K.T.C Maha Gonpa Page

K.T.C Maha Gonpa Page This is the official page of Maha Gonpa (ladakh)

༄༅། །ཝ་རཱ་ཎ་སི། བཛྲ་བིདྱ་གཙུག་ལག་སློབ་གཉེར་ཁང་དུ། འཕགས་མ་བདེ་བྱེད་མའི་དཔྱིད་ཆོས་ཐེངས་བདུན་པའི་ཐོག་ཏུ། སྐྱབས་རྗེ་སྒྲུབ་དཔ...
03/12/2023

༄༅། །ཝ་རཱ་ཎ་སི། བཛྲ་བིདྱ་གཙུག་ལག་སློབ་གཉེར་ཁང་དུ། འཕགས་མ་བདེ་བྱེད་མའི་དཔྱིད་ཆོས་ཐེངས་བདུན་པའི་ཐོག་ཏུ། སྐྱབས་རྗེ་སྒྲུབ་དཔོན་བདེ་ཆེན་རིན་པོ་ཆེ་དབུ་བཞུགས་དང་། དམིགས་བསལ་ཆེད་དུ་གདན་དྲངས་པའི་རྩོད་དཔང་མཁན་པོ་རྣམ་པ་ལྔ་དང་། བཛྲ་བིདྱ་གཙུག་ལག་སློབ་གཉེར་ཁང་གི་མཁན་པོ་དང་། བཙུན་དགོན་བཤད་གྲྭ་ཁག་གི་མཁན་པོ་དང་བཙུན་དགོན་བཤད་གྲྭ་ཁག་གི་འདུས་མང་ལྷན་བཞུགས་མཉམ་བསྒྲོན་གྱི་བརྙན་ཡིན།

10/24/2022

༄༅། །དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལའི་མགོན་སྒྲུབ་དགུ་གཏོར་ཆེན་མོ་དངོས་སུ་འཚོགས་བཞིན་པའི་གཟུགས་བརྙན།

༄༅། །དེ་རིང་ཕྱི་ལོ་ ༢༠༢༢ ཟླ་ ༩ བོད་ཚེས་ ༢༢ ནས་དབུ་བཟུང་འབྱུང་འགྱུར་ཉིན་བརྒྱད་ཀྱི་རིང་འཕགས་ཡུལ་ལ་དྭགས་མ་ཧྭ་ཀརྨ་ཐུབ་བསྟན་ཆ...
10/24/2022

༄༅། །དེ་རིང་ཕྱི་ལོ་ ༢༠༢༢ ཟླ་ ༩ བོད་ཚེས་ ༢༢ ནས་དབུ་བཟུང་འབྱུང་འགྱུར་ཉིན་བརྒྱད་ཀྱི་རིང་འཕགས་ཡུལ་ལ་དྭགས་མ་ཧྭ་ཀརྨ་ཐུབ་བསྟན་ཆོས་འཁོར་གླིང་དུ་རིས་སུ་མ་མཆིས་པའི་བསྟན་པ་སྤྱི་དང་། ཁྱད་པར་དུ་དཔལ་རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་གཙོ་བའི་དེ་བཞིན་འགྲོ་བ་ཡོངས་ཀྱི་ཞབས་རིམ་དུ་འདི་ག་ལ་དྭགས་མ་ཧྭ་དགོན་པའི་དགོན་བདག་སྐྱབས་རྗེ་སྒྲུབ་དཔོན་བདེ་ཆེན་རིན་པོ་ཆེའི་སྐུ་ཚབ་ལ་དྭགས་སྤྲུལ་སྐུ་རིན་པོ་དབུ་ཞུགས་ཐོག་དགེ་འདུན་འདུས་མང་ཡོངས་ནས་དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལའི་མགོན་སྒྲུབ་དགུ་གཏོར་ཆེན་མོ་དངོས་སུ་འཚོགས་བཞིན་འཆར་སྣང་དང་གཟུགས་བརྙན་འགའ།།

Starting from today, October 16 , 2022, the entire Ladakh Maha Karma Thupten Chokorling Sangha is performing a 8-day grand Mahakala Gutor Puja at Ladakh Maha Monastic Seat.

According to the Tibetan calender, this sagadawa month is very important for Buddhist. Reasons are as follows:On 7th day...
06/01/2022

According to the Tibetan calender, this sagadawa month is very important for Buddhist. Reasons are as follows:

On 7th day Buddha was born.

On 8th day Buddha became monk.

On 15th day Buddha entered the womb.

On 15th day Buddha was enlightened.

On 15th day Buddha subdued demon.

On 15th day Buddha attained Parinirvana.

( བཞི་པའི་ཉའི་ཟླ་འཛིན། lunar eclipse )མཚུར་ལུགས་བོད་ཟླ་བཞི་པ་སྔ་མའི་ཚེས་བཅོ་ལྔ་འམ་ས་ག་ཟླ་བའི་ཉའི་ཉིན་མོ་མཁའ་ལ་ཟླ་འཛིན་འཆ...
05/15/2022

