10/08/2026
གལ་ཆེའི་གསལ་བསྒྲགས།
༄༅། །ཁྱད་ཆོས་ཆེ་བ་དྲུག་གིས་མངོན་པར་མཐོ་བ་དཔལ་གསང་ཆེན་སྔ་འགྱུར་བསྟན་པའི་རྩ་ལག་དམ་པ་༧སྐྱབས་རྗེ་བླ་ཆེན་རྣམས་ཀྱིས་གཙོས་པའི་རབ་བྱུང་ངུར་སྨྲིག་གི་རྒྱལ་མཚན་འཛིན་པ་དང་། གོས་དཀར་ལྕང་ལོའི་ཟར་བུ་འཆང་བའི་སྡེ་གཉིས་ཀྱི་དགེ་འདུན་འདུས་པ་ཡོངས་ཀྱི་སྙན་དབང་དུ།
ཞུ་གསོལ། དེ་ཡང་རྒྱལ་བའི་བསྟན་པ་སྤྱི་དང་བྱེ་བྲག་རང་ཅག་སྔ་འགྱུར་བ་རྣམས་ལ་བཀའ་དྲིན་ལྷག་པར་དུ་ཆེ་བ། ༧སྐྱབས་རྗེ་ཞི་བར་གཤེགས་པ་རྣམས་ཀྱི་རླབས་ཆེན་ཐུགས་ཀྱི་དགོངས་བཞེད་དང་། བླ་ན་མེད་པའི་མཛད་རྗེས་ལ་བརྟེན་ནས་སྔོན་ནས་ད་ལྟའི་བར་སྔ་འགྱུར་རྡོར་གདན་སྨོན་ལམ་ཆེན་མོ་འདི་ཉིད་མི་ཉམས་གོང་འཕེལ་གྱི་སྒོ་ནས་བསྟན་དང་འགྲོ་བ་ཡོངས་ལ་སྨན་པའི་དུས་བབས་ཀྱི་བྱ་བ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་ལགས། འདི་ལོ་ཡང་སྨོན་ལམ་ཆེན་མོ་ཐེངས་སོ་བརྒྱད་པ་དེ་ཉིད་བོད་ཟླ་ ༡༢ པའི་ཚེས་ ༡ ནས་ ༡༠ དང་། ཕྱི་ལོ་ ༢༠༢༧ ཟླ་ ༡ ཚེས་ ༨ ནས་༡༧ བར་སྔར་སྲོལ་ལྟར་ཉིན་བཅུའི་རིང་འཚོག་རྒྱུ་ལགས་ན། དེ་ལུགས་བཞིན་སྐྱབས་གནས་དགེ་འདུན་འདུས་ཚོགས་ཡོངས་རྫོགས་དུས་ཐོག་ཏུ་ངེས་ཕེབས་ཡོང་བའི་དྲན་སྐུལ་གསལ་བརྡ་རུ།
སྔ་འགྱུར་རྡོར་གདན་སྨོན་ལམ་ཆེན་མོའི་རྒྱུན་ལས་ཚོགས་ཆུང་ནས།
ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༡༠ ཉིན།
༧སྐྱབས་རྗེ་བླ་ཆེན་རྣམ་པར་བཞུགས་གནས་དང་ཕེབས་གྲུ་གོ་སྒྲིག་གནང་མཁན་གྱི་འབྲེལ་གཏུག་ཁ་པར་ཨང་། ༧༣༤༩༤༥༢༠༨༠
Date: 10 August 2026
IMPORTANT ANNOUNCEMENT
We respectfully inform all Their Holinesses of the Ngagyur Nyingma tradition, the members of the Sangha, and all yogis and yoginis:
As is universally acknowledged, for the Buddha Dharma in general, and especially for the Ngagyur Nyingma tradition, we remain forever indebted to the boundless kindness of our revered Kyabjes of the past. Through the vast aspirations of their enlightened minds and the power of their extraordinary vision and accomplishment, the Ngagyur Nyingma Monlam Chenmo at the sacred site of Bodh Gaya has continued to flourish uninterrupted from its inception to the present day.
Through its continual preservation and development, this Ngagyur Nyingma Monlam Chenmo has become one of the foremost annual assemblies of the Ngagyur Nyingma tradition, bringing immeasurable benefit to the flourishing of the Buddha Dharma and to the peace, harmony, and welfare of all sentient beings. The importance of this sacred gathering is well known to all.
Accordingly, the 38th Ngagyur Nyingma Monlam Chenmo will be convened, in accordance with the established tradition, for ten days, from the 1st to the 10th day of the 12th month of the Tibetan lunar calendar, corresponding to 8–17 January 2027.
We therefore respectfully request all Their Holinesses, all members of the Sangha, all yogis and yoginis, and devoted lay practitioners to kindly arrive on time and participate throughout the entire ten-day Monlam. Your wholehearted participation will contribute to the successful accomplishment of this Great Prayer Festival and to its noble purpose of praying for the flourishing of the Buddha Dharma and for the peace, happiness, and welfare of all sentient beings.
Ngagyur Nyingma Monlam Chenmo Committee
_______
* For the arrangement of accommodation and transportation for Their Holinesses, and Senior Rinpoches, please contact: +91 73494 52080