DreLoling Tsethang Khangtsen

DreLoling Tsethang Khangtsen Contact information, map and directions, contact form, opening hours, services, ratings, photos, videos and announcements from DreLoling Tsethang Khangtsen, Convent and monastery, Tibetan colony, Lama camp no 2, , Drepung Loseling, Hubli.

༈ འབྲས་སྤུངས་བློ་གསལ་གླིང་རྩེད་ཐང་ཁང་ཚན་ནས་ལོ་རེར་ཁང་ཚན་གྱི་༧རྒྱལ་བའི་བཞུགས་ཁྲི་ནས་བྱུང་བའི་སྐུ་སྐལ་དགའ་ལྡན་ཕོ་བྲང་གི་ཡི...
17/10/2025

༈ འབྲས་སྤུངས་བློ་གསལ་གླིང་རྩེད་ཐང་ཁང་ཚན་ནས་ལོ་རེར་ཁང་ཚན་གྱི་༧རྒྱལ་བའི་བཞུགས་ཁྲི་ནས་བྱུང་བའི་སྐུ་སྐལ་དགའ་ལྡན་ཕོ་བྲང་གི་ཡིག་ཚང་དུ་འབུལ་དོན་བཞིན། འདི་ལོར་ཡང་སྐུ་སྐལ་ཕོ་བྲང་གི་ཡིག་ཚང་དུ་ཕུལ་བའི་བྱུང་འཛིན།
As in the preceding years, we have received the official receipt from Gaden Phodrang office for the cash offering collected from the Dalai Lama's throne in Tsethang Khangtsen and was sent to the office this year.

དགའ་བསུའི་མཚམས་འཕྲིན། ༈ བསྟན་པའི་གསལ་བྱེད་༸སྐྱབས་རྗེ་མཁན་ཟུར་རིན་པོ་ཆེ་དགེ་བཤེས་བློ་བཟང་བསམ་གཏན་མཆོག་ལ། ༸གོང་ས་༸སྐྱབས་མག...
03/10/2025

དགའ་བསུའི་མཚམས་འཕྲིན།

༈ བསྟན་པའི་གསལ་བྱེད་༸སྐྱབས་རྗེ་མཁན་ཟུར་རིན་པོ་ཆེ་དགེ་བཤེས་བློ་བཟང་བསམ་གཏན་མཆོག་ལ། ༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ནས་ཡེ་ཤེས་དབྱིངས་དཔྱད་ཀྱིས། ༸སྐུ་བཅར་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་གསར་པའི་ཕྱག་རྟགས་སྤྱི་བོའི་རྒྱན་དུ་སྨིན་སྩོལ་བྱུང་བར། འབྲས་སྤུངས་བློ་གསལ་གླིང་རྩེད་ཐང་ཁང་ཚན་གྱི་འདུས་མང་ཡོངས་ནས་དགའ་གུས་ཆེན་པོའི་སྒོ་ནས་བཀྲིས་བདེ་ལེགས་གྲངས་མེད་ཞུ་བ་དང་། ཆབས་ཅིག་སྐུ་ཁམས་བཟང་ཞིང་། རྣམ་པར་དཀར་བའི་མཛད་འཕྲིན་མཐའ་དག་༸རྒྱལ་བའི་ཐུགས་བཞེད་བཞིན་བསྟན་འགྲོའི་གསོས་སུ་སྨིན་པའི་སྨོན་འདུན་རྒྱ་ཆེར་ཞུ།


འབྲས་སྤུངས་བློ་གསལ་གླིང་རྩེད་ཐང་ཁང་ཚན་འདུས་མང་ཡོངས་ནས་ཕྱི་ལོ་ ༢༠༢༥ ཟླ་བ་ ༡༠ ཚེས་ ༣ དགེ་བར་
ཕུལ།།

༈ དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་རྩེད་ཐང་ཁང་ཚན་གྱི་སྡེ་སྲིད་ རིན་པོ་ཆེ་མཆོག་དང་། དགེ་བའི་བཤེས་གཉེན་ཆེན་པོ་དགེ་བཤ...
17/09/2025

