Lelung Dharma Centre

Lelung Dharma Centre Lelung Dharma Trust was founded in 2000 by H.E. the 11th Lelung Rinpoche.

The Lelung Dharma Trust is a registered UK charity based in London (Charity no. 1079844). People who support Lelung Rinpoche and the work of the Lelung Dharma Trust for the benefit of all sentient beings.

Dear Friends now we are very close to finishing off the our temple project but we still need some support therefore if y...
23/08/2026

Dear Friends now we are very close to finishing off the our temple project but we still need some support therefore if you feel like to help us we would appreciate very much. Thank you in advance. Also people who already helped us we are sharing some more photos here for you to see the progress. Thank you again. Feel free to share the link

Help Lelung Dharma Centre raise money to support LELUNG DHARMA TRUST

ཧོར་ཡུལ་འཕགས་ཡུལ་ལས་དོན་མ་ལུས་པ།།ལེགས་པར་གྲུབ་ནས་ད་ནི་ལོན་ཌོན་ལ།།ཆོས་ཚོགས་ཨར་ལས་ཤུགས་ལས་དག་བྱ་ཕྱིར།།འགྲོ་འོ་ཆོས་གྲོགས་རྣ...
28/07/2026

ཧོར་ཡུལ་འཕགས་ཡུལ་ལས་དོན་མ་ལུས་པ།།
ལེགས་པར་གྲུབ་ནས་ད་ནི་ལོན་ཌོན་ལ།།
ཆོས་ཚོགས་ཨར་ལས་ཤུགས་ལས་དག་བྱ་ཕྱིར།།
འགྲོ་འོ་ཆོས་གྲོགས་རྣམ་པ་རེ་ཞིག་བཞུགས།།

ཡང་ཡང་མཇལ་བ་དཀའ་བའི་ངོ་ཤེས་རྣམས།།
ཡང་ཡང་བཀའ་མོལ་ཞུས་པའི་དུས་མེད་ཀྱང་།།
ཡང་ཡང་ངོ་དེབ་ཐོག་ནས་ཁྱེད་རྣམས་ལ།།
ཡང་ཡང་འཚམས་འདྲི་ཞུ་འོང་གྲོགས་པོ་ཚོ།།

གང་དུ་འགྲོ་ཡང་འཛུམ་གྱིས་བསུ་བ་དང་།།
གང་རེ་བྱ་བ་ཐམས་ཅད་རོགས་མཛད་མཁན།།
གང་དུ་བཞུགས་ཀྱང་ཁྱེད་རྣམས་ཐམས་ཅད་ལ།།
གང་ཤེས་སེམས་ཀྱིས་སྨོན་ལམ་ཡང་ཡང་འདེབས།།

སྟག་ནག་དགོན་དང་ཤེལ་དགོན་ཕོ་བྲང་སོགས།།བཞུགས་སུ་གསོལ་བའི་སྐུ་གསུང་ཐུགས་རྟེན་ལ།།དབང་བཞིའི་བྱིན་རླབས་ཞུ་བའི་གོ་སྐབས་འདི།།སྔོ...
27/07/2026

སྟག་ནག་དགོན་དང་ཤེལ་དགོན་ཕོ་བྲང་སོགས།།
བཞུགས་སུ་གསོལ་བའི་སྐུ་གསུང་ཐུགས་རྟེན་ལ།།
དབང་བཞིའི་བྱིན་རླབས་ཞུ་བའི་གོ་སྐབས་འདི།།
སྔོན་བསགས་ལས་འཕྲོ་སྨིན་པ་གདོན་མི་ཟ།།

ཁྱད་པར་ཅན་གྱི་དགོན་སྡེ་དེ་བཞིན་རྟེན་གསུམ་སྐོར།།
ཞིབ་པར་བྲིས་འདོད་བློ་ལ་ཡོད་ནའང་།།
ད་རིང་བྲེལ་བས་མ་ལྕོགས་མ་འོངས་ན།།
ཞིབ་ཕྲ་སྦྱངས་ནས་འབྲི་བར་བརྩོན་པ་རིགས།།

