Ngagyur Shugseb Nunnery Institute

Ngagyur Shugseb Nunnery Institute Tibetan Buddhist nuns at Shugseb Nunnery and Institute in India practicing a special ritual called Chöd.

This spiritual practice aims at cutting through ego and ignorance, the greatest obstacles on the path to enlightenment.

https://youtu.be/Hy6xKXc3iSE?si=4zv40Djsm_i1nv3h
19/02/2026

https://youtu.be/Hy6xKXc3iSE?si=4zv40Djsm_i1nv3h

དེ་རིང་ཕྱི་ལོ་ ༢༠༢༦ ཕྱི་ཟླ་ ༢ ཚེས་ ༡༨ བོད་ལུགས་ཀྱི་གནམ་ལོ་གསར་བཞད་པའི་ཉིན་མོར་བཞུགས་སྒར་ཉེ་འདབས་སུ་ཆགས་པ...

༄༅། །བོད་རྒྱལ་ལོ་ ༢༡༥༣ རབ་གནས་མེ་རྟ་ལོའི་གནམ་ལོ་གསར་དུ་བཞད་པའི་དུས་ཚེས་༡ དང་། ཕྱི་ལོ་༢༠༢༦ ཟླ་ ༢ ཚེས་ ༡༨ གཟའ་དཀར་འཕྲོད་སྦ...
19/02/2026

༄༅། །བོད་རྒྱལ་ལོ་ ༢༡༥༣ རབ་གནས་མེ་རྟ་ལོའི་གནམ་ལོ་གསར་དུ་བཞད་པའི་དུས་ཚེས་༡ དང་། ཕྱི་ལོ་༢༠༢༦ ཟླ་ ༢ ཚེས་ ༡༨ གཟའ་དཀར་འཕྲོད་སྦྱོར་ཤིན་ཏུ་དགེ་བའི་ཉིན། དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་བཙུན་དགོན་ཤུག་གསེབ་ཨོ་རྒྱན་རྫོང་གི་མཁན་མོའི་ཐེངས་དང་པོའི་ཁྲི་འདོན་མཛད་སྒོ། ཚོགས་ཀྱི་གཙོ་བོ་རྒྱལ་བསྟན་སྤྱི་དང་ཡང་སྒོས་སྔ་འགྱུར་བསྟན་པའི་སྒྲོན་མེ། ཁྱད་པར་ཤུག་གསེབ་བཙུན་དགོན་ལ་ཐོག་མཐའ་བར་གསུམ་དུ་བཀའ་དྲིན་གྱི་ཕུང་པོ་ཤིན་ཏུ་ལྕི་བའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ། མཁན་ཆེན་འདུལ་བ་འཛིན་པ་པདྨ་ཤེས་རབ་རིན་པོ་ཆེ་མཆོག་དང་། སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཆོས་རིགས་དྲུང་ཆེ་བདུད་འདུལ་རྡོ་རྗེ་མཆོག། བོད་ཀྱི་བཙུན་མའི་ལས་འཆར་ཁང་གི་ངེས་སྟོན་པ་དབུ་དཀར་ཚང་གཡུ་སྒྲོན་ལགས། ཉེ་འཁོར་གྱི་དགོན་སྡེ་དང་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ། གཞན་ཡང་ཕྱོགས་མཐའ་ཁག་ནས་དད་ལྡན་མང་ཚོགས་མཉམ་འདུས་ཀྱིས། སྒྲུབ་སྡེ་ཁང་གསར་པ་དང་། ཤུག་གསེབ་ཞིབ་འཇུག་ཁང་གཉིས་སྒོ་འབྱེད། ལོ་རྒྱུས་རང་བཞིན་ལྡན་པའི་ཤུག་གསེབ་མཁན་མོ་ཁྲི་འདོན་ཐེངས་དང་པོའི་མཛད་སྒོ་ཕུན་སུམ་ཚོགས་པའི་ངང་མཐའ་གྲུབ་པ་བྱུང་ཡོད། མཛད་སྒོ་འདི་ལྟ་བུ་དངོས་སུ་ཚུགས་ཐུབ་པ་བྱུང་བ་ནི་གཙོ་བོ་རྒྱལ་བ་དོན་གྱི་བདག་པོ་༸སྤྱི་ནོར་གོང་ས་སྐྱབས་མགོོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་བླ་མེད་དང་། དེ་བཞིན་༸ སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་དང་མཁན་ཆེན་དགེ་བའི་བཤེས་གཉེན་པདྨ་ཤེས་རབ་རིན་པོ་མཆོག་གཉིས་ཀྱི་ཟླ་མེད་ཐུགས་བསྐྱེད་དང་། ལྷག་པར་དུ་ཡང་དགོན་འདིར་བཀའ་དྲིན་ཤིན་ཏུ་ཆེ་བའི་བཀའ་ཟུར་ལྷ་ལྕམ་རིན་ཆེན་མཁའ་འགྲོ་མཆོག་གིས་དབུ་ཁྲིད་པའི་བོད་ཀྱི་བཙུན་མའི་ལས་འཆར་ཁང་གི་མཐུན་འགྱུར་མུ་མཐུད་གནང་བ་བཅས་ཀྱི་དྲིན་ལས་བྱུང་བས། ངེད་ཤུག་གསེབ་བཙུན་དགོན་འདུས་སྤྱི་ཡོངས་ནས་སྒོ་གསུམ་གུས་པ་ཆེན་པོའི་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞེས་ཞུ་བ་ལགས།

