག་འཛིན་༸བྱམས་མགོན་རྡོ་རྗེ་འཆང་༸ཀྭན་ཏིང་ཏཱའི་སི་ཏུ་པདྨ་དོན་ཡོད་གྲུབ་པ་མཆོག་སྐུ་ཡི་མཚན་དཔེ་བཞད་ནས་བགྲང་བྱ་ ༧༣ ཧྲིལ་པོར་འཁོར་བའི་དུས་ཁྱད་པར་ཅན་འདིར་༸སྐྱབས་རྗེ་ལྷ་ཚེ་མཆོག་སྤྲུལ་ཀརྨ་ལུང་རྟོགས་ཉི་མ་རིན་པོ་ཆེ་དབུས་པའི། མཁན་སློབ་བླ་མ་དགེ་བའི་བཤེས་གཉེན་རྣམས་དང་དགོན་པའི་ལས་བྱེད་གཙོས་དགེ་འདུན་འདུས་པ་རྣམས་ཀྱིས་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་དྲུང་དུ། མཎྜལ་རྟེན་གསུམ་འདེགས་འབུལ་དང་ལྷ་དར་གྱིས་མཇལ་བཅར་ཞུས། རྟེན་འབྲེལ་འབྲས་བསིལ། གསོལ་ཇ་དང་མངར་ཟས་ལ་རོལ། གཞན་ཡང་འདུས་མང་ནས་ཚེ་ལྷ་རྣམ་གསུམ་སོགས་ཞབས་བརྟན་གསོལ་འདེབས་གང་ཟབ་ཞུས་པས་མགོན་པོ་གང་ཉིད་སྐུ་ཚེ་ཞབས་པད་ཡུན་རིང་དུ་བཞུགས་ཅིང་མཛད་འཕྲིན་ཡར་ངོའི་ཟླ་ལྟར་རྒྱས་པར་གྱུར་ཅིག་གུ།།

༈ འཕགས་ཡུལ་བྱང་རྟ་རྣ་ཐེག་མཆོག་ནོར་བུ་ཆོས་གླིང་གིས་བསྟན་འགྲོའི་བདེ་རིམ་ཆེད་དུ་ཤིང་མོ་སྦྲུལ་གྱི་བོད་ཟླ ༡༢ ཚེས ༢༣ ནས་ ༢༩ བར...
20/02/2026

༈ འཕགས་ཡུལ་བྱང་རྟ་རྣ་ཐེག་མཆོག་ནོར་བུ་ཆོས་གླིང་གིས་བསྟན་འགྲོའི་བདེ་རིམ་ཆེད་དུ་ཤིང་མོ་སྦྲུལ་གྱི་བོད་ཟླ ༡༢ ཚེས ༢༣ ནས་ ༢༩ བར་༧ སྐྱབས་རྗེ་
ལྷ་ཚེ་མཆོག་སྤྲུལ་ཀརྨ་ལུང་རྟོགས་ཉི་མ་རིན་པོ་ཆེ་དབུས། བླ་མ་དང་མཁན་པོ་དགེ་འདུན་འདུས་པ་རྣམས་ནས་དགུ་གཏོར་ལྷ་མོ་དུད་སོལ་མའི་བསྐང་གསོལ་གཏོར་རྒྱག་དང་། བོད་ཚེས་ ༣༠ ཉིན་ཡེལ་ལུགས་བསངས་མཆོད་འཚོག་གནང་མཛད་པའི་དགེ་བའི་རྩ་བས། བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་བརྟན་ཅིངམཛད་ཕྲིན་དབྱར་གྱི་མ་དྲོས་ཀླུང་ལྟར་རྒྱས་ནས་འགྲོ་ཀུན་བདེ་སྐྱིད་དཔལ་ལ་ལོངས་སུ་སྤྱོད་པ་དང་མྱུར་དུ་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པའི་རྒྱུརགྱུར་ཅིག། །།

End of the year pictures of Palden Du Sol lha mo puja performed by Kyabje Lha chay Chokthul Karma Lungtok Nyima Rinpoche , Lama and Khenpo the monks at Tana Monastery India to remove all the obstacles and pacify negative forces for all the sentient beings

འཕགས་ཡུལ་བྱང་རྟ་རྣ་དགོན་གྱི་ལོ་གཅིག་གི་སློབ་ཚན་ཁག་འཆད་ཉན་གྱི་བྱེད་སྒོ་ལེགས་པར་གྲུབ་ཟིན་ཏེ། ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༢༦ ན...
09/12/2025