ལྷོ་བྲག་ལས་ཀྱི་རྡོ་རྗེ་སྐུ་བལྟམས་ནས།།མི་ལོ་ཧྲིལ་པོ་བདུན་བརྒྱའི་རྗེས་དྲན་ཆེ།།འཕགས་ཡུལ་རྒྱལ་དབང་མཆོག་གི་ཞིང་མཆོག་ཏུ།།རྗེད་...
26/07/2026

ལྷོ་བྲག་ལས་ཀྱི་རྡོ་རྗེ་སྐུ་བལྟམས་ནས།།
མི་ལོ་ཧྲིལ་པོ་བདུན་བརྒྱའི་རྗེས་དྲན་ཆེ།།
འཕགས་ཡུལ་རྒྱལ་དབང་མཆོག་གི་ཞིང་མཆོག་ཏུ།།
རྗེད་པ་མེད་པའི་རྗེས་དྲན་ཆེན་མོ་བགྱིས།།

གྲུབ་ཆེན་གསེར་སྐུ་ཆེ་བ་གྲངས་ལྔ་དང་།།
ཆུང་བ་ཉིས་བརྒྱ་བལ་པོའི་ཡུལ་ན་བཞེངས།།
ཞལ་ཐང་གོས་གཤམ་ཁྱོན་བསྡོམས་ཁྲུ་བཅུ་བདུན།།
མཐོང་གྲོལ་ཆེན་པོས་ཀུན་གྱིས་ཡི་དབང་མགུ།

མཐོང་གྲོལ་ཞལ་ཐང་དབུས་སྟོད་ཕྱག་རྡོར་དང་།།
གཡས་སུ་པད་འབྱུང་གཡོན་དུ་རྒྱལ་སྲས་པ།།
དབུས་སུ་གྲུབ་ཆེན་གཡས་སུ་ཙོང་ཁ་པ།།
གཡས་སུ་ནམ་ལྷུན་འོག་བདུན་དམ་ཅན་ཚོགས།།

དེང་དུས་ཁྱབ་པའི་ཞལ་ཐང་ཆེ་ཆུང་འཚམས།།
ལྔ་བརྒྱ་བསྐྲུན་ནས་སླར་ཡང་གྲུབ་ཆེན་རྗེ།།
ཀུན་གྱི་ཡིད་མངར་གསལ་ལེ་དྲན་བགྱིས་ཏེ།།
རང་གཞན་ཚོགས་གཉིས་འཕེལ་བའི་རྒྱུ་ཡང་འགྲུབ།།

གང་གི་འཁྲུངས་རབས་སྔོན་མེད་སྒུལ་བརྙན་བཟང་།།
སྐར་ཆ་བཅུ་བདུན་ཅན་འདི་མཐོང་བ་ཀུན།།
དད་པའི་བསོད་སུ་འགྱུར་བས་འདི་ཉིད་ཀྱི།།
འཕྲིན་ལས་དེ་ཡང་བརྗོད་པ་མི་ལང་མངོན།།

གྲུབ་ཆེན་བཀའ་འབུམ་དཔེ་མང་ཁུངས་བཏུག་གིས།།
སྔོན་མེད་ཡོངས་ཚང་བཀའ་འབུམ་རིན་པོ་ཆེ།།
ཙཀ་ལི་དང་བཅས་ཚར་གྲངས་ལྔ་བརྒྱ་བསྐྲུན།།
ཕྱག་ཏུ་བརྔན་པས་ཀུན་གྱི་དགེ་ཚོགས་འཕེལ།།

