Kagyu Thekchen Ling

Kagyu Thekchen Ling An institute founded on the convergence of compassion and wisdom to eradicate all hindrances.

༄༅། །སྤྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༢༣ སྟེ་རེས་གཟའ་ཉི་མའི་ཉིན། འདི་ག་རིག་པའི་རྡོ་རྗེ་གཙུག་ལག་སློབ་གཉེར་ཁང་དུ་མཁན་སློབ་དགེ་བའ...
23/08/2026

༄༅། །སྤྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༢༣ སྟེ་རེས་གཟའ་ཉི་མའི་ཉིན། འདི་ག་རིག་པའི་རྡོ་རྗེ་གཙུག་ལག་སློབ་གཉེར་ཁང་དུ་མཁན་སློབ་དགེ་བའི་བཤེས་གཉེན་རྣམ་པ་དང་། སློབ་ཕྲུག་རྣམས་ལྷན་འཛོམས་ཀྱིས་ཟླ་རེའི་བགྲོ་གླེང་ཚོགས་བཞིན་པའི་བརྙན་པར་རོ། །

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༢༡ སྟེ་རེས་གཟའ་པ་སངས་ཉིན། བོད་མི་མང་སྤྱི་འཐུས་སྐུ་ངོ་བསྟན་པ་ཡར་འཕེལ་མཆོག་དང་སྐུ་ངོ་ག་རྒྱ་...
23/08/2026

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༢༡ སྟེ་རེས་གཟའ་པ་སངས་ཉིན། བོད་མི་མང་སྤྱི་འཐུས་སྐུ་ངོ་བསྟན་པ་ཡར་འཕེལ་མཆོག་དང་སྐུ་ངོ་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་མཆོག་རྣམ་གཉིས་ལ་བྷ་བཀའ་བརྒྱུད་ཐེག་ཆེན་གླིང་དུ་གནས་གཟིགས་གནང་བ་དང་། ལ་བྷ་ཁུལ་གྱི་བོད་མི་རྣམས་ལ་བཀའ་སློབ་གནང་བཞིན་པའི་བརྙན་པར་རོ། །

21/08/2026
༄༅། །དཔལ་༸རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་བཅུ་བདུན་པ་ཆེན་པོ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གིས་དྲྭ་ལམ་ཐོག་ནས་ ༢༠༢༦ ལོའི་མར་...
21/08/2026

༄༅། །དཔལ་༸རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་བཅུ་བདུན་པ་ཆེན་པོ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གིས་དྲྭ་ལམ་ཐོག་ནས་ ༢༠༢༦ ལོའི་མར་རྔོག་དབྱར་ཆོས་ཆེན་མོ་དབུ་འཛུགས་གནང་ནས་མཇུག་ལེགས་པར་གྲུབ་པའི་བརྙན་པར་ཁག །

15/08/2026

Wish you all Happy 80th Independence Day.
Little monks from our Dharma Shri School students singing Vande Mataram & National Anthem.

The 2026 Rainy Season Retreat at Kagyu Thekchen Ling was successfully observed for one and a half months and concluded o...
13/08/2026

The 2026 Rainy Season Retreat at Kagyu Thekchen Ling was successfully observed for one and a half months and concluded on August 13.

དེ་རིང་ཧོར་ཟླ་ ༧ ཚེས་ ༡ ཉིན་གཞི་གསུམ་ཆོ་ག་ཡོངས་རྫོགས་ལེགས་པར་གྲུབ་པའི་མཇུག་ཆོག་ཏུ་ཞོགས་པ་བསང་གསོལ་དང་སྒར་ཆེན་བཀྲ་ཤིས་བཅས་ཀྱིས་མཇུག་གི་བསྔོ་སྨོན་མཛད། དེ་ནས། རིས་མེད་བསྟན་པའི་མངའ་བདག་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་ཞལ་སྔ་ནས།

དགག་དབྱེ་ཐོན་པའི་ཚེས་བཅུ་དྲུག་གི་ཉིན་གནས་ལ་ཆགས་ཞེན་དང་། དུབ་པ་ལ་སོགས་པ་སྤང་བའི་ཕྱིར། རྒྱང་གྲགས་གཅིག་ཕན་ཆད་དུ་ལྗོངས་རྒྱུ་ཞིང་འགྲོ་བར་གསུངས་པ་ལྟར། ཁམས་ཀྱི་དུབ་པ་བསང་ཕྱིར་སྤྱོད་ལམ་རྣམ་བཞི་བག་ཡོད་ཞི་དུལ་ཚུལ་གནས་མཛེས་ཤིང་དྭངས་སྤྲོ་བས་སྐྱོ་བསང་གི་དགའ་སྟོན་སོགས་དང་འབྲེལ་བར་ཞག་བདུན་ལ་སོགས་པར་ཅི་བདེར་རྒྱུ། གལ་ཏེ་ལྗོངས་རྒྱུ་སོགས་ལ་མི་སྤྲོ་བ་ཞིག་ཡིན་ཏུ་ཟིན་ཀྱང་དབྱར་ཁས་བླང་ཕྱིན་དགག་དབྱེ་གྲོལ་ནས། དབྱར་གནས་པ་ནས་ཕྱི་རོལ་ལོགས་སུ་གོམ་པ་བརྒྱད་ཅུ་ཙམ་མ་སོང་ན་ཉེས་བྱས་ཡིན་པར་གསུངས་པས་ལྗོངས་རྒྱུའི་གཡབ་གུར་སོགས་ཡོད་ན་དེར་འབྱོན་པ་ཡིན་ནོ། །ཞེས་གསུང་པ་བཞིན།

