23/12/2017
དེ་རིང་བོད་རྒྱལ་ལོ་ ༢༡༤༤ སྟོན་པའི་འདས་ལོ་ ༢༥༦༡ སྤྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༢ ཉིན་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་བསླབ་པ་མཐར་སོན་པའི་མཛད་སྒོ་ཐེངས་བདུན་པ་དང་འབྲེལ་ཏེ་སྔ་འགྱུར་མཐོ་སློབ་ཆེན་མོའི་རྒྱུན་ལས་ཀྱི་བཀའ་བཀོད་འོག་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་ནས་པར་སྐྲུན་ཞུས་པའི་སྔ་འགྱུར་རྙིང་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྙན་ངག་གཅེས་བཏུས་སྙན་དེབ་ (རྡོ་རྗེའི་ཐོལ་གླུ།) དུས་དེབ་ (པདྨའི་རང་མདངས།) འདོན་ཐེངས་ཕྱི་མ། (དཔལ་ཡུལ་དུས་བབ།) བཅས་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་པར་ཕུད་འབུལ་བའི་སྐལ་བཟང་ཐོབ་པ་དང་། དེ་བཞིན་སྐུ་མགྲོན་རྣམ་པ། བསླབ་པ་མཐར་སོན་པའི་སློབ་དཔོན་ཡོངས་ལ་ལེགས་སྐྱེས་སུ་ཕུལ་ཡོད།
དེ་དང་ཆབས་ཅིག་འབྲས་མོ་ལྗོངས་མཆོད་རྟེན་དགོན་དུ་སྙིང་ཐིག་བསྟན་པའི་མངའ་བདག་༸སྐྱབས་རྗེ་རྡོ་གྲུབ་ཆེན་རིན་པོ་ཆེ་མཆོག་ལ་སྔ་འགྱུར་རྙིང་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྙན་ངག་གཅེས་བཏུས་སྙན་དེབ་རྡོ་རྗེའི་ཐོལ་གླུའི་པར་ཕུད་མཆོད་སྤྲིན་གྱི་ཚུལ་དུ་འབུལ་བའི་སྐལ་བཟང་མངོན་དུ་གྱུར་ཡོད་པས། སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་གི་འབྲེལ་ཡོད་ལྟོས་བཅས་ཡོངས་ལ་འཕྲིན་བཟང་ཞིག་གི་དོད་དུ་བརྙན་པར་དང་བཅས་ཏེ་གཟིགས་འབུལ་དུ་ཕུལ།
On 22nd December, 2017, the Ngagyur Nyingma Institute of Namdroling Monastery held the seventh convocation ceremony for the teachers who completed their 9-year study course from the institute. It was presided by His Holiness the 14th Dalai Lama along with other high lamas and officials. Coinciding with this special event, the Ngagyur Rigzod Editorial Committee got the privilege to offer their publications like Dorje Thol-lu (the poetry collections of the great Nyingma masters), the 30th issue of Tibetan journal called Padmai Rangdang and the 10th issue of English magazine called Palyul Times to His Holiness the Dalai Lama and all guests gathered there. We also got to offer a piece of Dorje Thol-lu to His Holiness Dodrub Rinpoche at Chorten Monastery, Sikkim.
We would like to provide some glimpses from this important event.