བོད་ཀྱི་ཟློས་གར་ཚོགས་ཁང་ཆེན་པོ་ཡང་།།
ལྷ་ཁང་ཆེན་པོའི་རྣམ་སྒྱུར་སྐུ་མགྲོན་ཀུན།།
མ་བསམ་ཡིད་ལ་འཐད་པའི་སྤྲོ་བ་ཡང་།།
སྨྱོན་པས་ཟུར་ཙམ་བསྐྲུན་ནུས་སྤྲོ་བས་བརྟས།།

མཛད་སྒོའི་དབུ་བཞུགས་དྲིན་ཅན་བླ་མ་གཉིས།།
དེ་བཞིན་རང་གི་བླ་མའི་མཆོག་སྤྲུལ་ཁྲུལ་ཞིག་རྗེ།།
སྤང་ནང་མཆོག་དང་རྒྱལ་མཚན་རྣམ་གཉིས་སྤྲུལ།།
མཁན་ཆེན་ཤག་སྐོར་དེ་མིན་མཆོག་སྤྲུལ་འབྱོན།།

རྒྱལ་དབང་མཆོག་དང་སྐྱབས་མགོན་བདག་ཆེན་རྗེའི།།
སྐུ་འཚབ་དེ་བཞིན་དགའ་ལྡན་ཁྲི་ཆེན་རྗེ།།
མཚུངས་མེད་ཆོས་རྗེ་རྒྱལ་བ་ཀརྨ་པ།།
བཅས་ཀྱི་གསུང་འཕྲིན་རིན་ཆེན་དག་ཀྱང་སྩལ།།

རྒྱལ་སྤྱིའི་དགེ་ལྷན་དྲུང་ཆེ་ཤར་རྩེ་ཡི།།
མཁན་པོ་མཆོག་དང་རྒྱུད་སྟོད་མཁན་ཟུར་ལ།།
གངས་དཀར་རྗེ་དང་ཧོར་གྱིས་མཁན་ཟུར་བཅས།།
བསྟན་འཛིན་དམ་པ་ཀུན་གྱིས་རྗེས་དྲན་མཛེས།།

གཞུང་གི་ཀ་བ་གསུམ་གྱི་མཛད་གཙོ་དང་།།
བཀུར་འོས་སྤྱི་འཐུས་དེ་བཞིན་གཞུང་འབྲེལ་མིན།།
ཚོགས་པ་དགོན་ཁག་ལྷག་པར་སྟོད་རྒྱུད་པའི།།
དགེ་འདུན་རྣམས་ཀྱིས་བཀྲ་ཤིས་དབུ་དབྱེ་མཛད།།

མཁས་གྲུབ་གཉིས་ལྡན་དགེ་བཤེས་ནོར་བཟང་དང་།།
མཁས་པའི་དབང་པོ་བེ་རི་འཇིགས་མེད་གཉིས།།
གྲུབ་ཆེན་མཆོག་གི་སྐུ་དུས་དེ་རྗེས་ཀྱིས།།
རྣམ་ཐར་འཕྲིན་ལས་གཏམ་གྱིས་མིག་ཡང་འབྱེད།།

གྲུབ་ཆེན་མཆོག་གམ་བདག་དང་འབྲེལ་བའི་མིས།།
རྗེས་དྲན་ཆེན་མོ་ལེགས་ཆོས་དང་མཐུན་པའི་ལས།།
ལེགས་པར་བྱས་པས་བཀའ་དྲིན་དག་ཀྱང་ནི།།
རང་གིས་བརྗེད་པར་མི་འགྱུར་ཕན་ཐོག་མཛད།།

རྗེས་དྲན་སྔ་དྲོར་གསུང་བཤད་གསུང་འཕྲིན་དང་།།
ཕྱི་དྲོར་སྲོལ་རྒྱུན་ལྷ་མོ་དགུང་དྲོ་ལ།།
གྲུབ་ཆེན་བསྟོད་གླུ་དེ་མིན་བོད་ཀྱི་གླུས།།
གངས་ཅན་ལུགས་གཉིས་ཀུན་གྱི་མིག་ལམ་གསལ།།

