28/08/2026
དེ་རིང་སྟེ་སྤྱི་ལོ་༢༠༢༦ལོའི་ཟླ་༨ཚེས་༢༧ དང་རྒྱ་ལུགས་ལོ་ཐོ་ཟླ་༧པའི་ཚེས་༡༥ ཉིན་ནི་རྒྱ་ལུགས་ཀྱི་བར་དོར་སྡུག་བསྔལ་ཚད་མེད་མྱོང་བའི་ཚེ་འདས་དེ་དག་སྡུག་བསྔལ་ལས་སྐྱོབ་པའི་དུས་ཆེན་དུ་ཧོང་ཀོང་འདམ་དཀར་བྱང་ཆུབ་ཆོས་གླིང་གི་མཆོག་སྤྲུལ་འཆི་མེད་གྲུབ་དབང་པ་སངས་རིན་པོ་ཆེ་དབུས་སློབ་འབངས་དག་སྣེ་ཁྲིད་དེ་འཕགས་པ་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་ཆོ་གའི་སྒོ་ནས་སྤྱིར་བར་དོར་འཇིགས་སྣང་ཚད་མེད་མྱོང་བའི་སེམས་ཅན་དེ་དག་དང་ཡང་དགོས་སུ་དེང་བལ་ཡུལ་གྱི་གོད་ཆགས་ཆེན་པོའི་འོག་ཏུ་རིན་ཆེན་སྲོག་དང་བྲལ་བའི་བར་དོ་གསར་པ་ཚེ་ལས་འདས་ཚད་རྣམས་ཁྱད་དུ་དམིགས་ཏེ་གནས་འདྲེན་བྱང་ཆོག་མཛད་པས་འཕགས་པ་ཐུགས་རྗེ་ཆེན་པོའི་བྱིན་མཐུ་དང་བདག་ཅག་ལྷག་བསམ་དག་པའི་སེམས་བསྐྱེད་པའི་མཐུ་ལ་བརྟེན་ནས་མ་གྱུར་སེམས་ཅན་ཚེ་ལས་འདས་ཚད་གནས་སྐབས་བར་དོའི་འཇིགས་པ་ཆེན་པོ་དང་མི་འཕྲད་ཅིང་དལ་རྟེན་ཕུན་སུམ་ཚོགས་པ་ཐོབ་ནས་རིམ་གྱི་ཐེག་པ་ཆེན་པོའི་ས་ལམ་མྱུར་དུ་བགྲོད་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུ་རུ་གྱུར་ཅིག།
今天——西元2026年8月27日(農曆七月十五日),正值佛教盂蘭盆節(中元節)——為了解救在中陰階段感受無量痛苦的亡靈,香港當卡菩提佛學中心住持——尊貴的 契美竹巴~祖古巴桑仁波切親自帶領眾弟子,透過「永斷輪迴紅觀音」之儀軌修法,為所有感受無量中陰恐怖的有情眾生,尤其是近期因尼泊爾重大災難而失去寶貴生命的中陰眾生,進行了專門的超渡超薦法會。
願藉由聖者大悲觀世音菩薩的加持威力,以及我等清淨利他的菩提心之力,祈願一切如母往生者,暫時不再遭遇中陰恐怖大畏,圓滿獲得暇滿人身寶,並快速登得大乘道地,最終圓成佛果!
On 27th August 2026 - the 15th day of July in Lunar Calendar, coinciding with the Buddhist Ullambana Festival (Zhongyuan Festival) - in order to liberate the deceased who are enduring immeasurable suffering in the Bardo (intermediate state), Ven. Chime Drukpa ~ Tulku Pasang Rinpoche of Damkar Bodhi Centre Hong Kong led the disciples in the sadhana practice of Khorwa Dongtruk - 'Red Avalokitesvara Who Severs Samsara Completely'.
Through this Jangchok Puja (a ritual of purification and deliverance), the merits were dedicated to all sentient beings experiencing immense terrors in Bardo state , in particular to those who recently lost their precious lives in the devastating disaster in Nepal.
Through the blessings of Great Compassionate Avalokitesvara, and through the power of our pure, altruistic bodhicitta, may all departed beings - every one of whom has been our mother once - be freed from great dread and terror:
May they attain a precious human rebirth endowed with the freedoms and fortunes;
May they swiftly ascend the paths and grounds of the Mahayana;
and may they ultimately accomplish the perfect fruit of Buddhahood!