( བཞི་པའི་ཉའི་ཟླ་འཛིན། lunar eclipse )
མཚུར་ལུགས་བོད་ཟླ་བཞི་པ་སྔ་མའི་ཚེས་བཅོ་ལྔ་འམ་ས་ག་ཟླ་བའི་ཉའི་ཉིན་མོ་མཁའ་ལ་ཟླ་འཛིན་འཆར་བའི་དུས་ཚོད་དང་ཡུལ་གང་ནས་མཐོང་མིན་གྱི་གསལ་བཤད་མདོར་བསྡུས་ཙམ་བཀོད་པ། དེ་ཡང་ཆུ་ཕོ་སྟག་ལོ་འདིའི། །ས་ཟླའི་ཚེས་པ་བཅོ་ལྔ་སྟེ། །མུན་འཇོམས་རེས་ལ་འཆར་བའི་ཉིན། །དོན་ཁྱིམ་ཁྱུ་མཆོག་ལ་གནས་ཤིང། །ཏཏྐཱལ་ཀརྚ་ལ་བབ་ཚེ། །ས་ག་རྐང་པ་གཉིས་པའི་སྟེང། །ཉི་དྲོད་སྦྲུལ་གྱི་སྔ་ཆར་རམ། །བལ་ཡུལ་ཆུ་ཚོད་འབྱོར་བ་དང། །ཆུ་སྲང་རི་རྩེ་ཟིན་པའི་ཚེ། 10/37am །ཀེ་ཏུས་བྱང་ཤར་བྱང་ཉེ་ནས། །ཐོག་མར་སྒྲིབ་པའི་འགོ་བརྩམ་ཞིང། །དུ་བའི་མདོག་བཅས་བྱང་གླིངདང། །ནུབ་གླིང་དབུས་ཤར་ཁུལ་དག་ནས། །མཐོང་འགྱུར་ཆུ་ཚོད་བདེ་འབྱུང་དང།ཆུ་སྲང་གླིང་རྩེའི་གྲངས་ཟིན་ཚེ། 11/37 am །ལྕགས་བསྲེགས་མདོག་བཅས་ཧྲིལ་པོ་སྒྲིབ། །དབྱུག་གུ་རྟེན་འབྲེལ་སྲང་རིན་ཆེན། 12/07 pm །སྟེང་དུ་བསླེབ་ཚེ་དུ་མདོག་བཅས། །སྒྲིབ་མཐའ་སོན་ཅིང་དབྱུག་ཉི་མ། །ཆུ་སྲང་ཐུབ་སྲིད་གྲངས་ཀྱི་སྟེང། 12/37 pm །ཟླ་དབུས་མཐའ་ནས་འོད་འཕྲོ་ཞིང། །ཆུ་ཚོད་ཡོན་ཏན་རང་བཞིན་དང། །ཆུ་སྲང་དྲང་སྲོང་འཇིག་རྟེན་ལ། 01/27 pm །ཟླ་དཀྱིལ་སྔར་ལྟར་རྒྱས་བཞིན་དུ། །འགྲོ་བ་ནུབ་གླིང་ཤར་མ་དང། །ལྷོ་གླིང་བཅས་པའི་ཡུལ་མཐོ་ནས། །མཐོང་བར་འགྱུར་ལ་ཀུན་གྱི་མིན།།

དཀར་ཟས་སྐོར་ཅུང་གླེང་བ། སྐྱབས་རྗེ་དཔའ་བོ་གཙུག་ལག་ཕྲེང་བའི་སྐྱེ་ཕྲེང་བཅུ་གཅིག་པ། དུས་རབས་ཉེར་གཅིག་འདི་ལ་འཛམ་གླིང་ཡོངས་སུ་...
04/06/2022

དཀར་ཟས་སྐོར་ཅུང་གླེང་བ།
སྐྱབས་རྗེ་དཔའ་བོ་གཙུག་ལག་ཕྲེང་བའི་སྐྱེ་ཕྲེང་བཅུ་གཅིག་པ།

དུས་རབས་ཉེར་གཅིག་འདི་ལ་འཛམ་གླིང་ཡོངས་སུ་རྫོགས་པས་མཉམ་གནས་ལ་འབད་བརྩོན་དང་།ཞི་བདེར་རེ་འབོད། མཐུན་སྒྲིལ་དོན་གཉེར་བཅས་བྱེད་བཞིན་པའི་དུས་འདིར། འགྲོ་བ་མིའི་རིགས་བར་ཕན་ཚུན་མཐུན་སྒྲིལ་དང་ཞི་བདེར་རོལ་ཐུབ་པ་ཙམ་གྱིས་མཚན་ཉིད་ཡོངས་སུ་ཚང་བའི་ཞི་བདེ་དམ་པ་ཞིག་ག་ལ་བྱུང་བ་ཡིན་ཏེ། མི་ཕུད་པའི་འགྲོ་བ་གཞན་བྱ་ཕག་སོགས་ལའང་བདེ་སྡུག་གི་ཚོར་བ་མི་དང་གཅིག་མཚུངས་སུ་ཡོད་ཀྱང་། མང་དག་ཅིག་གིས་ཉམ་ཐག་པའི་སེམས་ཅན་འདི་དག་གི་སྲོག་ལ་རྒོལ་ནས་བྱུང་བའི་ཤ་ཁྲག་ལ་རྒྱུན་མར་ལོངས་སྤྱོད་པ་ནི།ལྕིད་ཆེ་བའི་གདུག་རྩུབ་ཅིག་ཅི་ལ་མིན། སྲོག་ཆགས་གཞན་གྱི་ཚེ་སྲོག་གི་རིན་ཐང་ཡང་རྩིས་མེད་དུ་སྐྱུར་བ་མ་ཡིན་ནམ། དེ་ལྟར་བསམ་ན། དམར་ཟས་ལ་རོལ་བའི་གང་ཟག་ལ་འདྲ་མཉམ་དང་ཞི་བདེ་གླེང་བའི་ཐོབ་ཐང་ཀྱང་མེད་དོ། །ཞེས་པའི་གོ་གཏམ་དེའང་དོན་དམ་རྗེན་གཅེར་དུ་ངོ་སྤྲོད་པའི་ལེགས་བཤད་ཡིན་པར་སྣང་།