༄། །ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡༧ དང་། བོད་ཟླ་ ༡༢ ཚེས་ ༣༠ དུས་ཚེས་ཁྱད་པར་ཅན་གནམ་གུང་ཉིན།  རང་ཅག་རྣམས་ལ་བཀའ་དྲིན་བླ་ལྷག་ཏུ་ཆ...
17/02/2026

༄། །ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡༧ དང་། བོད་ཟླ་ ༡༢ ཚེས་ ༣༠ དུས་ཚེས་ཁྱད་པར་ཅན་གནམ་གུང་ཉིན། རང་ཅག་རྣམས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི། བཀའ་དྲིན་གསུམ་ལྡན་གྱི་བླ་མ། ངེས་པ་དོན་གྱི་སྡོམ་གསུམ་སྡེ་སྣོད་འཛིན་པ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་མཁན་ཆེན་པདྨ་ཤེས་རབ་རིན་པོ་ཆེ་མཆོག་ནས་དགེ་སློབ་ཡོངས་ལ་འདི་ཕྱི་གཉིས་སྨན་གྱི་བཀའ་སློབ་ཟབ་རྒྱས་གནང་ཤིང་། ། སྔ་འགྱུར་མཐོ་སློབ་བཙུན་དགོན་ཤུག་གསེབ་ཨོ་རྒྱན་རྫོང་གི་ཕྱི་ལོ་ ༢༠༢༥ ལོའི་ལོ་འཁོར་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་སྒྲོགས་སྦྱང་དང་། སློབ་གཉེར་བ་རྒྱུགས་འབྲས་རྩེར་སོན་རྣམས་ལ་བྱ་དགའི་གསོལ་རས་བསྩལ་ཞིང་། འཛིན་གྲྭ་སོ་སོའི་ཨང་ཐོབ་ཕྱག་འཁྱེར་འབུལ་བཞེས་མཛད་དེ་མཐའ་ལེགས་པར་གྲུབ་པའི་བརྙན་པར་འགའ་སྤྱན་འབུལ་ཞུ།

ནམ་ཡང་བཀའ་དྲིན་བརྗེད་ཐབས་བྲལ་བའི་བོད་ཀྱི་བཙུན་མའི་ལས་འཆར་ཁང་གིས་མཐུན་འགྱུར་རོགས་རམ་འོག་སྔ་འགྱུར་མཐོ་སློབ་ཤུག་གསེབ་བཙུན་ད...
08/02/2026

ནམ་ཡང་བཀའ་དྲིན་བརྗེད་ཐབས་བྲལ་བའི་བོད་ཀྱི་བཙུན་མའི་ལས་འཆར་ཁང་གིས་མཐུན་འགྱུར་རོགས་རམ་འོག་སྔ་འགྱུར་མཐོ་སློབ་ཤུག་གསེབ་བཙུན་དགོན་གྱི་སྒྲུབ་སྡེ་ཁང་ཕྱི་ནང་གཉིས་ཆར་གསར་བཞེངས་ལེགས་པར་གྲུབ་པ་དང་། སྔ་འགྱུར་ཤུག་གསེབ་ཞིབ་འཇུག་སྡེ་ཚན་གསར་འཛུགས་གནང་ཏེ། ཕྱི་ལོ་ ༢༠༢༦ ཕྱི་ཟླ་ ༢ ཚེས་ ༨ རེས་གཟའ་ཉི་མའི་ཉིན། སྡོམ་གསུམ་སྡེ་སྣོད་འཛིན་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་མཁན་ཆེན་པདྨ་ཤེས་རབ་རིན་པོ་ཆེ་མཆོག་དམིགས་བསལ་ཆིབས་སྒྱུར་བསྐྱངས་གནང་མཛད་དེ། བྱིན་རླབས་རབ་གནས་རྒྱས་པར་མཛད་བཞིན་པའི་བརྙན་པར་འགའ་འབྲེལ་ཡོད་རྣམས་ལ་སྤྱན་འབུལ་ཞུ།