གསང་བདག་སྙན་བརྒྱུད་རྗེས་གནང་བཅུ་དག་དང་།།
ཤིན་ཏུ་དཀོན་པའི་པའི་བཀའ་འབུམ་ལུང་རྒྱུན་བཅས།།
མདོར་ན་གསང་བདག་སྙན་བརྒྱུད་ཆོས་སྐོར་ཡོངས།།
གཞན་ལ་སྤེལ་ནས་སྒྲུབ་པས་རྗེས་དྲན་ཞུས།།

དེ་ནས་ལ་དྭགས་གངས་ཅན་འགྲོ་བའི་མགོན། །
འཕགས་མཆོག་གསེར་ཞལ་མཇལ་བའི་སྐལ་བཟང་ལ།།
གྲུབ་ཆེན་སྐུ་དང་བཀའ་འབུལ་རྟེན་དུ་འབུལ།།
དགྱེས་ཚོར་ཆེན་ལ་ཐུགས་སྨོན་རྒྱན་གྱིས་བཏབ།།

གང་གིས་ཐུགས་བཞེད་བཀའ་བསྩལ་ཙོང་ཁ་པས།།
བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།།
ཞེས་སོགས་ཤླཽ་ཀ་ཆ་ཚང་བསྟན་མཛད་ནས།།
ངས་ཡང་བྱ་ལ་ཁྱེད་ཅག་བརྩོན་དགོས་བསྩལ།།

དེ་ལྟར་ལྷོ་བྲག་གྲུབ་ཆེན་བདུན་བརྒྱའི་སྟོན།།
འབུམ་ཕྲག་བརྒྱད་བཅུ་ལྷག་གིས་རྒྱུ་གྲོན་དང་།།
སྦྱོར་དངོས་མཇུག་ལ་ཀུན་སློང་དགེ་བ་ཡིས།།
ངོ་མཚར་ཅན་གྱི་རྗེས་དྲན་དགེ་ཀུན་བསྔོའོ།།
སླེ་ལུང་པས་ལ་དྭགས་ཀྱི་བ་ཀུ་ལའི་གནམ་ཐང་ནས་འབྲི་བ་ཙམ་ནས་གནམ་གྲུའི་ནང་རྫོགས་པར་བྱས་ཚེས་ནི་ཕྱི་ལོ་༢༠༢༦།༠༧།༢༦ལའོ།།

English at the bottom ལ་དྭགས་གླེ་གི་རྩེ་མོ་ཟེར་ནས་ལྷ་ཁང་སྟོད་མའི་ནང་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྐུ་བརྙན་བྱིན...
25/07/2026

