GRL Monastery

Call Directions Contact the place of worship

GRL Monastery Peace of mind is peace of world,

06/10/2026
04/10/2026

བླ་མའི་སྐུ་ཚེ་བརྟན་པ་དང་།།

བསྟན་པ་རྒྱས་པར་བྱིན་གྱིས་རློབས།།
His Eminence Professor Samdhong Rinpoche

༄༅། །སྟོན་ཁར་ལོ་ཐོག་སྨིན་ཅིང་གཡང་འཁྱིལ་བའི་དུས་བཟང་དང་བསྟུན་ནས།འདི་ག་མོན་འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་གྲྭ་ཚང...
03/10/2026

༄༅། །སྟོན་ཁར་ལོ་ཐོག་སྨིན་ཅིང་གཡང་འཁྱིལ་བའི་དུས་བཟང་དང་བསྟུན་ནས།
འདི་ག་མོན་འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་གྲྭ་ཚང་གི་གཏོང་ཕོད་ཅན་གྱི་སྦྱིན་བདག་རྣམས་ཀྱི་གཙོས་པའི་མཐའ་ཡས་སེམས་ཅན་ཐམས་ཅད་ཚེ་རིང་ནད་མེད་ཅིང་ལོངས་སྤྱོད་རྒྱུ་ནོར་འཕེལ་བའི་སླད་དུ།
ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༠༢ དང་ ༠༣ ཉིན་གཉིས་རིང་། འདི་ག་གྲྭ་ཚང་གི་སྲུང་མ་ཁང་དུ་༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་དང་རྟ་དབྱངས་སློབ་དཔོན་རྣམ་གཉིས་དབུ་བཞུགས་ཐོག༸སྐྱབས་གནས་དགེ་འདུན་འདུས་པ་རྒྱ་མཚོས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་གཡང་སྒྲུབ་གཙོ་བོར་གྱུར་པའི་མགོན་དཀར། ཛམ་བྷ་ལ་དཀར་པོ། ཚེ་རིང་མ་བཅས་ཀྱི་སྒོ་ནས་ལོ་འཁོར་གཡང་ལེན་གྱི་ཆོ་ག་གཞུང་བཞིན་ལེགས་པར་གྲུབ་ཡོད།
འདི་ག་གྲྭ་ཚང་གི་ཆོ་ག་འདིའི་སྐབས་ཀྱི་པར་རིས་འགའ་སྤེལ་ཡོད་པས། ཀུན་གྱིས་དགའ་བ་སྒོམ་ཞིང་ཡིད་རང་བསྔོ་སྨོན་ལྷན་ཅིག་ཏུ་མཛད་དེ་དགེ་རྩ་བྱང་ཆུབ་ཏུ་བསྔོ་བར་ཞུ།།
In this good autumn season, when crops ripen and blessings gather to wish long life, good health, and wealth for our generous sponsors and all living beings, our Monastery held an annual blessing ritual on October 2–3, 2026.
The two day prayer was held at GRL Monastery, Bomdila.
It was led by the H.E Abbot GRLM and the Dy-Abbot GRLM (Tayang Lopon), along with all the ven. monks, focusing on prayers for good fortune and prosperity.

We are sharing some photos from the ceremony. Please enjoy them, send your prayers, and share the good energy with everyone.

བླ་མའི་སྐུ་ཚེ་བརྟན་པ་དང་།།བསྟན་པ་རྒྱས་པར་བྱིན་གྱིས་རློབས།།
30/09/2026

བླ་མའི་སྐུ་ཚེ་བརྟན་པ་དང་།།

བསྟན་པ་རྒྱས་པར་བྱིན་གྱིས་རློབས།།

༈༸སྐྱབས་མཆོག་དམ་པ་ཁྱེད་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཆོས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་བར་ཤོག སྐྱབས་མེད་མགོན་མེད་ཀྱི་བད...
29/09/2026

༈༸སྐྱབས་མཆོག་དམ་པ་ཁྱེད་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཆོས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་བར་ཤོག སྐྱབས་མེད་མགོན་མེད་ཀྱི་བདག་ཅག་ལ་ཐུགས་རྗེ་ཆེན་པོས་གཟིགས་པའི་བཀའ་དྲིན་བླ་ན་མེད་པ་དུས་རྟག་ཏུ་རྗེས་སུ་དྲན་པ་ལགས།
May your life be stable for a hundred aeons and may you continuously turn the wheel of Dharma, We will always remember your unsurpassable kindness shown to us who are without refuge.