“Under the support and assistance of the never-to-be-forgotten Tibetan Nuns’ Project, the construction of both the outer and inner retreat centers of Shugseb Nunnery of Nyingma institute has been successfully completed, and the Nyingma Shugseb Research Centre has been newly established. On Sunday, February 8, 2026, Khenchen Pema Sherab Rinpoche, the great spiritual teacher and holder of the Three Trainings and Tripitaka, specially traveled there and performed an extensive consecration blessing ceremony. We present some photographs to all concerned.”

ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༤ དང་། བོད་རབ་བྱུང་ ༡༧ པའི་རབ་གནས་ཤིང་མོ་སྦྲུལ་ལོའི་བོད་ཟླ་༡༢ ཚེས་༡༨ དཔལ་གསང་ཆེན་སྔ་འགྱུར་བའི་བས...
04/02/2026

ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༤ དང་། བོད་རབ་བྱུང་ ༡༧ པའི་རབ་གནས་ཤིང་མོ་སྦྲུལ་ལོའི་བོད་ཟླ་༡༢ ཚེས་༡༨ དཔལ་གསང་ཆེན་སྔ་འགྱུར་བའི་བསྟན་པའི་ཤིང་རྟ་ཆེན་པོ་ཀུན་མཁྱེན་རྒྱལ་བ་ཀློང་ཆེན་རབ་འབྱམས་མཆོག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་དུས་ཚིགས་ཁྱད་པར་ཅན་ཉིན། སྔ་འགྱུར་མཐོ་སློབ་བཙུན་དགོན་ཤུག་གསེབ་ཨྱོན་རྫོང་འདུས་མང་ཡོངས་ནས་དམ་པ་གང་གི་བསྟན་འགྲོར་སྨན་པའི་གསུང་གི་མཛད་བཟང་རྣམས་རྗེས་སུ་དྲན་པའི་སྒོ་ནས་འདས་མཆོད་སྨོན་ལམ་ཚོགས་བཞིན་པ་ལགས་སོ།

ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༢༩ རེས་གཟའ་ཕུར་བའི་ཉིན། རང་ཅག་རྣམས་ཀྱི་ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་མཁན་ཆེན་པདྨ་ཤེས་རབ...
29/01/2026

ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༢༩ རེས་གཟའ་ཕུར་བའི་ཉིན། རང་ཅག་རྣམས་ཀྱི་ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་མཁན་ཆེན་པདྨ་ཤེས་རབ་རིན་པོ་ཆེ་མཆོག་སྔ་འགྱུར་མཐོ་སློབ་ཤུག་གསེབ་ཨྱོན་རྫོང་དུ་ཞབས་སོར་བདེ་བར་འཁོད་པའི་སྐལ་བཟང་གི་ཉིན་མོ།

ཕྱི་ལོ་ ༢༠༢༦ ཟླ་ ༠༡  ཚེས་ ༠༧ རེས་གཟའ་ལྷག་པའི་ཉིན། སྔ་འགྱུར་མཐོ་སློབ་བཙུན་དགོན་ཤུག་གསེབ་ཨྱོན་རྫོང་གི་གཞུང་ཆེན་བཤད་གྲྭ་དང་...
07/01/2026

ཕྱི་ལོ་ ༢༠༢༦ ཟླ་ ༠༡ ཚེས་ ༠༧ རེས་གཟའ་ལྷག་པའི་ཉིན། སྔ་འགྱུར་མཐོ་སློབ་བཙུན་དགོན་ཤུག་གསེབ་ཨྱོན་རྫོང་གི་གཞུང་ཆེན་བཤད་གྲྭ་དང་གཞི་རིམ་སློབ་གྲྭ་གཉིས་ཀྱི་ཟླ་དྲུག་ཕྱི་མའི་ཡིག་རྒྱུགས་ཐ་མ། རྒྱལ་རབས་ཆོས་འབྱུང་། རྩོམ་རིག རི་མོ། དབྱིན་ཇི། ཀློག་རྩལ་རྣམས་བཏང་བའི་བརྙན་པར་འགའ་འབྲེལ་ཡོད་རྣམས་ལ་སྤྱན་འབུལ་ཞུ།

ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༣༠ རེས་གཟའ་མིག་དམར་ཉིན། སྔ་འགྱུར་མཐོ་སློབ་བཙུན་དགོན་ཤུག་གསེབ་ཨྱོན་རྫོང་གི་གཞུང་ཆེན་བཤད་གྲྭ་དང་ག...
30/12/2025

ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༣༠ རེས་གཟའ་མིག་དམར་ཉིན། སྔ་འགྱུར་མཐོ་སློབ་བཙུན་དགོན་ཤུག་གསེབ་ཨྱོན་རྫོང་གི་གཞུང་ཆེན་བཤད་གྲྭ་དང་གཞི་རིམ་སློབ་གྲྭ་གཉིས་ཀྱི་ཟླ་དྲུག་ཕྱི་མའི་ཡིག་རྒྱུགས་ཆེན་མོ་ཐེངས་གཉིས་པ་གཏོང་བཞིན་པའི་བརྙན་པར་འགའ་འབྲེལ་ཡོད་རྣམས་ལ་སྤྱན་འབུལ་ཞུ།

ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༢༣ རེས་གཟའ་ཟླ་བའི་ཉིན། སྔ་འགྱུར་མཐོ་སློབ་བཙུན་དགོན་ཤུག་གསེབ་ཨྱོན་རྫོང་གི་གཞུང་ཆེན་བཤད་གྲྭ་དང་གཞ...
22/12/2025

ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༢༣ རེས་གཟའ་ཟླ་བའི་ཉིན། སྔ་འགྱུར་མཐོ་སློབ་བཙུན་དགོན་ཤུག་གསེབ་ཨྱོན་རྫོང་གི་གཞུང་ཆེན་བཤད་གྲྭ་དང་གཞི་རིམ་སློབ་གྲྭ་གཉིས་ཀྱི་ཟླ་དྲུག་ཕྱི་མའི་ཡིག་རྒྱུགས་ཆེན་མོ་ཐེངས་དང་པོ་གཏོང་བཞིན་པའི་བརྙན་པར་འགའ་འབྲེལ་ཡོད་རྣམས་ལ་སྤྱན་འབུལ་ཞུ།

ཕྱི་ལོ་ ༢༠༢༥  ཕྱི་ཟླ་ ༡༢ ཚེས་ ༦ རེས་གཟའ་སྤེན་པའི་ཉིན། སྔ་འགྱུར་མཐོ་སློབ་བཙུན་དགོན་ཤུག་གསེབ་ཨྱོན་རྫོང་གི་བཤད་གྲྭ་དང་གཞི་ར...
06/12/2025

ཕྱི་ལོ་ ༢༠༢༥ ཕྱི་ཟླ་ ༡༢ ཚེས་ ༦ རེས་གཟའ་སྤེན་པའི་ཉིན། སྔ་འགྱུར་མཐོ་སློབ་བཙུན་དགོན་ཤུག་གསེབ་ཨྱོན་རྫོང་གི་བཤད་གྲྭ་དང་གཞི་རིམ་སློབ་གྲྭའི་སློབ་གཉེར་བ་རྣམ་པས་འཛིན་གྲྭ་སོ་སོའི་སློབ་ཚན་དང་འབྲེལ་བའི་དབྱིན་ཇི་ཐོག་གཏམ་བཤད་དང་། དཀར་བང་ཐོག་དབྱིན་ཇི་བརྡ་དག་འབྲི་རྩལ། དབྱིན་སྐད་ལམ་ནས་གཏམ་རྒྱུད་འཁྲབས་ཤིང་། སློབ་ཕྲུག་ཆུང་བ་ཚོས་རི་མོ་འགྲན་བསྡུར་དང་། བྱིས་པ་དག་ཡིག་བློ་འཛིན་ངག་རྒྱུགས་ཕུལ་བ་སོགས་ཀྱི་བྱེད་སྒོ་སྤེལ་བའི་བརྙན་པར་འགའ་འབྲེལ་ཡོད་རྣམས་ལ་སྤྱན་འབུལ་ཞུ།