༈ དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་རྩེད་ཐང་ཁང་ཚན་གྱི་སྡེ་སྲིད་ རིན་པོ་ཆེ་མཆོག་དང་། དགེ་བའི་བཤེས་གཉེན་ཆེན་པོ་དགེ་བཤེས་བློ་བཟང་བསྟན་པ་མཆོག་དང་། དགེ་བའི་བཤེས་གཉེན་དགེ་བཤེས་ཚུལ་ཁྲིམས་མཐར་ཕྱིན། དེ་བཞིན་དགེ་བཤེས་ངག་དབང་བཀྲིས་དང་། དགེ་བཤེས་ཕུན་ཚོགས་བསྟན་འཕེལ་དང་། དགེ་བཤེས་ངག་དབང་བཟང་པོ། རྒན་བསྟན་འཛིན་དཔལ་ལྡན། རྒན་དར་རྒྱས་རྣམས་ལ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བརྩེ་བ་ཆེན་པོས་མཇལ་ཁ་བསྩལ་གནང་མཛད་པའི་བརྙན་དཔར་ཁག

"With profound and great compassion, His Holiness the 14th Dalai Lama graciously granted an audience to our revered spiritual masters —His eminence Desit Rinpoche, Geshe Lobsang Tenpa, Geshe Tsultrim Therchin, Geshe Ngawang Tashi, and Geshe Phuntsok Tenphel, Geshe Nawang Zangpo, Gen Palden and Gen Tenzin Dhargyal.

དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་རྩེད་ཐང་ཁང་ཚན་ཁོངས་ནས་འདི་ལོའི་དགེ་ལྡན་ལུགས་བཟང་གཙུག་ལག་ཁང་ཆེན་མོའི་རྒྱུགས་ཁོངས་སུ་བཞུགས...
11/08/2025

དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་རྩེད་ཐང་ཁང་ཚན་ཁོངས་ནས་འདི་ལོའི་དགེ་ལྡན་ལུགས་བཟང་གཙུག་ལག་ཁང་ཆེན་མོའི་རྒྱུགས་ཁོངས་སུ་བཞུགས་པའི་སློབ་གཉེར་བ་རྣམ་པས། ངེད་ཁང་ཚན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་བླ་མ་གཞུང་ལེན་པ་དགེ་བཤེས་་བསྟན་འཛིན་དཔལ་མཆོག་མཇལ་བཅར་ཞུས་པའི་བརྙན་ཐུང་དང་པར་རིས་འགའ་དྲན་རྟེན་དུ།

As a memento, a short video and photos were taken during some candidates of Gelug Board examination from Drepung Loseling Tsethang khangtsen had audience with Spiritual Master Geshe Tenzin Palchok

ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་དགེ་བཤེས་བློ་བཟང་བསྟན་པ་དཔལ་བཟང་པོ་མཆོག་དང་། དགེ་བའི་བཤེས་གཉེན་དགེ་བཤེས་ཚུལ་ཁྲིམས་མཐར་...
30/07/2025

ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་དགེ་བཤེས་བློ་བཟང་བསྟན་པ་དཔལ་བཟང་པོ་མཆོག་དང་། དགེ་བའི་བཤེས་གཉེན་དགེ་བཤེས་ཚུལ་ཁྲིམས་མཐར་ཕྱིན་རྣམ་གཉིས་ཀྱི་གང་ཉིད་ཀྱི་དགེ་ཕྲུག་ཁོངས་ནས་འདི་ལོར་དགེ་ལུགས་རྒྱུགས་སྤྲོད་ཕེབས་བཞིན་པ་ཚོར་མཇལ་ཁ་དང་སྦྲགས། རྒྱུགས་ཞུགས་སྐབས་སྦྱོར་བ་ཀུན་སློང་བཅོས་སྟངས་དང་། དངོས་གཞི་བྱེད་སྒོ། མཇུག་དགེ་བ་བསྔོ་ཚུལ་སོགས་ཀྱི་བཀའ་སློབ་ཟབ་མོ་སྩོལ་བཞིན་པའོ།།

Venerable Spiritual master Geshe Lobsang Tenpa and Geshe
Tsultrim Therchin gave an audience and guidence to disciples, who are candidates of Gelug Board examination.

ཁང་ཚན་འདི་ཉིད་ལ་བཀྲིན་ཆེས་ཤིན་ཏུ་ཆེ་བ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་...
12/07/2025

ཁང་ཚན་འདི་ཉིད་ལ་བཀྲིན་ཆེས་ཤིན་ཏུ་ཆེ་བ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྒན་རྒྱ་མཚོ་སྦྱིན་པ་དཔལ་བཟང་པོ་མཆོག་དང་། དགེ་བའི་བཤེས་གཉེན་པོ་དགེ་བཤེས་དགེ་འདུན་བཟོད་པའི་རྣམ་པ་གཉིས་ཀྱི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་བསོད་ནམས་ཀྱི་ཞིང་མཆོག་ཏུ་བཞུགས་སོ།།

The images of liberation by seeing, Most Venerable and incomperable kindness towards Drepung Loseling Tsethang khangtsen, our Spiritual Masters Gen Gyatso Jinpa and Gen Gendun Zoepa.

