06/07/2026
བོད་མི་རིགས་ཀྱི་སྐྱབས་དང་མགོན་དཔུང་གཉེན་དམ་པ་ས་སྟེང་རྒྱལ་བསྟན་ཡོངས་ཀྱི་བདག་པོ་༧ སྤྱི་ནོར་གོང་ས་༧ སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་དོན་གྱི་སླད་དུ་མཚན་དངོས་སུ་སྨྲོས་ན་༧རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་མཚོ་མཆོག་གི་སྐུ་ཡི་འཁྲུངས་སྐར་བསྐལ་བཟང་གི་ཉིན་མོ་འདིར་ང་ཚོས་སྐྱེས་མཆོག་ཁོང་གི་རླབས་ཆེན་གྱི་མཛད་པ་བཟང་བོ་དང་བླ་ན་མེད་པའི་བཀའ་སློབ་བསླབ་བྱ་ཟབ་མོ་ཇི་སྙེད་ཡོད་པ་རྣམས་དྲན་གསོ་དང་གང་ཐུབ་ཅི་ཐུབ་ཀྱིས་ཉམས་ལེན་གནང་རྒྱུ་དེ་འཁྲུངས་སྐར་སྲུང་བརྩི་ངོ་མ་ཆགས་ཡོད།
དེ་འདྲ་ཡིན་དུས་ང་ཚོས་འཁྲུངས་སྐར་སྲུང་བརྩི་ཞུ་ཡ་དེས།
སྤྱི་ནོར་༧གོང་ས་སྐྱབས་མགོན་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་མཛད་བཟང་དང་བསུབ་དུ་མེད་པས་མཛད་རྗེས་ཁག་དྲན་གསོ་བྱེད་བཞིན་ཡོད་པས་ཧ་ཅང་གི་གལ་ཆེན་པོ་ཞིག་རེད་སྙམ།
ཡིན་ན་ཡང་གཙོ་བོ་རྒྱུན་དུ་རྟག་ཏུ་ག་དུས་ཡིན་ན་ཡང་བྱམས་སྙིང་རྗེ་ལྡན་པའི་བོད་མི་རིགས་ཀྱི་གོམས་གཤིས་མ་བརླག་པ་བྱེད་རྒྱུ་དང་མི་རིགས་ཀྱི་སྲོག་རྩ་བོད་ཡིག་བོད་སྐད་ལ་སྦྱངས་བརྩོན་བྱེད་རྒྱུ་དེ་ང་ཚོ་ལ་རྟག་ཏུ་གསུང་བའི་བཀའ་སློབ་དག་ཡིན་པས། སོ་སོ་སྐྱེ་ས་འཚར་ས་ཕ་གཞིས་དྲོན་པོ་ལ་འདུག་དབང་མེད་པ། རྩ་ཆེ་བའི་རིགས་གཞུང་དང་སྐད་ཡིག་སྦྱངས་པའི་གོ་སྐབས་མེད་པ་དེ་འདྲའི་གནས་སྐབས་ཤིག་ལ། ང་ཚོ་ས་མཐའ་འདིར་མི་རིགས་ཀྱི་འདུ་ཤེས་དང་ཡུལ་སྲོལ་རིགས་གཞུང་ལ་དུང་བ་ཟབ་པ།
ལྷ་དང་བླ་མ་དམ་ཚིག་གཅིག་པའི་མི་རིགས་ཤིག་ཡིན་བསམ་པའི་ཐོག་ནས་ཀུན་སློང་དང་བསམ་བློ་དེ་འདྲ་ཞིག་དགོས་སྙམ།
མ་ཚད་ང་རང་ཚོས་དེ་རང་གི་ཉིན་མོ་དུས་བཟང་ཆད་པར་ཅན་ལ་མགོན་པོ་མཆོག་གི་ཞབས་རྟེན་སོགས་སྒྲུབ་གནང་རྒྱུ་དང་བཀའ་གང་གནང་ཡོད་པ་དེ་རང་རང་སོ་སོའི་ཅི་ཐུབ་གང་ཐུབ་ཁས་ལེན་རེ་བྱེད་ཐུབ་ན་ཡག་པོ་འདུག་སྙམ།
མཇུག་མཐར་སྤྱི་ནོར་གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་གི་གཙོས་རིས་མེད་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན་པ་དང་།
གནས་ངེས་མེད་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་ལྷ་དང་བླ་མ་དམ་ཚིག་གཅིག་པའི་སྤུན་ཟླ་རྣམས་མགྱོགས་མྱུར་ཕོ་བྲང་པོ་ཏ་ལར་འཛོམས་པའི་སྨོན་ལམ་བཅས་ཚང་མ་བཀྲ་ཤིས་བདེ་ལེགས།།དབོན་སྤྲུལ་ཆོས་དབྱིངས་རང་གྲོལ་ནས། སྤྱི་ལོ་༢༠༢༦/ཟླ་བ་༠༧ ཚེས་༠༦ཉིན།
Tonight we celebrated his holiness 14th Dalai Lama’s 91st birthday with our Ontrul choeyang Rangdrol rinpoche and Venerable Huyen Dat 🙏🏻
With deepest reverence and boundless gratitude, we offer our heartfelt birthday prayers to our beloved Spiritual Master and Peacemaker, His Holiness the 14th Dalai Lama.
May Your Holiness enjoy a long, stable, and healthy life. May your limitless compassion, wisdom, and bodhicitta continue to illuminate the world, bringing peace, harmony, and to all sentient beings without exception.
May the precious Buddhadharma flourish in every direction, and may all your enlightened aspirations be effortlessly fulfilled for the benefit of countless beings.
Happy Birthday, Your Holiness. May you live long, remain in perfect health, and continue to guide us with your compassionate presence for many years to come
💐🎂🪷