English at the bottom ལ་དྭགས་གླེ་གི་རྩེ་མོ་ཟེར་ནས་ལྷ་ཁང་སྟོད་མའི་ནང་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྐུ་བརྙན་བྱིན་ཅན་དང་། མགོན་པོ་ཕྱག་དྲུག་དང་ཆོས་རྒྱལ་ཡབ་ཡུམ་སོ་སོར་བ་བྱས་ནས་སྣང་བརྙན་བྱོན་ལེགས་འདུག ཞལ་ཁེབས་ཕུལ་ནས་འདུག་པས་ཞལ་རས་ནི་མ་མཇལ། ལྡེབ་རིས་དག་ནི་ཉམས་ཆགས་ཕྲན་བུ་ཕྱིན་འདུག ལྷ་ཁང་འོག་མ་ནི་བྱམས་ཁང་རེད་འདུག་སྐུའི་སྣང་བརྙན་གོང་དུ་པར་ཡོད་པ་དེ་ག་དང་། དེ་ནས་འོག་ཏུ་ལ་དྭགས་གླེ་རྒྱལ་པོའི་རྒྱལ་ཁང་གཟི་ཉམས་ཅན་དེ་འདུག དེའི་ནང་རྟེན་གཙོ་ཞིག་ལ་གཙུག་ཏོར་གདུགས་དཀར་ཕྱག་སྟོང་སྤྱན་སྟོང་འཇིམ་སྐུ་ཧ་ལས་པའི་བྱོན་ལེགས་པོ་ཞིག་འདུག རྩ་བའི་ཕྱག་སྟོང་ཡོད་པའི་དབང་དུ་བཏང་ན། སྤྱན་སྟོང་གི་ཙད་པ་མི་འདུག ཕྱག་རེ་རེར་ཡང་སྤྱན་གསུམ་ཙམ་ཡོད་པ་དང་སྐུ་གཟུགས་གི་བྲང་ཁ་ལའང་སྤྱན་མི་ཉུང་བ་ཞིག་མཇལ་རྒྱུ་འདུག་པའི་དེ་སྔ་དེ་འདྲ་ཞིག་མཇལ་མྱོང་མེད། དུས་ཚོད་བྱུང་དུས་དེའི་ཁུངས་དེ་ཚོ་ག་པ་ཡོད་མེད་གཅིག་མཇལ་དགོས་ངེས་འདུག འདི་ལྟ་བུ་མཇལ་བ་ནི་སྐལ་པ་བཟང་པོ་བྱུང་སྙམ་ནས་དགའ་བས་བརྟས་སོ།། དེ་མིན་གླེ་རྒྱལ་རབས་དང་རྒྱལ་ཁང་སོགས་ཀྱི་ལོ་རྒྱུས་ལ་འཇུག་པའི་ཁོམ་པ་ནི་མ་བྱུང་བས་དབྱིངས་འགལ་མེད་པ་མཁྱེན། In the peak of Leh called "La-dwags Gley", inside the upper temple, there is a sacred statue of the thirteen deities of Pal Dorje Jigme, along with separate statues of Mahakala with six arms and Dharma King with his consort, all beautifully crafted. The faces were covered, so I couldn't see them. The paintings had suffered some minor damage. The lower temple is the Maitreya temple, and the statue of the body is the same as the one in the previous photo. Then, below that, there is the majestic palace of the La-dwags Gley king. Inside, the main shrine has a remarkable statue of a thousand hands and a thousand eyes of Ushnisha Vijaya made of clay. Although there are a thousand hands, there aren't a thousand eyes. Each hand has about three eyes, and there are also many eyes on the chest of the statue. I had never seen such a statue before. When I have time, I must find out the sources of these statues. Meeting such a statue is a fortunate occurrence, and I felt elated. Unfortunately, I didn't have the time to delve into the history of the Gley dynasty and the palace. Please forgive me.

ལ་དྭགས་ཀླུ་འཁྱིལ་དགོན་དགའ་ལྡན་དར་རྒྱས་གླིང་དུ་མཇལ་ཁའི་སྐལ་བཟང་། ཁ་སང་འབྲས་སྤུངས་བློ་གསལ་གླིང་ཀླུ་འཁྱིལ་ཁང་ཚན་གྱི་དགེ་བཤེ...
25/07/2026