འགའ་ཞིག་གིས་སྲོག་ཆགས་ལ་བདེ་སྡུག་གི་ཚོར་བ་མི་དང་གཅིག་མཚུངས་སུ་ཡོད་པར་མི་འདོད་ཀྱང་། དེ་ནི་ནང་ཆོས་དང་ཚན་རིག་ཐ་ན་འགྲོ་བ་མིའི་ཐུན་མོང་གི་མྱོང་བ་ཀུན་དང་འགལ་བ་ཡིན་ཏེ། སྤྱིར་སྟོན་པ་བཀའ་དྲིན་ཅན་གྱི་རྗེས་འཇུག་ཡིན་ཕྱིན། རང་རྒྱུད་འཁུལ་བའི་ཉེར་ལེན་དུ་སེམས་ཅན་ཐམས་ཅད་མར་ཤེས་ཤིང་། དྲིན་དྲན་པ། དྲིན་གཟོ་བ་ལ་སོགས་པའི་རྒྱུ་འབྲས་ཀྱི་གདམས་ངག་ཟབ་མོར་ཡང་ཡང་སེམས་ཏེ་བློ་སྦྱོངས་བར་བྱེད་ལ། འཚེ་མེད་ཀྱི་སྤྱོད་པ་ཟབ་མོའི་རྩ་བ་སྙིང་རྗེའང་བདག་གཞན་བདེ་སྡུག་གི་ཚོར་བ་མཉམ་པའི་རྨང་གཞིའི་ཐོག་ལས་སྦྱངས་དགོས། དེ་བཞིན་སྲོག་ཆགས་མཚན་ཉིད་རིག་པ་(TomRegan)གྱིས་ཀྱང་། ཚེ་སྲོག་གི་གཙོ་གཞི། ཞེས་པ་རྩ་བར་བཟུང་སྟེ། ཤེས་ཚོར་དང་ཚོར་བའི་དབང་པོ་ལྡན་པའི་སྲོགས་ཆགས་ཡོད་དོ་ཅོགརང་ལ་དབང་བའི་འཚོ་བའི་དབང་ཚད་ཡོད་པའི་ཚེ་སྲོག་གི་གཙོ་གཞིའི་ཁོངས་སུ་གཏོགས་པར་འདོད་པའི་སྒོ་ནས། སྲོག་ཆགས་ཐམས་ཅད་ལ་འགྲོ་བ་མིའི་རིགས་དང་མཉམ་པའི་བདེ་སྡུག་གི་ཚོར་བ་ཡོད་པར་སྒྲུབ་བོ། །ཡང་ཆེས་ལྐུག་པའམ་གླེན་པར་འཇོག་པའི་ཕག་པ་ལ་སོགས་པའི་སྒོ་ཕྱུགས་དག་ལ་མཚོན་གྱི་བསྣུན་ན། འཕག་འཚག་དང་། སྐད་ངན་ཆོ་ངེ་འཇིགས་སུ་རུང་བ་སྒྲོགས་པས་ཐུན་མོང་མྱོང་བའི་སྒོ་ནས་ཀྱང་རྗེས་དཔག་ནུས་སོ།།

དེ་ཕྱིར་སྡིག་ཟས་ཕ་མའི་ཤ་ཁྲག་ལ་ལོངས་སྤྱོད་རྒྱུ་མཚམས་བཞག་ཏེ། དཀར་ཟས་ལ་རོལ་བ་ནི་ཆོས་དང་མཐུན་ཞིང་། བདེ་སྡུག་གི་ཤེས་ཚོར་མི་དང་མཉམ་པའི་སྲོག་ཆགས་འདི་དག་གི་ཚེ་སྲོག་ལ་གུས་ཤིང་བཀུར་བའི་ཐབས་ཉག་གཅིག་ཡིན་པར་དྲན། དེའང་འགའ་ཞིག་གིས་ཤ་རིགས་ཀྱིས་མི་ཡི་གཟུགས་པོར་སྟོབས་བསྐྱེད་ཚུལ། བཅུད་འཕེལ་ཚུལ་སོགས་མང་དག་ཅིག་བཤད་ཀྱིན་འདུག་མོད། དོན་དངོས་སུ་དེ་ལས་ལྡོག་སྟེ།ལུས་ཕུང་བདེ་ཐང་ཁོ་ན་ལ་བསམ་སྟེ་བརྗོད་ན། རྒྱུན་དུ་ཤ་རིགས་ལ་སྤྱོད་མཁན་མང་ཆེ་བ་ལོ་ན་ཆེར་མ་སོན་གོང་ནས་སྙིང་རྩ་དང་ཁྲག་སོགས་དང་འབྲེལ་བའི་ནད།དེ་བཞིན་འབྲས་སྐྲན། གཅིན་སྙིའི་ནད་སོགས་བཅོས་དཀའ་བའི་གཅོང་ནད་དྲག་པོས་མནར་བའི་གནས་ཚུལ་གང་སར་མངོན་གསལ་དུ་ཡོད་པས་མང་པོ་བཤད་པའི་དགོས་པ་མ་མཐོང་། དཀར་ཟས་ལ་རོལ་བའི་གང་ཟག་ཁྲོད། དེ་ལྟ་བུའི་ནད་ན་བའི་ཉེན་ཚད་ཆུང་ཞིང་། ཕྱི་གླིང་པའི་དཀར་ཟས་རིང་ལུགས་ཀྱི་རྒྱབ་སྐྱོར་པ་འགའ་ཞིག་གིས།དཀར་ཟས་ལ་རོལ་བ་ནི་སེམས་ཁམས་བདེ་ཐང་དང་། གཤིས་རྒྱུད་གུ་ཡངས་ཡོང་བ་སོགས་ལ་ཕན་པ་མ་ཟད། ཞེན་ཆགས་ཀྱི་བཏང་འཛིན་ལས་རྒྱལ་བའི་ཐབས་མཆོག་ཅིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ལ།ནུབ་ཕྱོགས་ཀྱི་ནང་ཆོས་རྗེས་འབྲང་པ་དག་གིས་ཀྱང་།དཀར་ཟས་དང་ལེན་གྱི་ལག་བསྟར་དེ་ནི། འཚེ་མེད་བཞི་བདེའི་སྤྱོད་པ་དོན་འཁྱོལ་བྱེད་པའི་ཐབས་བཟང་ཤོས་ཞིག་ལ་ངོས་འཛིན་བྱེད་པའོ།།

དེའང་དཀར་ཟས་ཀྱི་ཡོན་ཏན་ཚན་རིག་ལས་མང་དག་ཅིག་བཤད་ཡོད་ལ། སྟོན་པ་བཀའ་དྲིན་ཅན་གྱིས་ཀྱང་། ལང་ཀར་གཤེགས་པའི་མདོ་ལས། ཤ་ལ་སོགས་པ་སྤངས་བའི་ཕྱིར།།བྲམ་ཟེའི་རིགས་དང་རྣལ་འབྱོར་ཅན། །ཤེས་རབ་ཅན་དང་ནོར་ལྡན་སར། །དེ་དག་རྣམས་ནི་སྐྱེ་བར་འགྱུར། །ཞེས་སོགས་དཀར་ཟས་ཀྱི་ཕན་ཡོན་རྒྱ་ཆེར་གསུངས་ཤིང་། ངས་ནི་ཤ་དག་རྣམ་པར་སྨད།།སོགས་ཤ་དམར་པོ་ཟ་བའི་མ་རབས་ཀྱི་སྤྱོད་པ་འདི་ནི་མཐར་ཐུག་གི་གོ་འཕང་རིན་པོ་ཆེ་སྒྲུབ་པའི་གེགས་ཆེན་ཞིག་ཏུ་གཟིགས་ཏེ་སྒོ་ཀུན་ནས་སྨད་པར་མཛད་ལ།དེ་ལས་འཕྲོས་ཏེ་མདོ་རྒྱུད་བསྟན་བཅོས་དུ་མའི་ཁྲོད་དམར་སྤངས་དཀར་བླངས་ཀྱི་དགོས་པ་མང་དག་གསུང་ཞིང་།དཔལ་རྒྱལ་བའི་དབང་པོ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེས་གཙོས་པའི་བསྟན་འཛིན་གྱི་སྐྱེ་བོ་གྲངས་ལས་འདས་པས་དེ་དོན་དུ་བཀའ་མངགས་ལམ་སྟོན་མི་ཉུང་བ་གནང་ཡོད།།

