08/12/2024
Scroll down for English. 🙏 🪷
༄༅།། །བསྟན་པའི་གསལ་བྱེད་ ༧ཆོས་རྗེ་ཨཿ དབྱངས་རིན་པོ་ཆེ་མཆོག་གཟུགས་སྐུའི་སྤྲོས་པ་ཡོངས་སུ་འདུས་ནས་ཞི་བར་གཤེགས་པའི་ཚུལ་བསྟན་པ་དེ་བླ་མ་དམ་པ་རྣམས་ཀྱིས་གདུལ་བྱའི་རྒྱུད་ཀྱི་རྟག་འཛིན་གྱི་རྨོངས་མུན་སེལ་བའི་དོན་དུ་ཡིན་པ་ནི་གོར་མ་ཆག་ལ། འདི་གར་འབྲི་གུང་བཀའ་བརྒྱུད་རྡོ་རྗེ་རིའི་སྒྲུབ་སྡེ་ཡི་མཚམས་པ་དང་ཆོས་གྲོགས་ཁག་ལྷན་འཛོམས་ཀྱིས། དམ་པ་གང་ཉིད་ཀྱི་ཉི་གཞོན་ལྟ་བུའི་ཡང་སྤྲུལ་སླར་ཡང་འཆར་བ་དང་བདག་ཅག་བློ་གསར་རྣམས་ཚོགས་རྫོགས་པའི་སླད་དུ། མཆོད་རྟེན་བྱ་རུང་ཁ་ཤོར་གྱི་མདུན་སར་མཆོད་སྤྲིན་མར་མེ་སྟོང་མཆོད་དང་བསྔོ་སྨོན་གསོལ་འདེབས་ཞུ་དང་ཞུ་བཞིན་པ་དང་། སྐུ་ཉིད་ཀྱི་འབྲེལ་ཡོད་སློབ་འབངས་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང་བཅས།།
With heartfelt condolences to the Labrang and Sangha members of His Eminence Choeje Ayang Rinpoche, we honor his boundless compassion and profound activities, which have inspired countless beings.
We, the 5th retreat batch of the Almora Vajra Mountain Retreat Centre, along with our Dharma brothers, deeply mourn his passing into Parinirvana. In his memory, we have offered prayers and lamp offerings at the Boudhanath Stupa. While his blessings remain eternal, his physical absence is deeply felt.
His unwavering dedication to the Drikung lineage and the welfare of all sentient beings will be remembered forever.