འཕགས་ཡུལ་བྱང་རྟ་རྣ་དགོན་གྱི་ལོ་གཅིག་གི་སློབ་ཚན་ཁག་འཆད་ཉན་གྱི་བྱེད་སྒོ་ལེགས་པར་གྲུབ་ཟིན་ཏེ། ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༢༦ ནས་ ༢༩ བར་། གཞུང་ཆེན་ཁག་དང་། བརྡ་སྤྲོད། ཨིན་ཇི། ཨང་རྩིས། བོད་ཡིག་བཅས་ཀྱི་ཡོན་ཚད་ཚོད་བགམ་བགྱིས་པའི་ལོ་འཁོར་རྒྱུགས་སྤྲོད་ཀྱི་མཛད་རིམ་མཇུག་ལེགས་པར་གྲུབ་པ་དགེའོ།།

༸དཔལ་རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་མཆོག་སྐུའི་མཚན་དཔེ་བཞད་ནས་བགྲང་བྱ་ ༤༡ ཧྲིལ་པོར་འཁ...
26/06/2025

༸དཔལ་རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་མཆོག་སྐུའི་མཚན་དཔེ་བཞད་ནས་བགྲང་བྱ་ ༤༡ ཧྲིལ་པོར་འཁོར་བའི་དུས་ཁྱད་པར་ཅན་འདིར་བྱང་རྟ་རྣ་ཐེག་མཆོག་ནོར་བུ་ཆོས་འཁོར་གླིང་གི་སློབ་དཔོན་དང་དགེ་རྒན་ལས་བྱེད་དགེ་འདུན་དད་ལྡན་དང་ཡོངས་ནས་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་དང་མཇལ་བཅར་ཞུས་ཤིང་རྟེན་འབྲེལ་གསོལ་ཇ་དང་འབྲས་སིལ་དྲང་འདྲེན་དང་། འདུས་མང་ཡོངས་ནས་མགོན་པོ་གང་ཉིད་ཀྱི་ཐུགས་ཀྱི་བཞེད་དགོངས་མཐའ་དག་གྲུབ་སྟེ། སྐུ་ཚེ་ཡུན་རིང་བརྟན་པའི་གསོལ་འདེབས་དང་བཅས་འཁྲུངས་སྐར་བསྲུང་བརྩི་ཞུས་པ་དགེའོ།།

༄༅།  །འཕགས་ཡུལ་གདན་ས་བྱང་རྟ་རྣ་ཐེག་མཆོག་ནོར་བུ་ཆོས་འཁོར་གླིང་དུ་ཕྱི་ལོ་ ༢༠༢༥ ཟླ ༢ ཚེས་་༢༡ ནས་དབུ་བརྩམས་ཏེ། ༧ སྐྱབས་རྗེ་ལ...
01/03/2025

༄༅། །འཕགས་ཡུལ་གདན་ས་བྱང་རྟ་རྣ་ཐེག་མཆོག་ནོར་བུ་ཆོས་འཁོར་གླིང་དུ་ཕྱི་ལོ་ ༢༠༢༥ ཟླ ༢ ཚེས་་༢༡ ནས་དབུ་བརྩམས་ཏེ། ༧ སྐྱབས་རྗེ་ལྷ་ཚེ་མཆོག་སྤྲུལ་ཀརྨ་ལུང་རྟོགས་རིན་པོ་ཆེ་དབུས་པའི་བླ་གྲྭ་འདུས་མང་ཡོངས་ནས་ཕྱི་ལོ་༢༠༢༥ ཟླ ༢ ཚེས ༢༨ བར་སྤྱིར་བསྟན་པ་སྤྱི་དང་བྱེ་བྲག་འགྲོ་བ་ཡོངས་ཀྱི་ཞབས་རིམ་དུ་དཔལ་ལྡན་དུད་སོལ་ལྷ་མོའི་བསྐང་གསོལ་དགུ་གཏོར་གཏོར་བཟློག་ཆེན་མོ་་མཇུག་ལེགས་པར་གྲུབ་པའོ།།

End of the year pictures of Palden Du Sol lha mo puja performed by Kyabje Lha chay Chokthul Karma Lungtok Rinpoche , Lama and the monks at Tana Monastery India to remove all the obstacles and pacify negative forces for all the sentient beings.