དྲི་ཞིམ་སྤོས་ཀྱིས་སྣེ་དྲངས་ཏེ་རྒྱ་གླིང་དང་ཆོས་དུང་དཀར་མོའི་བསུ་བ་དང་བཅས། མཁན་པོ་གནས་བརྟན་བགྲེས་གཞོན་གོ་རིམ་བཞིན་འཁར་གསིལ་ཕྱག་ཏུ་བསྣམས་ཏེ་ངང་པའི་དལ་འགྲོས་དང་བཅས་སྤྱོད་ལམ་མཛེས་སྡུག་ཚུལ་ལྡན་གྱི་ཐོག ལུས་སེམས་སྤྲོ་བས་རབ་ཏུ་བརྟས་པའི་སྒོ་ནས་ལྗོངས་སུ་རྒྱུ་བའི་བརྙན་པར་འགའ་ཞིག་དད་ལྡན་ཚོ་ལ་སྤྱན་འབུལ་ཞུ།

༄༅། །མདོ་རྩ་བ་ལས། དབྱར་གནས་པས་དགེ་འདུན་ལ་མཐོང་བ་དང་ཐོས་པ་དང་དོགས་པ་དག་གིས་དགག་དབྱེ་བྱའོ། །དབྱར་རྣམས་ཀྱི་ཐ་མའི་ཉིན་ལའོ། །...
12/08/2026

༄༅། །མདོ་རྩ་བ་ལས། དབྱར་གནས་པས་དགེ་འདུན་ལ་མཐོང་བ་དང་ཐོས་པ་དང་དོགས་པ་དག་གིས་དགག་དབྱེ་བྱའོ། །དབྱར་རྣམས་ཀྱི་ཐ་མའི་ཉིན་ལའོ། །ཞེས་དང་། ཚེས་བཅུ་བཞིའི་མཚན་ཐོག་ཐག་ཏུ་ཆོས་མཉན་པ་སྦྱིན་པར་བྱའོ། །ཞེས་དང་། དགེ་སློང་དགག་དབྱེ་བྱེད་པ་བསྐོ་བར་བྱའོ། །ཞེས་དང་། དེས་རྩྭ་དཱུར་བ་བྲིམ་པར་བྱའོ། །ཞེས་དང་། རང་གི་རྫས་གང་ཡང་རུང་བ་ཐ་ན་ཁབ་ཙམ་གྱིས་ཀྱང་དགེ་འདུན་ལ་རྫས་ཀྱི་དགག་དབྱེ་བརྩམ་པར་བྱ་སྟེ། ཞེས་གསུངས་པ་བཞིན། འདི་ག་དཔལ་བཀའ་བརྒྱུད་ཐེག་ཆེན་གླིང་གི་དགེ་སློབ་ཡོངས་ནས་དབྱར་གནས་པ་ལེགས་པར་གྲུབ་སྟེ། སྤྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༡༡ ཏེ་མར་ངོའི་ཚེས་བཅུ་བཞི་ཉིན་དགག་དབྱེའི་སྟ་གོན་དུ་མཚན་ཐོག་ཐག་གི་ཆོས་འཆད་མཉན་གྱིས་མཚན་འདའ་བར་མཛད། སླར་ཡང་དེ་རིང་ཞོགས་པ་དགག་དབྱེ་བྱེད་པ་བསྐོས་ཤིང་དེས་རྩྭ་ཀུ་ཤ་བྲིམས་རྗེས་ལྟུང་བའི་དགག་དབྱེ་དངོས་བཞི་གནང་། མཐར་དགག་དབྱེ་བྱས་པའི་དགེ་འདུན་ཐམས་ཅད་དགེ་ལེགས་ཀྱི་བསམ་པ་ཅན། བྱམས་པའི་བསམ་པ་ཅན་ཡིན་པས་བསོད་ནམས་ཀྱི་ཞིང་མཆོག་ཏུ་གྱུར་པ་ཡིན་པ་ལ་རྫས་ཀྱི་རྙེད་པ་གང་ཡོད་འབུལ་བའི་སྒོ་ནས་རྫས་ཀྱི་དགག་དབྱེ་མཛད་དེ་གཞི་གསུམ་གྱི་ཆོ་ག་ལས་དགག་དབྱེའི་ཆོ་གའི་མཇུག་ལེགས་པར་གྲུབ། དེ་དང་འབྲེལ་བའི་སྐུ་པར་འགའ་ཞིག་དགྱེས་གཟིགས་ཡོང་བའི་ཆེད་རྣམ་པ་ཚོ་ལ་སྤྱན་འབུལ་ཞུ།

༄༅། །སྤྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༡༡ ཉིན་འདི་ག་གཞི་རིམ་སློབ་གྲྭ་དྷརྨ་ཤྲཱིའི་ལོ་ཕྱེད་ཡིག་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས་གནང་...
11/08/2026

༄༅། །སྤྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༡༡ ཉིན་འདི་ག་གཞི་རིམ་སློབ་གྲྭ་དྷརྨ་ཤྲཱིའི་ལོ་ཕྱེད་ཡིག་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས་གནང་བཞིན་པའི་བརྙན་པར་རོ། །

Celebrating hard work and achievement: Dharma Shri School's Half Yearly Results, captured beautifully!

Address

Kagyu Thekchen Ling
Kalimpong
734319

Opening Hours

Monday 5am - 5pm
Tuesday 5am - 5pm
Wednesday 5am - 5pm
Thursday 5am - 5pm
Friday 5am - 5pm
Saturday 5am - 5pm
Sunday 5am - 5pm

Telephone

+917076809252

Alerts

Be the first to know and let us send you an email when Kagyu Thekchen Ling posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Place Of Worship

Send a message to Kagyu Thekchen Ling:

Shortcuts

Share