ལ་དྭགས་ཀླུ་འཁྱིལ་དགོན་དགའ་ལྡན་དར་རྒྱས་གླིང་དུ་མཇལ་ཁའི་སྐལ་བཟང་། ཁ་སང་འབྲས་སྤུངས་བློ་གསལ་གླིང་ཀླུ་འཁྱིལ་ཁང་ཚན་གྱི་དགེ་བཤེས་ལྷ་རམས་པ་ལ་དྭགས་མཚན་ཉིད་སློབ་གྲྭའི་དགེ་རྒན་ཆེན་པོ་་་དང་ལྷན་དུ་ཀླུ་འཁྱིལ་དགོན་པར་མཇལ་ཁའི་གོ་སྐབས་བཟང་པོ་ཐོབ། ལར་ནས་རང་ཉིད་གྲ་སར་སློབ་གཉེར་ལ་ཞུགས་སྐབས་བྱེས་ཀྱི་འབྲས་སྤུངས་བློ་གསལ་གླིང་དུ་ཁང་ཚན་ཉེར་བཞི་ཡོད་པའི་ནང་ནས་ཀླུ་འཁྱིལ་ཁང་ཚན་དེ་གཅིག་ཡིན་པ་དང་། ༧སྐྱབས་རྗེ་ཁྲི་ཟུར་རྡོ་རྗེ་འཆང་དེ་སྔ་བློ་གསལ་གླིང་གི་མཁན་པོ་ཡིན་རིང་དཔེ་ཐུབ་ཁང་ཚན་དུ་བཞུགས་གནང་མཛད་དེ་ནས་ཕྱི་ལོ་༡༩༨༦ སྐབས་གྲྭ་ཚང་གི་འདུ་ཁང་གསར་རྒྱབ་ཟིན་རྗེས་སུ་གྲྭ་ཚང་གི་ཡང་སྟེང་སུ་བཞུགས་གདན་འཇག་པ་དྲན། འོན་ཀྱང་མཁན་པོ་ཟུར་རྗེས་སུ་ཀླུ་འཁྱིལ་ཁང་ཚན་དུ་གཟིམ་ཆུང་དང་དེ་ལ་བཞུགས་གདན་འཇག་གནང་གི་འདུག དེ་ནི་ཕྱི་ལོ་ ༡༩༨༡ ལོར་ཀླུ་འཁྱིལ་ཁུལ་གྱི་གྲ་རྒྱུན་རྣམས་གྲ་སར་ལྷན་དུ་ཞུགས་ས་ཞིག་བྱུང་ན་དགེ་མཚན་ཆེ་བར་མཐོང་ནས་གྲྭ་ཚང་རིན་པོ་ཆེར་སྙན་ཞུ་མཛད་པ་བཞིན་གྲྭ་ཚང་ནས་དེ་དོན་བཞིན་ཡོང་བ་མཛད་ནས་ཀླུ་འཁྱིལ་ཁང་ཚན་གསར་དུ་དུས་དེ་ནས་དབུ་འཛུགས་པ་རེད་འདུག
དུས་དེ་ནས་བཟུང་རི་རྫོང་ཁུལ་གྱི་གྲ་རྒྱུན་རྣམས་ཀྱང་གྲྭ་སར་ཕེབས་སྐབས་ཀླུ་འཁྱིལ་ཁང་ཚན་དུ་བཞུགས་ཀྱིན་ཡོད་འདུག་པས་དེ་དང་ཕྱོགས་མཐུན་གྱི་སྐྱབས་རྗེ་རིན་པོ་ཆེ་མཆོག་ཀྱང་ཀླུ་འཁྱིལ་ཁང་ཚན་ལ་བཞུགས་པ་རེད་འདུག