༄༅།། ལོ་འཁོར་སྒྲོལ་མ་འབུམ་ཐེར་འཚོགས་རྒྱུའི་གསལ་བསྒྲགས།   འདི་ལོའི་སྒྲོལ་མ་འབུམ་ཐེར་ཐེངས་བཅུ་པ་དེ་བཞིན་འཆར་ལ་ཉེ་བ་བོད་ཟླ་...
25/09/2026

༄༅།། ལོ་འཁོར་སྒྲོལ་མ་འབུམ་ཐེར་འཚོགས་རྒྱུའི་གསལ་བསྒྲགས།

འདི་ལོའི་སྒྲོལ་མ་འབུམ་ཐེར་ཐེངས་བཅུ་པ་དེ་བཞིན་འཆར་ལ་ཉེ་བ་བོད་ཟླ་དགུ་པའི་ཚེས་ ༠༡ ནས་ ༠༨ བར་དང་། ཕྱི་ལོ་ ༢༠༢༦ ཟླ་ ༡༠ པའི་ཚེས་ ༡༡ ནས་ ༡༨ བར་མོན་རླུང་ལ་ཡུམ་ཆེན་སྒྲོལ་མ་ལྷ་ཁང་དུ་འཚོགས་གནང་རྒྱུ་ལགས་ན་བསྟན་པའི་སྦྱིན་བདག་དང་དད་ལྡན་མང་ཚོགས་ནས་དེ་དོན་ཡིད་འཇགས་ཡོང་བ་ཞུ།།
CIRCULAR
This is for general information to all the devotees/Public that the Gontse Gaden Rabgye-Ling Monastery Bomdila is going to organise the 10th Dolma Bum (One lakh mother Tara Prayer recitation) at Yumchen Dolma Lhakhang, Mon Lungla from 11th to 18th October 2026.
May the swift and compassionate blessings of Mother Tara surround all beings, removing fear and obstacle, and bringing deep peace, protection, clarity, and genuine happiness to every heart.
OM TARE TUTTARE TURE SOHA

༈ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༡༣ ཉིན་མོན་འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་གྲྭ་ཚང་གི་དབུ་ཆོས་རྣམ་གསུམ་གྱིས་གཙོས་ཕྱག་མཛ...
18/09/2026

༈ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༡༣ ཉིན་མོན་འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་གྲྭ་ཚང་གི་དབུ་ཆོས་རྣམ་གསུམ་གྱིས་གཙོས་ཕྱག་མཛོད་ལ་སོགས་པའི་ལས་སྣེ་པ་རྣམས་ཀྱིས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་༸སྐྱབས་རྗེ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་གསེར་ཞལ་མངོན་སུམ་དུ་མཇལ་བཅར་ཞུས་སྐབས་ཀྱི་པར་རིས་འགའ་སྤྱན་འབུལ་ཞུས་པ་དགེའོ།།
On 13th Sep 2026, The Abbot, Chant Master, Disciplinarian, Administrators and staff of GRL Monastery, Bomdila had the wonderful opportunity to have an audience with H.E. the Prof. Samdhong Rinpoche la.

༈ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༡༦ ཉིན་༸སྐྱབས་རྗེ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་མོན་ཡུལ་གྱི་མཛད་རིམ་ཁག་ལེགས་པར་གྲ...
16/09/2026

༈ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༡༦ ཉིན་༸སྐྱབས་རྗེ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་མོན་ཡུལ་གྱི་མཛད་རིམ་ཁག་ལེགས་པར་གྲུབ་ནས་ཨཱི་ཊ་ན་གར་གྱི་དོ་ནི་པོ་ལོ་གནམ་ཐང་ནས་རྡ་སར་ཕེབས་བསྐྱལ་ཞུ་སྐབས་ཀྱི་སྐུ་པར་འགའ།
On 16th Sept 2026, following the successful completion of the Dharma programs in Mon region, H.E. Prof. Samdhong Rinpoche departed for Dharamshala.
We gathered at Donyi Polo Airport, Hollongi (Arunachal Pradesh) to offer our deepest respects and wish Rinpoche a safe journey.

Address

Upper Gonpa Road
Bomdila
790001

Telephone

+918119996969

Website

Alerts

Be the first to know and let us send you an email when GRL Monastery posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Place Of Worship

Send a message to GRL Monastery:

Shortcuts

Share