འགའ་ཞིག་གིས། ཤ་ཁྲག་གི་ཟས་སྤངས་བའི་བརྟུལ་ཞུགས་ནི་མུ་སྟེགས་གཅེར་བུ་བས་འདོད་པ་ལས།ནང་པ་སངས་རྒྱས་པའི་ཉམས་ལེན་གྱི་གནས་གཙོ་བོར་མ་འཇོག་ཅིང་། འཇོག་ཀྱང་དོན་ཆུང་ཞིག་ཏུ་འཛིན་ཏེ་གཡབ་ཆུང་ལྟ་བུ་བྱས་པ་ཐོས་རྒྱུ་འདུགདམར་ཟས་སྤངས་པ་ནི་གཅེར་བུ་བའི་འདོད་པ་ཡིན་པ་ནི་བདེན། དེ་ཙམ་དུ་མ་ཟད། ཡེ་ཤུའི་ཆོས་ལུགས་པ་འགའ་ཞིག་ཡང་དེ་དང་འདོད་པ་མཚུངས་ཏེ།དུས་རབས་དྲུག་པའི་སྐབས་གཏན་ལ་འབེབས་པའི་དམ་པ་འབན་ནི་ཐད་ཀྱི་བཅའ་ཁྲིམས། (Rule of Saint Benedict )ཁྲོད་ལུས་པོར་གཅོང་ནད་ཕོག་པ་ལས་གཞན་པའི་ཆོས་པ་ཀུན་དམར་ཟས་སྤྱོད་མི་རུང་བར་གསུངས་འདུག་ལ།ཧིན་དུ་ཆོས་ལུགས་པས་འཚེ་མེད་ཀྱི་སྤྱོད་པར་སློབ་ཕྱིར་དམར་ཟས་སྤངས་པ་ནི་ཀུན་གྱིས་ཤེས་པ་ལྟར་རོ།བདག་ཅག་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་སུ་འཇུག་པའི་དགོས་པ་ཉག་གཅིག་པོ་ནི་མཐར་ཐུག་གི་དོན་དམ་རྟོགས་པའི་ཆེད་དུ་ཡིན།དེ་ན་སྟོན་པ་བཀའ་དྲིན་ཅན་གྱི་མཐར་ཐུག་དོན་དམ་རྟོགས་པའི་ཐབས་སུ་ཆོས་འཁོར་རིམ་པ་གསུམ་བསྐོར།ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས། དེ་དག་ཀུན་གྱི་རྩ་བ་བྱམས་པ་དང་བརྩེ་བ། སྙིང་རྗེ་བཅས་རྒྱ་ཆེར་བསྟན་པ་དེ་དག་དང་འགལ་མེད་ཆོས་མཐུན་དུ་འདུག་ན་དགའ་བས་རྗེས་སུ་ཡི་རངས་པའི་གནས་སུ་ཅི་ལ་མ་འཇོག།ལེགས་བཤད་བྱིས་པའི་ཁ་ལ་ཡོད་ཀྱང་བླངས། །མི་སྙན་བྱུང་ན་གོང་མའི་གསུང་ཡང་བོར། །ཞེས་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་གསུངས་པ་ལྟར་རོ།བདག་གིས་ནི་གྲུབ་མཐས་བློ་མི་འགྱུར་བའི་མི་སྐྱ་ཚོའི་ཁྲོད་སྲོག་ཆགས་གྱི་སྡུག་བསྔལ་ལ་སྙིང་རྗེ་ནས་དམར་ཟས་སྤངས་བ་དག་ཀྱང་ཕྱག་བྱ་བའི་གནས་སུ་འཇོག་གོདེའང་ནང་པ་སངས་རྒྱས་པ་ཞིག་ཡིན་ཕྱིན་དམར་ཟས་ལོངས་སྤྱོད་ནས་ནང་པའི་ཆོས་ཀྱི་བྱེ་བྲག་ཅི་ཞིག་ཉམས་སུ་བླངས་རུང་།ཤིང་གི་རྩ་བ་བོར་ནས་ཡལ་ག་བཟུང་བའི་དཔེ་ལྟར་ཆོས་ཀྱི་གནས་གསང་དམ་པ་འཕྱུག་ཟིན་པ་མ་ཡིན་ནམ།མདོར་ན་ཆོས་ནི་མི་འཚེ་བ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་པ་ལྟར་ཐེག་པ་ཆེ་ཆུང་ཀུན་གྱིས་ཉོན་མོངས་ཐན་དུ་བལྟ་ཞིང་།མི་དགེ་བ་བཅུ་པོ་དུག་ལྟར་སྤོང་མཁན་ཤ་སྟག་ཡིན་པས་སེམས་ཅན་གྱི་སྲོག་བཅད་པའི་གནོད་པ་ལས་ལྷག་པའི་འཚེ་བ་ཞིག་མེད་པ་ནི་མྱོང་བས་གྲུབ་ཕྱིར་མཆིང་པོས་ཡིད་བཞིན་ནོར་བུའི་དོད་མི་བྱེད་པར་འཚལ།།

