Drepung Gomang Gungru Khangtsen

Drepung Gomang Gungru Khangtsen Contact information, map and directions, contact form, opening hours, services, ratings, photos, videos and announcements from Drepung Gomang Gungru Khangtsen, Convent and monastery, Karwar.

31/07/2023
༄༅། །ཟླ་བ་མང་པོའི་སྔོན་ནས་ཁེ་ཎ་ཌ་བོད་རིགས་སྤྱི་མཐུན་ཚོགས་པ་དང་། བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་གྱི་རྒྱ...
06/07/2023

༄༅། །ཟླ་བ་མང་པོའི་སྔོན་ནས་ཁེ་ཎ་ཌ་བོད་རིགས་སྤྱི་མཐུན་ཚོགས་པ་དང་། བྱང་ཨ་རིའི་དཔལ་ས་སྐྱའི་འཛམ་གླིང་ཞི་བདེའི་སྨོན་ལམ་གྱི་རྒྱུན་ལས་ཐུན་མོང་གིས་ས་ཆེན་འདིས་ཀྱང་ཐེག་པར་དཀའ་བའི་འཁོན་རིགས་བསྟན་པའི་གསལ་བྱེད་ཁྱབ་བདག་འཁོར་ལོའི་མགོན་པོ་༸སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་དཔལ་བཟང་པོ་མཆོག་བསྟན་འགྲོའི་མགོན་དཔུང་དམ་པར་སྐུ་ཚེ་ཡུན་རིང་དུ་བཞུགས་སླད་བརྟན་བཞུགས་རྒྱས་པ་འབུལ་བའི་སྐབས་སུ་བརྟན་བཞུགས་ཀྱི་རྡོ་རྗེའི་སློབ་དཔོན་ལ་ཕེབས་རྒྱུར་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་སྐུ་ཕྲེང་བཅུ་གསུམ་པ་དཔལ་བཟང་པོ་མཆོག་ཁེ་ཎ་ཌའི་གནམ་ཐང་དུ་ཕེབས་སྐབས་ས་གནས་དེ་གའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་མཆོག་དང་། ས་སྐྱའི་སྨོན་ལམ་ཚོགས་པའི་ཚོགས་མི། ཆོལ་ཁ་གསུམ་གྱི་འཐུས་མི་གཙོས་ཚོགས་པ་ཁག་གིས་ཕེབས་བསུ་དང་། སྤྱི་ཁང་ཕུན་ཚོགས་སྡེ་བཞིའི་ནང་དུ་ཕེབས་གདོང་མཛད་སྒོར་ས་སྐྱའི་སྨོན་ལམ་ཚོགས་པའི་ཚོགས་གཙོ་མཆོག་དང་། ཆོས་ཚོགས་དང་ཚོགས་སྐྱིད་ཁག་གི་ཚོགས་གཙོ་དང་འཐུས་མི་སོགས་ཆེད་ཕེབས་ཀྱིས་གསོལ་ཇ་འབྲས་སིལ་ཐོག་རྟེན་གསུམ་འདེགས་འབུལ། དེ་རྗེས་ཉིན་གསུམ་རིང་བརྟན་བཞུགས་ཚེ་སྒྲུབ་དང་འབྲེལ་བའི་བརྟན་བཞུགས་བསྟར་འབུལ་སྐབས་མཎྜལ་ལྗགས་བཤད་མཛད་གནང་བཅས་ཀྱི་སྐུ་པར་ཁག།
As per the joint request made by the working committee members of both the Canada Tibetan Association, Ontario, and the Sakya Monlam Foundation to His Eminence the 13th Kundeling Tatsak Jedrung Rinpoche to be the "Dorje Lopon" to lead the Long-Life Offering Prayer Ceremony in honor of His Holiness Sakya Trisur Gongma. H.E. Kundeling Tatsak Jedrung Rinpoche visited Canada where H.Eminence received a very warm welcome at the airport, led by the president of the Canada Tibetan Association of Ontario, committee members of the Sakya Monlam Foundation, representatives from three Tibetan provincial associations, and other associations and organizations. A welcome ceremony was held at the Phuntsok Dheshi Community Hall, where three holy sites were offered. Following this, three days of religious practices were conducted to prepare for the long life prayer, with H.E. Kundeling Tatsak Jedrung Rinpoche leading the Long-Life Offering Prayer Ceremony as the Dorje Lopon.