ལར་ནས་སྐྱབས་རྗེ་རིན་པོ་ཆེ་མཆོག་ནི་བླ་མ་ཚུལ་ཁྲིམས་ཉི་མས་རིགས་སྲས་ཡིན་པས་རི་རྫོང་སྲས་ཞུ་བ་དེ་དེ་འདྲ་ཡིན་འདུག བླ་མ་ཚུལ་ཁྲིམས་ཉི་མས་ཀླུ་འཁྱིལ་དགོན་དེ་གནའ་བོའི་ལོ་རྒྱུས་ཧ་ཅང་རིང་བའི་དགོན་པ་ཞིག་ཡིན་སྟབས་དེ་ལ་ཕྱི་ནང་གང་ཐད་ནས་ཐུགས་འཁུར་ཆེ་བཞེས་ཀྱིས་འཛིན་སྐྱོང་དཔེ་མེད་གནང་བས་ཀླུ་འཁྱིལ་དགོན་པ་ལ་གཞལ་དཀའ་བའི་བཀའ་དྲིན་ཅན་ཞིག་ཡིན་འདུག་པས་ཁོང་གི་རིགས་སྲས་སྐྱབས་རྗེ་རི་རྫོང་རིན་པོ་ཆེ་མཆོག་ཀླུ་འཁྱིལ་དང་མཐོུང་མ་ཡིན་པའི་འབྲེལ་བ་དེ་འདྲ་ཞིག་ཡིན་པ་དང་། དེ་མ་ཟད་དེའི་ཁུལ་གྱི་སྐྱ་སེར་ཐམས་ཅད་ཀྱང་སྐྱབས་རིན་པོ་ཆེ་མཆིག་གི་ཞལ་སློབ་དུ་གྱུར་པས་དགོན་པ་ལ་ཆོས་དང་བཟང་ཟིན་གཉིས་ཀས་འབྲེལ་བས་བཀའ་དྲིན་བླ་ལྷག་ཏུ་ཆེ་བར་འགྱུར་པ་རེད་འདུག
སྤྱིར་ཀླུ་འཁྱིལ་དགོན་དེའི་དགོན་བདག་ནི་སྐྱབས་མཆོག་མངའ་རིས་རིན་པོ་ཆེ་རིམ་བྱོན་རྣམས་ཡིན་པ་དང་། བདེ་བ་གཤེགས་པ་མངའ་རིས་རིན་པོ་ཆེ་མཆོག་ཀྱང་དགོན་འདིར་ཞབས་སོར་ལན་མང་བསྐྱངས་ཡོད་པ་རེད་འདུག དེ་མིན་ཀླུ་འཁྱིལ་དགོན་སུས་ཆགས་འདེབས་མཛད་པ་སོགས་བྲིས་ཁོམ་མ་བྱུང་བས་གཞན་ནས་ཤེས་པར་འཚལ།
དགོན་འདི་ལ་དམིགས་ཧསལ་གྱི་ཁྱད་ཆོས་ཞིག་ནི། དགེ་སློང་རྣམས་ཀྱི་ཆོས་འདུལ་བ་ཉམས་སུ་བཞེས་ཚུལ་མི་ཉུང་བ་ཞིག་སྒོ་འཆོར་གཡས་གཡོན་གྱི་ལྡེབ་བྲིས་སུ་རིས་མོ་བཀོད་འདུག དེ་ནི་དགོན་པ་འདིར་རབ་ཏུ་བྱུང་བའི་སྡེའི་ཁྲིམས་རྣམས་ཧ་ལས་པའི་དམ་པོའི་ལུགས་སུ་ཉམས་བཞེས་གནང་མཁན་ཞིག་ཡིན་པ་མཚོན་ཐུབ་པ་དང་།