ལས་དང་པོ་པ་དག་ལ་དམར་ཟས་སྤོང་ཚུལ་གྱི་རིམ་པར་རྣམ་གསུམ་དག་པའི་ཤ་འདི་སྐབས་ཤིག་རིང་ཟ་ཆོག་པའི་ཚུལ་དུ་གསུངས་པ་ལ་གོ་ལོག་ཏུ་སོང་ནས།སྟོན་པས་ཤ་ཟ་ཆོག་པའི་ཆོག་མཆན་ཞིག་ཀྱང་གནང་ཡོད་པར་འཁྲུལ་སྟེ། དམར་ཟས་ལ་རོལ་བ་ཇི་སྙེད་ཅིག་བྱུང་ཡོད།དོན་དུ་སྟོན་པས་སོ་ཐར་སྡོམ་པའི་སྐབས་སུ་རྣམ་གསུམ་དག་པའི་ཤ་ཟ་ཆོག་པའི་ཚུལ་དུ་གསུངས་པ་དང་།འདུལ་བའི་ཁྲོད་ཤ་ཟ་མ་རུང་པའི་བཀག་པ་ནན་པོ་མ་གནང་བ་ནི། སྟོན་པའི་རྗེས་འབྲང་དགེ་ཚུལ་སློང་རྣམས་ཀྱི་འཚོ་བ་ནི་བསོད་སྙོམས་ཁོ་ན་ལ་བརྟེན་དགོས་པ་དང་།གསོག་འཇོག་མི་རུང་བར་གསུངས་ཕྱིར། སྦྱིན་པའི་བདག་པོས་གང་གནང་བ་དེ་རང་ལོངས་སུ་སྤྱོད་པ་སོགས་རྒྱུ་རྐྱེན་དུ་མ་ཚོགས་པའི་དབང་གིས།ཤ་རིགས་ཤིག་སྦྱིན་ན་དེ་ལ་མི་འདོད་པ་དང་། མི་རུང་བའི་རྣམ་འགྱུར་གང་ཡང་མེད་པར་བཀའ་དྲིན་ཞུ་བཞིན་ཐད་ཀར་ཟས་ན་ལེགས་པས་སྐབས་ཤིག་མ་བཀག་པར་སྣང།བྱང་སྡོམ་སྐབས་ཀུན་ནས་བཀག་པར་མཛད་པ་ནི། མདོ་ལས། མཐོང་དང་ཐོས་དང་དོགས་པ་ཡི། །ཤ་རྣམས་ཐམས་ཅད་རྣམ་པར་སྨད།།ཤ་ཟན་རིགས་སུ་སྐྱེས་པ་ཡི། །རྟོག་གེ་བ་རྣམས་མ་ཤེས་སོ། །ཞེས་གསུངས་པའི་ཚིག་དོན་ཙམ་ཤེས་པས་ཀྱང་གེགས་མེད་དུ་རྟོགས་ནུས།མ་འོངས་པ་ཡི་དུས་ན་ནི། །ཤ་ཟ་གཏི་མུག་སྨྲ་བ་དག །ཤ་ནི་སྡིག་མེད་རུང་བའོ་ཞེས། །སངས་རྒྱས་རྣམས་ཀྱིས་བཤད་ཅེས་ཟེར།།ཞེས་སོགས་བསྟན་པའི་ཚིག་དག་མཇལ་བ་ཙམ་གྱིས། དེང་ཤ་ཟས་ཚུལ་མཐུན་གྱི་ཟས་སུ་བཀའ་ཡི་དགོངས་པར་འགྲེལ་བ་དག་གི་ངོ་རིས་ཀྱང་རྟོགས་སོང་བས་སྐབས་ཤིག་བློ་བདེ་ཞེ་ལྷོད་ཀྱི་ཚོར་སྣང་ཞིག་ཀྱང་བྱུང་།དེ་ན་ལུང་དང་རིགས་པ་མང་མོད།དམ་པའི་གནད་གསང་རྟོགས་པར་འདོད་ན་རང་གི་མྱོང་བ་ལ་གཙོ་ཆེར་བསྟེན་དགོས་པ་གལ་ཆེ་བར་གསུངས་པ་ལྟར་།ད་ནས་བཟུང་ཏེ་ཁྱེད་ཀྱིས་གཟའ་འཁོར་རེར་ཉིན་རེར་དཀར་ཟས་ལ་དང་ལེན་དང་།ཡང་ན་ཟླ་རེར་གཟའ་འཁོར་རེར་དཀར་ཟས་འཇུག་པར་གྱིས་དང་། གཞན་དང་མི་འདྲ་བའི་འཆར་སྣང་གསར་པ་དང་།བླ་ན་མེད་པའི་ཕན་ཡོན་ཞིག་ཀྱང་ཐོབ་ངེས། །

སྤྱིར་དམར་སྤངས་དཀར་བླངས་ཀྱི་སྤྱོད་པ་འདི་ཉིད་འཆར་ཅན་གྱི་གདམས་ཁ་ཞིག་ཏུ་འགྱུར་བ་ལ་དཀར་ཕྱོགས་དགེ་བའི་ལས་ལ་དགའ་བའི་སྐྱ་སེར་ཕོ་མོ་ཀུན་གྱི་ལྷོད་མེད་འབད་རྩོན་གནང་དགོས་པ་གལ་ཆེ་ཞིང་།དུས་ཚོད་ཀྱང་ངེས་ཅན་ཞིག་དགོས་པ་ཡིན་ངེས་རེད། མདོར་ན་དམར་ཟས་ལ་སྲེད་པའི་མ་རབས་ཀྱི་གོམས་ལུགས་འདི་ལ་འགྱུར་བཅོས་ཤིག་བཏང་ཨེ་ཐུབ་ཀྱི་འབད་འབུངས་ལ་བསྟེན་ནས།འཚེ་མེད་ཀྱི་སྤྱོད་པ་དང་། གཞན་ཕན་གྱི་སྙིང་སྟོབས། དེ་བཞིན་སེམས་ཅན་ཐམས་ཅད་ཀྱི་ཚེ་སྲོག་བཏང་སྙོམས་སུ་འཛིན་ནས་གཅེས་སྲུང་བྱེད་པ་སོགས་དོན་ཐོག་ཏུ་འཁྱོལ་དགོས་པ་ནི་འོ་སྐོལ་ནང་པའི་རྗེས་འབྲང་པ་ཀུན་གྱི་འོས་འགན་ཞིག་ཀྱང་ཡིན་པར་འདོད་དོ།།

ཞེས་པ་འདིའང་ཁྲི་གདུགས་ཉི་མ་སྡིག་པའི་ཁྱིམ་ལ་སྤྱོད་པའི་དུས་བོད་ཁུལ་ཐ་གྲུ་ཀུན་ལ་དུས་བཤས་ཟེར་ཉམ་ཆུང་དུད་འགྲོ་མཆི་མ་བཀུ་བའི་སྨིན་དྲུག་ཟླ་བའི་དཀར་ཕྱོགས་སུ་དཔའ་བོའི་མཚན་འཛིན་བཅུ་གཅིག་པ་གཙུག་ལག་སྨྲ་བའི་སྒྲ་དབྱངས་སུ་འབོད་པས་ཤར་མར་སྦྱར་བ་འགྲོ་ཀུན་སྡིག་ཟས་ཕ་མའི་ཤ་ཁྲག་སྤང་པའི་རྒྱུར་གྱུར་ཅིག།།།དཀར་ཟས་སྐོར་ཅུང་གླེང་བ།