ཁང་ཚན་ནང་གཞུང་ཆེན་སློབ་གཉེར་བ་ཁག་ཅིག་དང་། གཞན་ཡང་སློབ་ཕྲུག་ཆུང་བ་རྣམས་ལ་བློ་རྒྱུགས་དང་འབྲི་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲ...
06/07/2025

ཁང་ཚན་ནང་གཞུང་ཆེན་སློབ་གཉེར་བ་ཁག་ཅིག་དང་། གཞན་ཡང་སློབ་ཕྲུག་ཆུང་བ་རྣམས་ལ་བློ་རྒྱུགས་དང་འབྲི་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས་དང་། དགེ་བའི་བཤེས་གཉེན་ཆེན་པོ་དགེ་བཤེས་བློ་བཟང་བསྟན་པ་ལགས་ནས་སློབ་གཉེར་བ་རྣམས་ལ་གྲུབ་འབྲས་ལེགས་སོན་གྱི་བྱ་དགའ་བསྩལ་བ་དང་། སྐུའི་གོ་སྟོན་གྱི་མཛད་སྒོ་ལེགས་པར་གྲུབ་ཟིན་ནས། དྲེའུ་ལྷས་རིན་པོ་ཆེ་མཆོག་དང་། དགེ བའི་བཤེས་གཉེན་རྣམ་པས་ཤིང་སྣ་འདེབས་འཛུགས་གནང་བཞིན་པའི་བརྙན་ཐུང་དང་བརྙན་དཔར་འགའ།

Our spiritual Geshi Lharampa Lobsang Tenpa has presented the gift to students from Tsethang for their outstanding result of written and memorization exam in Tsethang khangtsen. And after successful occasion of 90th Birthday of His Holiness the 14th Dalai Lama, H E Driu lhey Rinpoche and our spiritual mastered the planted the tree for longevity of His Holiness the Dalai Lama.

༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་དཔེ་མངོན་པར་བཞད་ནས་བགྲང་བྱ་དགུ་བཅུར་བཞེས་པའི་གོ་སྟོན་གྱི་དགའ་སྟོན་མཛད་སྒོ...
06/07/2025

༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་དཔེ་མངོན་པར་བཞད་ནས་བགྲང་བྱ་དགུ་བཅུར་བཞེས་པའི་གོ་སྟོན་གྱི་དགའ་སྟོན་མཛད་སྒོ། འབྲས་སྤུངས་བློ་གསལ་གླིང་རྩེད་ཐང་ཁང་ཚན་གྱི་འདུས་མང་ཡོངས་ནས། དགའ་དད་སྤྲོ་གསུམ་གྱི་སྒོ་ནས་སྲུང་བརྩི་ཞུ་བཞིན་པ།

In the presence of entire monks of Drepung Loseling Tsethang khangtsen at main prayer hall, Celebrating 90th birthday of His Holiness the 14th Dalai Lama in the spirit of unshakable faith and overwhelming amount of joy.

དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་རྩེད་ཐང་ཚན་གྱི་སློབ་གཉེར་བ་དབུ་མ་འཛིན་གྲྭ་མན་ཆད་ནས། ཁང་ཚན་གྱི་ཚོམས་ཆེན་ནང་འབྲི་རྒྱུགས་གན...
23/06/2025

དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་རྩེད་ཐང་ཚན་གྱི་སློབ་གཉེར་བ་དབུ་མ་འཛིན་གྲྭ་མན་ཆད་ནས། ཁང་ཚན་གྱི་ཚོམས་ཆེན་ནང་འབྲི་རྒྱུགས་གནང་བཞིན་པའི་འགུལ་བརྙན་དང་བརྙན་དཔར་འགའ།

Some images and short video clips of Students of Tsethang Khangtsen from below middle way class during written examination in main prayer hall.