༄༅།། འཕགས་ཡུལ་བྱང་རྟ་རྣ་ཐེག་མཆོག་ནོར་བུ་ཆོས་གླིང་བླ་གྲྭ་རྣམས་       ནས་བསྟན་པ་སྤྱི་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་འགལ་རྐྱེ...
29/01/2025

༄༅།། འཕགས་ཡུལ་བྱང་རྟ་རྣ་ཐེག་མཆོག་ནོར་བུ་ཆོས་གླིང་བླ་གྲྭ་རྣམས་ ནས་བསྟན་པ་སྤྱི་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་འགལ་རྐྱེན་ཉེར་འཚེ་མཐའ་དག་རྩད་ནས་ཞི་ཞིང་བསམ་དོན་ཡིད་བཞིན་དུ་གྲུབ་པ་སོགས་ལེགས་ཚོགས་ཀྱི་སྒོ་དུ་མར་དམིགས་ཏེ་བོད་ཟླ་ ༡༡ ཚེས་ ༢༨ ནས་༢༩ བར་ཉིན་གསུམ་རིང་ཁྲོ་རྒྱལ་་རྡོ་རྗེ་གྲོ་ལོད་ཀྱི་གཏོར་བཟློག་དགུ་ཆུང་མཇུག་ལེགས་པར་གྲུབ་པའོ།

Completion of 3 days Guru Dorje Drollo Gutor puja by Lamas and Monks of Jang Tana Thegchok Norbu Choeling Monastery for the benefit of all sentient beings and for the removal of obstacles.

འཕགས་ཡུལ་བྱང་རྟ་རྣ་ཐེག་མཆོག་ནོར་བུ་ཆོས་འཁོར་གླིང་གི་ལོ་གཅིག་གི་སློབ་ཚན་ཁག་འཆད་ཉན་གྱི་བྱེད་སྒོ་ལེགས་པར་གྲུབ་ཟིན་ནས། ཕྱི་ལ...
28/12/2024

འཕགས་ཡུལ་བྱང་རྟ་རྣ་ཐེག་མཆོག་ནོར་བུ་ཆོས་འཁོར་གླིང་གི་ལོ་གཅིག་གི་སློབ་ཚན་ཁག་འཆད་ཉན་གྱི་བྱེད་སྒོ་ལེགས་པར་གྲུབ་ཟིན་ནས། ཕྱི་ལོ ༢༠༢༤ ཟླ ༡༢ ཚེས ༢༠ ནས་བཟུང ༢༣ བར། བོད་ཡིག ཨིན་ཇི། ཨང་རྩིས། བརྡ་སྤྲོད་དང་། གཞུང་ཆེན་ཁག་ལ་ཡོན་ཚད་ཚོད་བགམས་བགྱིས་པའི་རྩོད་རྒྱུགས་དང་། བྲིས་རྒྱུགས་དང་བློ་རྒྱུགས་བཅས་ལོ་འཁོར་རྒྱུགས་སྤྲོད་ཀྱི་མཛད་རིམ་མཇུག་ལེགས་པར་གྲུབ་པ་དགེའོ།།

Jang Tana Thegchok Norbu Choeling south India, On December 20th 2024 monks successfully given their exam of the year. After completion of the courses of all subjects (Tibetan, English, Maths, Buddhist Philosophy)

ཕྱི་ལོ ༢༠༢༤  ཟླ ༨ ཚེས ༡ ཉིན་ ༸སྐྱབས་རྗེ་རྟ་རྣ་གདུང་སྲས་རིན་པོ་མཆོག་གཟུགས་སྐུའི་ལང་ཚོ་མངོན་པར་བཞད་ནས་བགྲང་བྱ ༥༠ ཧྲིལ་པོ་འ...
05/08/2024

ཕྱི་ལོ ༢༠༢༤ ཟླ ༨ ཚེས ༡ ཉིན་ ༸སྐྱབས་རྗེ་རྟ་རྣ་གདུང་སྲས་རིན་པོ་མཆོག་གཟུགས་སྐུའི་ལང་ཚོ་མངོན་པར་བཞད་ནས་བགྲང་བྱ ༥༠ ཧྲིལ་པོ་འཁོར་བའི་དུས་ཁྱད་པར་ཅན་འདིར་རྗེ་ཉིད་ཀྱིས་འདིར་འཛོམས་སེར་སྐྱ་ཡོངས་ལ་དཀོན་མཆོག་སྤྱི་འདུས་ཀྱི་ཚེ་དབང་བསྐུར་ཞིང་། འཕགས་ཡུལ་བྱང་རྟ་རྣ་དགོན་གྱི་དགེ་འདུན་དང་གཞིས་གྲོང་གི་མི་དམངས་རྣམས་ནས་སྐུ་ཚེ་ཡུན་རིང་བརྟན་ཆེད་བརྟན་བཞུགས་བསྟར་འབུལ་དང་། དེ་བཞིན་མངར་ཟས་འདེགས་འབུལ་སོགས་ཀྱིས་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་བསྲུང་བརྩི་ཞུས།