ཞེས་པ་འདིའང་ཁྲི་གདུགས་ཉི་མ་སྡིག་པའི་ཁྱིམ་ལ་སྤྱོད་པའི་དུས་བོད་ཁུལ་ཐ་གྲུ་ཀུན་ལ་དུས་བཤས་ཟེར་ཉམ་ཆུང་དུད་འགྲོ་མཆི་མ་བཀུ་བའི་སྨིན་དྲུག་ཟླ་བའི་དཀར་ཕྱོགས་སུ་དཔའ་བོའི་མཚན་འཛིན་བཅུ་གཅིག་པ་གཙུག་ལག་སྨྲ་བའི་སྒྲ་དབྱངས་སུ་འབོད་པས་ཤར་མར་སྦྱར་བ་འགྲོ་ཀུན་སྡིག་ཟས་ཕ་མའི་ཤ་ཁྲག་སྤང་པའི་རྒྱུར་གྱུར་ཅིག།།།

༼ མཆོད་བརྗོད། ༽སྟོང་གསུམ་འཇིག་རྟེན་ཀུན་གྱི་མགོན་གཅིག་པུ༎ སྲིད་ཞིའི་འགྲོ་བ་ཀུན་གྱི་མིག་གཅིག་པུ༎ མཐའ་ཡས་གདུལ་བྱ་ཀུན་གྱི་སྐ...
04/05/2022

༼ མཆོད་བརྗོད། ༽

སྟོང་གསུམ་འཇིག་རྟེན་ཀུན་གྱི་མགོན་གཅིག་པུ༎
སྲིད་ཞིའི་འགྲོ་བ་ཀུན་གྱི་མིག་གཅིག་པུ༎
མཐའ་ཡས་གདུལ་བྱ་ཀུན་གྱི་སྐྱབས་གཅིག་པུ༎
མཚུངས་མེད་ཤཱཀྱའི་དགེ་སློང་ཁྱེད་ལ་འདུད༎

༼ སྤྱི་དོན། ༽

འཛམ་གླིང་རྒྱ་མཚོའི་གོས་ཅན་ཧྲིལ་པོ་འདིར༎
ནོར་འཛིན་ཁྱོན་དུ་མི་རིགས་ཆགས་ནས་བཟུང་༎
ཕན་ཚུན་བརྡ་ལན་བྱེད་པའི་ཐབས་ཤེས་ལ༎
སྐད་ཡིག་ཟེར་བའི་གླིང་དེར་ཐ་སྙད་བསྒྲགས༎

མི་རིགས་རེ་ལ་སྐད་ཡིག་མི་འདྲ་རེ༎
སྐད་ཡིག་རེ་ལ་རིག་གཞུང་མི་འདྲ་རེ༎
རིག་གཞུང་སྣ་ཚོགས་ཁྲོད་ནས་ནོར་བུ་སྟེ།།
གདོང་དམར་བྷོ་ཊི་སྐད་ཡིག་གཞན་ལས་འཕགས།།

བྷོ་ཊིའི་སྐད་དང་ཡི་གེ་གྲུབ་ཆ་ནི།།
མི་རིགས་རང་ཉིད་འབྱུང་ཁུངས་འཕེལ་རྒྱས་དང་།།
ཡུལ་ལུང་སོ་སོའི་སྒྱུ་རྩལ་རྨང་གཞི་ཡིས།།
ཕན་ཚུལ་གོ་བརྡ་འཕྲད་ཐབས་སྣ་མང་བསྐྲུན།།

མི་ལོ་སྟོང་ཕྲག་སྔོན་ནས་སྐད་བྱུང་ཡང་༎
སྐད་ཀྱི་ཡིག་གཟུགས་དབེན་པའི་སྨག་རུམ་ན༎
འཇམ་དབྱངས་རྣམ་སྤྲུལ་སློབ་དཔོན་ཨ་ནུ་ཡིས༎
དུས་རབས་བདུན་པར་ཡི་གེའི་སྒྲོན་མེ་སྤར།།

བྷོ་ཊི་སྐད་དང་ཡིག་གེ་རྨང་གཞི་ནི།།
མིང་ཚིག་བརྗོད་པ་གསུམ་གྱི་བརྩམས་གཞི་ལས།།
སྐད་ཀྱི་སྒྲ་གདངས་གཞི་མ་ལ་བརྟེན་ནས།།
བརྡ་སྤྲོད་རིག་གཞུང་གདོད་ནས་གྲུབ་པ་ཡིན།།

གདོད་ནས་དར་བའི་སྐད་ཡིག་ཕྱུག་པོ་དེ།།
བལ་ཡུལ་རྒྱ་གར་འབྲུག་ཡུལ་བོད་རྒྱ་དང་༎
ཟ་ཧོར་ལ་སོགས་མཐའ་མཚམས་ཡུང་ལུང་ནང་།།
སྐད་ཡིག་སྤྱོད་པ་བྷོ་ཊའི་གཟི་བརྗིད་ཡིན༎

༼ བྷོ་ཊི་སྐད་ཡིག་གི་གལ་གནད། ༽

སྐད་དང་ཡི་གེ་ང་ཚོའི་སྲོག་རྩ་ཡིན༎
ཆོས་དང་རིག་གཞུང་ང་ཚོའི་ལྟ་སྤྱོད་ཡིན༎
ཁྲིམས་དང་ལམ་ལུགས་ང་ཚོའི་གཞི་རྟེན་ཡིན༎
བྷོ་ཊིིའི་སྐད་ཡིག་ང་ཚོའི་ངོ་རྟགས་ཡིན།།

འདས་པའི་སངས་རྒྱས་ཀུན་གྱི་གསུང་བྱིན་དང་༎
ད་ལྟའི་རིག་གཞུང་གྲགས་པའི་བང་མཛོད་དང་༎
མ་འོངས་མཁས་པའི་ལེགས་བཤད་འབྱུང་གནས་ནི༎
མཐར་ཐུག་བྷོ་ཊི་ཡིན་པ་ཐེ་ཚོམ་བྲལ༎