ལོ་ལྟར་གནང་སྲོལ་ཡོད་པའི་འདི་ལོ་ཡང་ཁང་ཚན་གྱི་ཞབས་རིམ་ཆེ་ཁག་ནང་གི་དགོན་དཀར་གཡང་བསྒྲུབ་འཚོགས་བཞིན་པ་སྐབས་ཀྱི་རྙན་པར་ཞིག
17/05/2023

ལོ་ལྟར་གནང་སྲོལ་ཡོད་པའི་འདི་ལོ་ཡང་ཁང་ཚན་གྱི་ཞབས་རིམ་ཆེ་ཁག་ནང་གི་དགོན་དཀར་གཡང་བསྒྲུབ་འཚོགས་བཞིན་པ་སྐབས་ཀྱི་རྙན་པར་ཞིག

༄༅། །འཛམ་གླིང་གང་སར་བཞུགས་པའི་འབྲེལ་ཡོད་དད་ལྡན་སྐྱ་སེར་ཆོས་གྲོགས་ཕོ་མོ་ཡོངས་ལ། བོད་རྒྱལ་ལོ་ ༢༡༥༠ རབ་བྱུང་༡༧ རབ་གནས་ཆུ་ཡོ...
20/02/2023

༄༅། །འཛམ་གླིང་གང་སར་བཞུགས་པའི་འབྲེལ་ཡོད་དད་ལྡན་སྐྱ་སེར་ཆོས་གྲོགས་ཕོ་མོ་ཡོངས་ལ། བོད་རྒྱལ་ལོ་ ༢༡༥༠ རབ་བྱུང་༡༧ རབ་གནས་ཆུ་ཡོས་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་རྟེན་འབྱུང་ལ། འདི་ག་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གུང་རུ་ཁམ་ཚན་གི་བླ་སྤྲུལ་དགེ་འདུས་མང་ཡོངས་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག ལོ་གསར་བའི་ནང་ཁྱེད་རྣམས་ནད་མེད་ཚེ་རིང་ཞིང་ནང་མི་འཆམ་མཐུན་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་བ་དང་། རྣམ་དཀར་ཆོས་མཐུན་གྱི་བྱ་བ་རྣམས་ཡིད་བསམ་ལྟར་འགྲུབ་པ། འཛམ་གླིང་ཡུལ་གྲུ་ཀུན་ཏུ་ནད་ཡམས་དམག་འཁྲུག་མུ་གེ་སོགས་ཕྱི་ནང་གི་མི་འདོད་པའི་ཉེར་འཚེ་མཐའ་དག་རྨེག་མེད་རང་སར་ཞི་ཞིང་འགྲོ་རྣམས་ཆོས་འབྱོར་བདེ་དགའ་རྒྱ་མཚོའི་དཔལ་ལ་ཅི་དགར་ལོངས་སྤྱོད་ཐུབ་པ་དང་། ལྷག་པར་འཛམ་གླིང་ཞི་བདེའི་དེད་དཔོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་མེད་ཀྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་༸སྐུ་ཚེ་སྐལ་བརྒྱར་བརྟན་ཅིང་བསྟན་འགྲོའི་དོན་ཆེན་འབད་མེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་སེལ་བའི་སྨོན་འདུན་དང་བཅས།
དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གུང་རུ་ཁང་ཚན་རྒྱུན་ལས་ཁང་ནས་ཟླ་ཚེས་བཟང་པོར་ཕུལ། 🌸🙏🌸🙏🌸🙏

འབྲས་སྤུངས་སྒོ་མང་གུང་རུ་ཁང་ཚན་གི་དགེ་འདུན་པ་རྣམས་ལ་ལོ་རྟག་པར་ལོ་གསར་གྱི་ཁ་ཟས་གོ་རེ་འབུལ་སྲོལ་ཡོད་པ་བཞིན་དུ། འདི་ལོའི་ཡང...
16/02/2023

འབྲས་སྤུངས་སྒོ་མང་གུང་རུ་ཁང་ཚན་གི་དགེ་འདུན་པ་རྣམས་ལ་ལོ་རྟག་པར་ལོ་གསར་གྱི་ཁ་ཟས་གོ་རེ་འབུལ་སྲོལ་ཡོད་པ་བཞིན་དུ། འདི་ལོའི་ཡང་ཁང་ཚང་གི་སྤྱི་ཐབ་ཁང་ནང་དགེ་འདུན་པ་ཞིག་གྱི་ལོ་གསར་གོ་རེ་སྲེག་བཞིན་པའི་སྐབས་ཀྱི་བརྙན་པར་ཞིག

Address

Karwar

Telephone

+918904621439

Website

Alerts

Be the first to know and let us send you an email when Drepung Gomang Gungru Khangtsen posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Share