Paldechen Choekhor Ling

Paldechen Choekhor Ling Drukpa Kargyu Monastery, Tibetan colony clement town , dehradun

01/03/2026
27/02/2026
26/02/2026
20/12/2024
https://youtu.be/X50iFxhUWiU
18/09/2022

https://youtu.be/X50iFxhUWiU

Tibet was always known to be a country of peace, centered around Buddhism until China invaded and took it over. The invasion was such that Dalai Lama, Tibet'...

ཨཱཿ རང་ལུས་ཐ་མལ་གནས་པའི་མདུན་མཁའ་རུ། །ཨོ་རྒྱན་དྲི་མེད་དྷ་ན་ཀོ་ཤའི་མཚོ། །གཏིང་ཟབ་ཡན་ལག་བརྒྱད་ལྡན་ཆུས་གང་བའི། །དབུས་སུ་རིན...
05/09/2022

ཨཱཿ རང་ལུས་ཐ་མལ་གནས་པའི་མདུན་མཁའ་རུ། །

ཨོ་རྒྱན་དྲི་མེད་དྷ་ན་ཀོ་ཤའི་མཚོ། །

གཏིང་ཟབ་ཡན་ལག་བརྒྱད་ལྡན་ཆུས་གང་བའི། །

དབུས་སུ་རིན་ཆེན་པད་སྡོང་འདབ་རྒྱས་སྟེང་། །

སྐྱབས་གནས་ཀུན་འདུས་ཨོ་རྒྱན་རྡོ་རྗེ་འཆང་། །

མཚན་དཔེའི་དཔལ་འབར་མཚོ་རྒྱལ་ཡུམ་དང་འཁྲིལ། །

ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམས། །

དར་དང་རིན་ཆེན་རུས་པའི་རྒྱན་གྱིས་མཛེས། །

འོད་ལྔའི་ཀློང་ནས་བདེ་ཆེན་གཟི་བྱིན་འབར། །

འཁོར་དུ་རྩ་གསུམ་རྒྱ་མཚོ་སྤྲིན་ལྟར་གཏིབས། །

བྱིན་རླབས་ཐུགས་རྗེའི་ཆར་འབེབས་བདག་ལ་གཟིགས། །

རྒྱལ་ཀུན་ངོ་བོ་འཆི་མེད་ཡེ་ཤེས་སྐུར། །

གདུང་ཤུགས་དྲག་པོས་དད་ཕྱག་རྟག་ཏུ་འཚལ། །

ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བའི་ཚོགས། །

ཀུན་བཟང་མཆོད་པའི་སྤྲིན་དུ་དམིགས་ནས་འབུལ། །

ཐོག་མེད་ནས་བསགས་སྡིག་ལྟུང་མ་ལུས་བཤགས། །

སྲས་བཅས་རྒྱལ་བ་ཀུན་གྱི་ཡོན་ཏན་གྱི། །

ཁྱབ་བདག་གཅིག་པུ་མགོན་པོའི་རྣམ་ཐར་ལ། །

སྙིང་ནས་ཡི་རང་དད་པས་གསོལ་འདེབས་ཤིང་། །

ཟབ་རྒྱས་ཆོས་ཀྱི་ཆར་ཆེན་འབེབས་པར་བསྐུལ། །

རང་གཞན་དགེ་བའི་དངོས་པོ་ཀུན་བསྡོམས་ནས། །

འགྲོ་ཁམས་རྒྱ་མཚོ་ཇི་སྲིད་གནས་ཀྱི་བར། །

མགོན་པོ་ཁྱོད་ཀྱི་རྣམ་ཐར་རྗེས་བསྙེགས་ཏེ། །

མཁའ་ཁྱབ་འགྲོ་བ་འདྲེན་པའི་དོན་དུ་བསྔོ། །



སྐྱབས་གནས་ཀུན་འདུས་མཁྱེན་བརྩེའི་གཏེར་ཆེན་པོ། །

དུས་ངན་སྙིགས་མའི་སྐྱབས་མཆོག་རིན་པོ་ཆེ། །

ལྔ་བདོའི་རྒུད་པས་མནར་ཤིང་གདུངས་ཤུགས་ཀྱིས། །

གསོལ་འདེབས་བུ་ལ་བརྩེ་བས་ཐུགས་ཀྱིས་གཟིགས། །

དགོངས་པའི་ཀློང་ནས་ཐུགས་རྗེའི་རྩལ་ཕྱུངས་ལ། །

མོས་ལྡན་བདག་གི་སྙིང་ལ་བྱིན་གྱིས་རློབས། །

རྟགས་དང་མཚན་མ་མྱུར་དུ་སྟོན་པ་དང་། །

མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །

ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔

པདྨ་གེ་སར་སྡོང་པོ་ལ༔

ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔

པདྨ་འབྱུང་གནས་ཞེས་སུ་གྲགས༔

འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔

ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔

བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔

གུ་རུ་པདྨ་སིདྡྷི་ཧཱུྃ༔

བླ་མའི་གནས་གསུམ་ཡི་གེ་འབྲུ་གསུམ་ལས། །

འོད་ཟེར་དཀར་དམར་མཐིང་གསུམ་བྱུང་ནས་སུ། །

རང་གི་གནས་གསུམ་ཐིམ་པས་སྒོ་གསུམ་གྱི། །

སྒྲིབ་བྱང་སྐུ་གསུང་ཐུགས་ཀྱི་རྡོ་རྗེར་གྱུར། །

མཐར་ནི་བླ་མ་འཁོར་བཅས་འོད་དུ་ཞུ། །

དཀར་དམར་ཐིག་ལེ་ཧཱུྃ་གིས་མཚན་པ་རུ། །

རང་གི་སྙིང་གར་ཐིམ་པས་བླ་མའི་ཐུགས། །

རང་སེམས་དབྱེར་མེད་ལྷན་སྐྱེས་ཆོས་སྐུར་གནས། །

ཨ་ཨཱཿ

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔

མཛེས་ལྗོངས་ལྷ་ཡི་ཡུལ་དང་མཚུངས་པ་སྟོད་དུ་རི་བོ་ཀེ་ལ་ཤའི་ར་བས་སྐོར་བ། སྨད་དུ་ནེའུ་སེང་ཤིང་འབྲས་སྨན་གྱི་ཞིང་ཁམས། བར་དུ་ཆོས་...
25/12/2021

མཛེས་ལྗོངས་ལྷ་ཡི་ཡུལ་དང་མཚུངས་པ་སྟོད་དུ་རི་བོ་ཀེ་ལ་ཤའི་ར་བས་སྐོར་བ། སྨད་དུ་ནེའུ་སེང་ཤིང་འབྲས་སྨན་གྱི་ཞིང་ཁམས། བར་དུ་ཆོས་ལྡན་སོ་སྐྱེས་དང་ཡུལ་ལྷའི་སྲོལ་རྒྱུན་མ་ཉམས་པ་གནས་པ། སྟོད་སྨད་བར་གསུམ་དུ་གངས་རིའི་ཆུ་རྒྱུན་གླང་ཆེན་ཁ་འབབ་ཀྱིས་སྣེ་ཁྲིད་བྱེད་པའི་འཕགས་པའི་ཡུལ་གྱི་ཆུ་ཆེན་གྱི་འབྱུང་ཁུངས་ཀཱིན་ཎར་རམ་ཀཱིན་ནོར། སྟེང་ནས་འབབ་པའི་གནམ་སྔོན་གྱི་བདུད་རྩི་བཻ་ཌཱུརྱའི་ཆར། ས་གཞི་ཐམས་ཅད་དུ་ཁྱབ་པའི་རིན་ཆེན་སྤོས་འབྱུག་གི་དྲི། འབྲམ་ཟེ་ལྟར་འགྲོ་འཆག་ཉལ་འདུག་གི་སྤྱོད་ཚུལ་བཟང་པོ་དང་སྤྱི་ཚོགས་སྐོར་གྱི་མ་ལག་ཚང་བའི་ཤེས་བྱའམ་རྩ་བའི་རིགས་པ་ལྡན་པའི་ཆོས་ལྡན་ཞིང་གི་ལོ་གསར་པའི་ཉིན་འདིར། རང་རེའི་བྱེས་ཀྱི་གདན་སར་སྲོལ་བཟང་གི་རྩ་བའི་ཡན་ལག་གི་ཆ་མ་སྟོང་ཙམ་གྱི་འདི་གར་༧སྐྱབས་རྗེ་རིན་པོ་ཆེ་དང་ཕྱག་མཛོད་ནོར་བཟང་གཙོས། དགེ་བཙུན་འབྲེལ་ཡོད་སྐུ་འཁོར་ལྷན་རྒྱས་དང་སྲུང་བརྩི་སྟབས་བདེ་ཞིག་ཞུས་པས་ལྷན་རྒྱས་ཀྱི་སྤྱན་ལམ་དུ་འདྲ་པར་འགའ་གཟིགས་འབུལ་ཞུ།

Address

Clement Twon
Dehra Dun

Website

Alerts

Be the first to know and let us send you an email when Paldechen Choekhor Ling posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Share