འཇིག་རྟེན་ཞི་བདེ་བསྐྲུན་མཁན་བྷོ་ཊི་ཡིན༎
ལྟ་གྲུབ་སྟོང་གི་དབྱེ་འབྱེད་བྷོ་ཊི་ཡིན༎
དམ་ཆོས་ལམ་བུ་སྤྲོད་མཁན་བྷོ་ཊི་ཡིན༎
སྐད་ཡིག་ཀུན་གྱི་མ་མ་བྷོ་ཊི་ཡིན༎

གཞི་ལམ་འབྲས་གསུམ་མདོ་སྔགས་ཟུང་འབྲེལ་དང་༎
མོ་རྩིས་གཏོ་དཔྱད་ཐུན་མིན་གཞུང་ལུགས་དང་༎
སྲོལ་རྒྱུན་བཟང་པོའི་རིག་གཞུང་ལྟེ་གནས་ནི༎
བྷོ་ཊིའི་སྐད་ཡིག་ཡིན་པར་རྩོད་མེད་དོ།།

རིན་ཆེན་དལ་རྟེན་ཐོབ་པར་རྙེད་དཀའ་ཡང་།།
དེ་ཡི་ཕན་ཡོན་གཞན་དང་འགྲན་ཟླ་བྲལ།།
བྷོ་ཊི་བཀོལ་མཁན་མི་གྲངས་ཉུང་ན་ཡང་༎
དེ་ཡི་ནང་བསྟན་གཞན་དང་འགྲན་ཟླ་བྲལ།།

༼ སྐད་ཡིག་སྲུང་སྐྱོབ་ནི་མི་སེར་སོ་སོའི་འོས་འགན་ཞིག་ཡིན། ༽

རང་ཕྲུག་རང་གི་གཅེས་ཕྲུག་ཡིན་པ་ལྟར༎
རང་སྐད་རང་གི་མཚོན་རྟགས་ཡིན་པར་སྟོན།།
རང་སྐད་རང་གིས་བཀོལ་སྤྱོད་དབེན་གྱུར་ན༎
རང་སྐད་རིན་ཆེན་ཡིན་ཀྱང་རྩིས་མཐོང་ཕྲ༎

སྐད་ཡིག་རྩ་ལག་བཏང་མཁན་དགྲ་བོ་མིན༎
སྐད་ཡིག་སྲུང་སྐྱོབ་མཛད་མཁན་ཕྱི་ན་མེད༎
དེར་བརྟེན་གཞན་ལ་མཛུབ་མོ་མ་བཙུགས་པར༎
ཐོག་མ་རང་གིས་རིག་གཞུང་བརྩོན་བར་བགྱིས།།

ཕ་སྐད་རིན་ཆེན་ཡིན་ཞེས་བསྟོད་ཙམ་གྱིས༎
དེ་ཉིད་སྲུང་སྐྱོབ་ཐུབ་པ་ག་ལ་སྲིད༎
ཞག་གཅིག་བྷོ་ཊི་ཉིན་མོ་བརྩི་ཙམ་གྱིས༎
དེ་ཉིད་མི་ཉམས་གོང་འཕེལ་ག་ལ་སྲིད༎

གཞན་ལ་བྷོ་ཊི་གཙང་མ་གླེང་མོལ་ཏེ།།
རང་ཉིད་བསྲེས་ནས་བཀོལ་ན་ག་ལ་འགྲིག །
ཕ་སྐད་བླ་སྲོག་ཡིན་ཞེས་ཁ་ཙམ་གྱིས༎
སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ག་ལ་ནུས༎

གཞན་སྐད་ཕྲན་བུ་ཤེས་པའི་ཁེངས་དྲེགས་གྱིས༎
རང་སྐད་སྣང་ཆུང་བཏང་ན་ག་ལ་འགྲིག །
གཞན་གི་ཕ་མས་ལེགས་སྐྱེས་སྤྲད་ཙམ་གྱིས༎
རང་ཉིད་ཕ་མ་བརྗེད་ན་ག་ལ་འགྲིག །

ལྟ་བ་མཐོ་ལ་འཇོན་ཐང་དབེན་པའི་མི༎
བྷོ་ཊི་སྦྱང་ན་ལྟོ་གོས་མི་ཐོབ་ཟེར༎
ལྟོ་གོས་ཙམ་ལས་བསམ་རྒྱུ་མེད་པའི་མི༎
སྐད་ཡིག་ཕྱུག་པོའི་རིན་ཐང་ག་ལ་རྟོགས༎

༼ མཐའ་བསྡོམས། ༽

ཁ་བ་རི་པའི་བྷོ་ཊི་སྐད་ཡིག་དེ༎
མི་ནུབ་སྲིད་མཐར་ཡུན་རིང་གནས་པ་དང་༎
ཕན་བདེ་དཔལ་དུ་འགྱུར་བའི་སྨོན་ལམ་བཅས༎
བཙུན་མ་ཀུན་སྐྱིད་བྲིས་པས་དགེ་ལེགས་འཕེལ༎

࿑ དཔལ་༧རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་མཆོག་གི་ཐུགས་ཡེ་ཤེས་དག་པའི་གཟིམ་ལམ་དུ་བྱུང་བའི་༧སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ...
04/03/2022

࿑ དཔལ་༧རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་མཆོག་གི་ཐུགས་ཡེ་ཤེས་དག་པའི་གཟིམ་ལམ་དུ་བྱུང་བའི་༧སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་འདི་ཉིད་གང་མགྱོགས་གྲངས་གསོག་གནང་དགོས་པའི་༧རྒྱལ་དབང་མཆོག་ནས་ཕྱི་ཟླ་༣ ཚེས་༢༩ ཉིན་བཀའ་གསལ་སྤྱི་བོར་ཕེབས་དོན་ལྟར། དེ་རིང་འདི་ག་ཝཱ་ཎ་ཁྲ་འགུ་བཛྲ་བིདྱཱ་གཙུག་ལག་སློབ་གཉེར་ཁང་གི་དགེ་འདུན་འདུས་མང་ཞལ་འཛོམས་ཐོག་ཞབས་བརྟན་གསོལ་འདེབས་«ཟག་མེད་ཡེ་ཤེས་དམ་པའི་བདུད་རྩི་མ་»འདི་ཉིད་འབུམ་ཐེར་གཅིག་གསོག་སྒྲུབ་གནང་བཞིན་པའི་ཉིན་དང་པོའི་གནས་ཚུལ་དང་འདྲ་པར་རྣམས་ཡིན།