༈ དུས་གསུམ་༧ རྒྱལ་བ་ཀུན་གྱི་ཕྲིན་ལས་ཀྱི་རང་གཟུགས་དཔལ་རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་དབང་གི་རྡོ...
07/06/2024

༈ དུས་གསུམ་༧ རྒྱལ་བ་ཀུན་གྱི་ཕྲིན་ལས་ཀྱི་རང་གཟུགས་དཔལ་རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་དབང་གི་རྡོ་རྗེ་མཆོག ཛམྦུའི་གླིང་དུ་སྐུ་ཡི་མཚན་དཔེ་བཞད་ནས་དགུང་གྲངས་ ༤༠ ཕེབས་པའི་འཁྲུངས་སྐར་དུས་བཟང་འདིར། མགོན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་དྲུང་དུ་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་། འདུས་པ་རྣམས་ནས་ཚེ་ལྷ་རྣམ་གསུམ་སོགས་སྐུ་རིམ་ཞབས་བརྟན་གང་ཟབ་འཕགས་ཡུལ་བྱང་རྟ་རྣ་དགོན་ནས་འཚོགས་གྲུབ་པ་ལགས། །

On most auspicious 40th birthday of His Holiness The 17th Gyalwang Karmapa Ogyen Drodul Thinley Dorjee, Tana monastery in south India, celebrates His Holiness birthday and wish His Holiness to live long for the benefit of all sentient beings.

༈ ༧ དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་ཀྱི་རང་གཟུགས་ ༧ དཔལ་རྒྱལ་དབང་༧ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་དབང་གི་རྡོ་རྗེ་མཆོག་གི...
25/05/2024

༈ ༧ དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་ཀྱི་རང་གཟུགས་ ༧ དཔལ་རྒྱལ་དབང་༧ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་དབང་གི་རྡོ་རྗེ་མཆོག་གི་ཡབ་ཆེན་ཀརྨ་དོན་འགྲུབ་ལགས་རང་ཅག་འབྲེལ་ཡོད་རྣམས་ཆོས་ལ་བསྐུར་ཕྱིར། དུས་ཚེས་ཁྱད་པར་ཅན་འབུམ་འགྱུར་ཟླ་བའམ་ས་ག་ཟླ་བའི་ཡར་ངོའི་ཚེས་པ ༡༥ སྐུ་ཚེའི་འཕེན་པ་རྫོགས་པར། བྱང་རྟ་རྣ་དགོན་གྱི་བླ་སློབ་དགེ་འདུན་པ་རྣམས་ཀྱིས་མགོན་པོ་མི་འཁྲུགས་པའི་ཆོ་ག་དང་སྨོན་ལམ་སོགས་འཚོགས་ལ། དེ་རིང་ཞག་གསུམ་ཉིན་མོར་ཐུན་བཞི་བླ་མའི་རྣལ་འབྱོར་དང་། སྨོན་ལམ་ཐམས་ཅད་ཀྱི་རྒྱལ་པོ་བཟང་པོ་སྤྱོད་པའི་སྨོན་ལམ། རྒྱལ་བ་བྱམས་པའི་སྨོན་ལམ། བྱང་ཆུབ་སེམས་དཔའ་སྤྱོད་པ་ལ་འཇུག་པའི་སྨོན་ལམ། བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ། ཕྱག་རྒྱ་ཆེན་པོའི་སྨོན་ལམ། མགོན་པོ་མི་འཁྲུགས་པའི་སྨོན་ལམ་སོགས་དད་མོས་གདུང་ཤུགས་ངང་གསོལ་བ་དང་སྨོན་ལམ་ཡང་ཡང་བྱས། མ་རིག་མུན་པ་བསལ་ཏེ་ཕྱི་མའི་ས་ལམ་བགྲོད་པར་སྣང་གསལ་མཆོད་མེ་བརྒྱ་ཕྲག་བཅས། སྤྱི་ལོ། ༢༠༢༤ / ༥ / ༢༥ ཉིན་འཕགས་ཡུལ་བྱང་རྟ་རྣ་དགོན་ནས།། །།

On the Passang away of His Holiness the 17th Gyalwang Karmapa Ogyen Thinlay Dorjee’s father (Yabchen) Karma Dhondup la, on the 15th of the holiest month of Saka Dawa where Buddhist Commemorates Lord Buddha’s Birth, Enlightenment and Parinirvana on this special day.
Today on the 3rd day lamas and monks of Tana monastery south India performing puja of mitrukpa (Akshobhya) and reciting of five aspiration monlam and the offering of butter lamps on the 25th may 2024.

Address

Kollegal

Telephone

+917338236267

Website

Alerts

Be the first to know and let us send you an email when Tana Monastery posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Place Of Worship

Send a message to Tana Monastery:

Share