ཕྱི་ལོ་ ༢༠༢༥  ཕྱི་ཟླ་ ༡༡ ཚེས་ ༨ རེས་གཟའ་སྤེན་པའི་ཉིན་སྔ་འགྱུར་མཐོ་སློབ་བཙུན་དགོན་ཤུག་གསེབ་ཨྱོན་རྫོང་གི་བཤད་གྲྭ་དང་གཞི་རི...
08/11/2025

ཕྱི་ལོ་ ༢༠༢༥ ཕྱི་ཟླ་ ༡༡ ཚེས་ ༨ རེས་གཟའ་སྤེན་པའི་ཉིན་སྔ་འགྱུར་མཐོ་སློབ་བཙུན་དགོན་ཤུག་གསེབ་ཨྱོན་རྫོང་གི་བཤད་གྲྭ་དང་གཞི་རིམ་སློབ་གྲྭའི་སློབ་གཉེར་བ་རྣམ་པས་འཛིན་གྲྭ་སོ་སོའི་སློབ་ཚན་དང་འབྲེལ་བའི་རིག་གནས་བརྡ་དག་འགྲན་རྩོད་སྐབས་ཀྱི་བརྙན་པར་འགའ་འབྲེལ་ཡོད་རྣམས་ལ་སྤྱན་འབུལ་ཞུ།

༄༅། །སྟོན་པའི་འདས་ལོ་ ༢༥༦༩ རབ་བྱུང་ ༡༧ བོད་རྒྱལ་ལོ་ ༢༡༥༢ ཤིང་མོ་སྦྲུལ། ཐ་སྐར་ཟླ་བའི་ཡར་ཚེས་ ༣ དང་། སྤྱི་ལོ་ ༢༠༢༥ ཟླ་བ་ ༡...
24/10/2025

༄༅། །སྟོན་པའི་འདས་ལོ་ ༢༥༦༩ རབ་བྱུང་ ༡༧ བོད་རྒྱལ་ལོ་ ༢༡༥༢ ཤིང་མོ་སྦྲུལ། ཐ་སྐར་ཟླ་བའི་ཡར་ཚེས་ ༣ དང་། སྤྱི་ལོ་ ༢༠༢༥ ཟླ་བ་ ༡༠ ཚེས་ ༢༤ རེས་གཟའ་པ་སངས་ཉིན། སྔ་འགྱུར་བསྟན་པའི་ཤིང་རྟ་ཆེན་མོ་ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པ་གང་ཉིད་གཟུགས་སྐུའི་བཀོད་པ་ནང་དབྱིངས་སུ་མངོན་པར་བྱང་ཆུབ་ནས་བགྲང་བྱ་མི་ལོ་ཧྲིལ་པོ་༢༢༧ འཁོར་བའི་དུས་དྲན་ཁྱད་པར་ཅན་དང་བསྟུན། སྔ་འགྱུར་མཐོ་སློབ་བཙུན་དགོན་ཤུག་གསེབ་ཨྱོན་རྫོང་གི་དགེ་སློབ་འདུས་སྡེ་ཡོངས་ནས་དམ་པ་གང་གི་སྔ་འགྱུར་བའི་བསྟན་པ་ལ་རླབས་ཆེ་བའི་གསུང་གི་མཛད་རྗེས་རྣམས་རྗེས་སུ་དྲན་ཞིང་། རང་ཅག་སློབ་འབངས་རྣམས་ཀྱི་ཚེ་རབས་སྔོན་བསགས་ཀྱི་ལས་ངན་བག་ཆགས་མ་ལུས་བྱང་ཞིང་དག་པ་དང། འབྲེལ་ཐོགས་སེམས་ཅན་རྣམས་ཀྱང་དལ་རྟེན་རིམ་བརྒྱུད་ཀྱིས་མྱུར་དུ་རྫོགས་བྱང་ཐོབ་པ་སོགས་སྒོ་དུ་མར་དམིགས་ཏེ། ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་གྱི་དཀྱིལ་འཁོར་ཞལ་ཕྱེས་པའི་སྒོ་ནས་ཚོགས་མཆོད་འབུལ་བཞིན་པའི་བརྙན་པར་འགའ་འབྲེལ་ཡོད་ཀུན་ལ་སྤྱན་འབུལ་ཞུ། 🙏་

Address

Gharoh
167215

Telephone

+919418833804

Website

Alerts

Be the first to know and let us send you an email when Ngagyur Shugseb Nunnery Institute posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Place Of Worship

Send a message to Ngagyur Shugseb Nunnery Institute:

Share