Visit to the Drepung Ganden Dargye Ling Monastery in Ladakh
Yesterday, I had the fortunate opportunity to visit the Klu-khyil Monastery along with Geshe Lharampa, a professor at the Ladakh College of Higher Education, who is a Geshe Lharampa from the Klu-khyil House of the Drepung Loseling Monastery.
When I first joined Sera Je Monastery for my studies, Klu-khyil House was one of the twenty-four houses within the Drepung Loseling Monastery in exile. His Holiness the Retired Kyabje Trulshik Rinpoche, who was previously the abbot of Drepung Loseling, resided in the Drepung College of Higher Studies during his tenure as abbot and later moved to the upper floor of the monastery's new assembly hall when it was completed in 1986.
After retiring as abbot, he resided in the Klu-khyil House, where a private chamber and a seat were set up for him. This was initiated in 1981 when it was observed that it would be beneficial if the monks from the Klu-khyil area could join the monastery together. As a result, a request was made to the monastery, and the establishment of the Klu-khyil House was formally approved and initiated from that time onwards.

From that time on, the monks from the Ridge area also stayed in Kluukyil Khangtsen when they came to the monastery. It seems that His Holiness the Protector also resided in Kluukyil Khangtsen, which is consistent with that. In fact, His Holiness the Protector was the son of Lama Tsulkhim Nyima, hence he is known as Retzongse. Lama Tsulkhim Nyima took great care of the ancient Kluukyil Monastery, which has a very long history, in every aspect, and managed it exceptionally well. Therefore, he is an invaluable benefactor to the Kluukyil Monastery. His son, His Holiness Retzong Rinpoche, has a special connection with Kluukyil, and in addition, all the lay and ordained people in the area became his disciples, so the monastery benefitted greatly from his teachings and support.

In general, the main patron of Kyilkhyil Monastery is His Holiness Ngari Rinpoche and his successive incarnations, and the late Ngari Rinpoche also visited this monastery many times. Besides, since I didn't have time to write about who founded Kyilkhyil Monastery and other details, please look it up elsewhere. A special feature of this monastery is that the monks' practice of the Vinaya is depicted in the murals on the right and left walls of the entrance. This shows that the monastic community here adheres to a strict code of conduct.

24/07/2026

On the 22nd July 2026. This clip is copied from OHHDL thank you for sharing

ཁ་བའི་ལྗོངས་སུ་ཁ་བ་རི་པའི་ཕྱིར།།ཕྱག་ན་པདྨོས་ཕྱག་གིས་འཛིན་སླད་དུ།།གངས་ཅན་ཞིང་ན་གངས་ཅན་མགོན་པོ་མཆོག།རྣམ་པར་རོལ་བས་རྣམ་འདྲེ...
23/07/2026

ཁ་བའི་ལྗོངས་སུ་ཁ་བ་རི་པའི་ཕྱིར།།
ཕྱག་ན་པདྨོས་ཕྱག་གིས་འཛིན་སླད་དུ།།
གངས་ཅན་ཞིང་ན་གངས་ཅན་མགོན་པོ་མཆོག།
རྣམ་པར་རོལ་བས་རྣམ་འདྲེན་ཆེན་པོར་འདུད།།

ཨ་མདོའི་ཡུ་ན་ཨ་ཀ་མས་ལྟས་བལྟམས།།
ལྷ་ལྡན་ཞིང་དུ་ལྷ་ཆོས་མ་ལུས་གསན།།
འཕགས་པའི་ཡུལ་དུ་འཕགས་པའི་མཛད་པ་བསྐྱངས།།
འཛམ་གླིང་འགྲོ་བས་འཛམ་གླིང་མགོན་བཀུར་འདུད།།

22/07/2026

ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། སྙིགས་མའི་དུས་ཀྱི་ཐུབ་པ་གཅིག་པུ། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། འཕགས་མཆོག་ཕྱག་ན་པདྨོ་མི་ཡི་ཟློས་གར། ༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་མཆོག་གསེར་མཇལ་དང་གསུང་གི་བདུད་རྩི་ཟབ་མོ་མྱང་པའི་སྐལ་བཟང་གི་ཉིན་མོ་དང་། སློབ་བུར་གཏོགས་པ་བདག་ལའང་བསྟན་འགྲོ་ཕན་བདེའི་སླད་དུ་ཞབས་ཏོག་སྒྲུབ་དགོས་ཀྱིས་སླར་ཡང་བཀའ་སློབ་ཕེབས་པས་སྙིང་ཁུངས་ནས་བཀའ་དྲིན་ཆེ་དང་བཀའ་བཞིན་ཞུ་ཞུ།

Address

London
HA26BX

Opening Hours

Monday 7pm - 6:30pm

Alerts

Be the first to know and let us send you an email when Lelung Dharma Centre posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Place Of Worship

Send a message to Lelung Dharma Centre:

Shortcuts

Share