༢༠༢༤ ལོའི་རི་བོ་དགེ་ལྡན་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་དགེ་ལུགས་རྒྱུགས་སྤྲོད་དུ་མཉམ་བཞུགས་གནང་མཁན་གྱི་སློབ་མ་ཁག་ཅིག་འབྲས་...
10/08/2024

༢༠༢༤ ལོའི་རི་བོ་དགེ་ལྡན་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་དགེ་ལུགས་རྒྱུགས་སྤྲོད་དུ་མཉམ་བཞུགས་གནང་མཁན་གྱི་སློབ་མ་ཁག་ཅིག་འབྲས་སྤུངས་བློ་གསལ་གླིང་རྩེད་ཐང་ཚན་གྱི་ཚོམས་ཆེན་ནང་། དགེ་བའི་བཤེས་གཉེན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་པའི་དྲུང་དུ་མཇལ་བཅར་ཞུས་པའི་བརྙན་པར་དང་འགུལ་བརྙན་འགའ་བཞུགས་སོ།།

བླ་མ་གཞུང་ལེན་པ་ནི་གྲྭ་ཚང་གི་ལས་སྣེ་ཆེ་ཁག་རིམ་པ་གཉིས་པ་དབུ་ཆོས་རྣམ་པ་གསུམ་གྱི་འགན་འཛིན་ཆགས་ཡོད་པ་དང་། སྐྱབས་རྗེ་མཁན་རིན་...
18/07/2024

བླ་མ་གཞུང་ལེན་པ་ནི་གྲྭ་ཚང་གི་ལས་སྣེ་ཆེ་ཁག་རིམ་པ་གཉིས་པ་དབུ་ཆོས་རྣམ་པ་གསུམ་གྱི་འགན་འཛིན་ཆགས་ཡོད་པ་དང་། སྐྱབས་རྗེ་མཁན་རིན་པོ་ཆེ་གྲྭ་ཚང་ནང་མ་བཞུགས་པའི་སྐབས་བླ་མ་གཞུང་ལེན་པས་མཁན་ཚབ་གནང་དགོས།

བོད་རྒྱལ་ལོ་༢༡༥༡བོད་ཟླ་༦་ཚེས་༡༡་ཕྱི་ལོ་༢༠༢༤ཕྱི་ཟླ་༧ཚེས༡༧རེས གཟའ་ལྷག་དཀར་དགེ་བའི་ཉིན་ཞོགས་པ་ཆུ་ཚོད་གསུམ་དང་ཕྱེད་ཀའི་ཐོག་ག...
18/07/2024

བོད་རྒྱལ་ལོ་༢༡༥༡བོད་ཟླ་༦་ཚེས་༡༡་ཕྱི་ལོ་༢༠༢༤ཕྱི་ཟླ་༧ཚེས༡༧རེས གཟའ་ལྷག་དཀར་དགེ་བའི་ཉིན་ཞོགས་པ་ཆུ་ཚོད་གསུམ་དང་ཕྱེད་ཀའི་ཐོག་གྲྭ་ཚང་འདི་ཉིད་ཀྱི་ཁང་རྒན་རྣམ་པ་དང་། གསུང་བཟང་བ་ལྷན་འཛོམས་ཀྱིས་འབྲས་སྤུངས་བློ་གསལ་གླིང་རྩེད་ཐང་ཁང་ཚན་གྱི་ཚོམས་ཆེན་ནང་དབུ་ཟུར་རྩེད་ཐང་དགེ་བཤེས་ལྷ་རམས་པ་བསྟན་འཛིན་དཔལ་མཆོག་ལགས་བླ་མ་གཞུང་ལེན་པར་ཁྲི་འདོན་མཛད་སྒོ་ཚུགས་པ་དང་། དེ་ནས་ཆུ་ཚོད་བཞི་དང་ཕྱེད་ཀའི་ཐོག་འབྲས་སྤུངས་བློ་གསལ་གླིང་སྤྲུལ་པའི་གཙུག་ལག་ཁང་ནང་གྲྭ་ཚང་གི་འཛིན་སྐྱོང་ཕྱག་མཛོད་རྣམ་པ། ཁང་རྒན་རྣམ་པ། གསུང་བཟང་བ་ལྷན་འཛོམས་ཀྱིས་བླ་མ་གཞུང་ལེན་པའི་ཁྲི་འདོན་མཛད་སྒོ་ཚུགས།

Address

Tibetan Colony, Lama Camp No 2, , Drepung Loseling
Hubli
581349

Telephone

+917975911256

Website

Alerts

Be the first to know and let us send you an email when DreLoling Tsethang Khangtsen posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Place Of Worship

Send a message to DreLoling Tsethang Khangtsen:

Share