ཟག་མེད་ཡེ་ཤེས་དམ་པའི་བདུད་རྩི་ནི། །
འཆི་མེད་ཚེ་ཡི་བུམ་པར་འཁྱིལ་བའི་མཛོད། །
མཉམ་ཉིད་ཟུང་འཇུག་ཕྱག་གིས་ལེགས་འཛིན་པ། །
ཚེ་དབང་འོད་དཔག་མེད་པས་དགེ་ལེགས་སྩོལ། །

འཇིགས་མེད་ལྟ་བའི་གད་རྒྱངས་ཆེར་སྒྲོགས་ཤིང་། །
ལུང་རྟོགས་ཆོས་ཀྱི་གཡུ་རལ་སྲིད་རྩེར་འབར། །
མཁས་བཙུན་གྲུབ་པའི་ལུས་སྟོབས་ཡོངས་རྫོགས་པ། །
སྨྲ་བའི་སེང་གེ་ཁྱེད་ཉིད་འཚོ་གཞེས་གསོལ། །

རྒྱལ་དང་རྒྱལ་སྲས་ཐུ་བོ་ཆེ་རྣམས་དང་། །
ལྷ་དང་དྲང་སྲོང་གྲུབ་པ་རྣམས་ཀྱི་མཐུ། །
བདག་གི་ལྷག་བསམ་དགེ་བའི་བདེན་སྟོབས་ཀྱིས། །
ཇི་བཞིན་སྨོན་པ་གེགས་མེད་འགྲུབ་གྱུར་ཅིག །

བསྟན་པ་ཡོངས་རྫོགས་ཀྱི་དགེ་བའི་བཤེས་གཉེན་བཀའ་དྲིན་མཉམ་མེད་སྐྱབས་རྗེ་ཁྲ་འགུ་རིན་པོ་ཆེ་སྐུ་ཚེ་ཡུན་བརྟན་གྱི་སྨོན་ལམ་འདི་ཉིན་ཤས་གོང་གཉིད་ཀྱི་འཁྲུལ་སྣང་དུ་སྐྱབས་རྗེ་རིན་པོ་ཆེར་བརྟན་བཞུགས་ཕུལ་བ་དང་། ཞབས་བརྟན་འདི་ལྟར་བྱས་པ་རྨིས། གཉིད་སད་ཚེ་ད་དུང་ཚིག་འགའ་དྲན་བཞིན་འདུག་པས། སྙིགས་མའི་དུས་འདིར་སྐྱབས་གནས་འདི་ལྟ་བུ་ཡུན་དུ་བཞུགས་ན་བསྟན་འགྲོར་སྨན་ཡོན་ཆེ་བར་བསམ་ནས། ཨོ་རྒྱན་ཕྲིན་ལས་སུ་འབོད་པའི་སློབ་འབངས་བདག་གིས་སྨོན་པའོ། །2019/8/29

Karmapa
Thrangu Media

བྷོ་ཊིའི་སྐད་ཡིག་སྲུང་བརྩིའི་ཉིན་མོ་ནི།།རྡོ་ལ་བྲིས་པའི་ལོ་རྒྱུས་སོ་མ་ཞིག།སྐད་ཡིག་ཅེས་པའི་མིང་དོན་བསྒྲགས་པ་འདི།།ཤེས་འཇོན་...
04/03/2022

བྷོ་ཊིའི་སྐད་ཡིག་སྲུང་བརྩིའི་ཉིན་མོ་ནི།།
རྡོ་ལ་བྲིས་པའི་ལོ་རྒྱུས་སོ་མ་ཞིག།
སྐད་ཡིག་ཅེས་པའི་མིང་དོན་བསྒྲགས་པ་འདི།།
ཤེས་འཇོན་དཔོན་པོ་ཁྱེད་ཀྱི་བྱས་རྗེས་ཤིག།

༄༅། བྷོ་ཊི་སྐད་ཡིག་ཉིན་མོ།། BhotiLanguageDay ད་ལོ་སྤྱི་ཚེས་4th April 2022 ཞག་ལ་བྷོ་ཊི་སྐད་ཡིག་ཉིན་མོ་རྩི་རྒྱུ་དང་ལོ་རྟིང...
04/03/2022

༄༅། བྷོ་ཊི་སྐད་ཡིག་ཉིན་མོ།།
BhotiLanguageDay

ད་ལོ་སྤྱི་ཚེས་4th April 2022 ཞག་ལ་བྷོ་ཊི་སྐད་ཡིག་ཉིན་མོ་རྩི་རྒྱུ་དང་ལོ་རྟིང་མ་ནས་ཕར་ལ་ལོ་གཞུང་ 1st April ཞག་ལ་རྩི་རྒྱུ་ཡིན། ཧི་མ་ལ་ཡ་ཡའི་གཞུང་དང་མང་ཚོགས་ཚང་མའི་དེ་ལྟར་བྷོ་ཊི་སྐད་ཡིག་ཉིན་མོ་རྩི་སྲུང་མཛད་ཞུ་རྒྱུ་ཡིན།།

Upcoming event : Mark your calendar     More details : below ⬇️
04/03/2022

Upcoming event : Mark your calendar

More details : below ⬇️

གུང་རྒྱབ་སྐྱབས་རྗེ་སྒྲུབ་དཔོན་རིན་པོ་ཆེ་གཙུག་ལག་ཁང་དུ་དབུ་བཞུགས་ཐོག །བཙུན་དགོན་གྱི་བཙུན་མ་རྣམས་ཀྱིས་རྟགས་གསལ་གཟིགས་འབུལ་...
03/27/2022

གུང་རྒྱབ་སྐྱབས་རྗེ་སྒྲུབ་དཔོན་རིན་པོ་ཆེ་གཙུག་ལག་ཁང་དུ་དབུ་བཞུགས་ཐོག །བཙུན་དགོན་གྱི་བཙུན་མ་རྣམས་ཀྱིས་རྟགས་གསལ་གཟིགས་འབུལ་ཞུས།

And then at afternoon Rinpoche paid visit to nuns' debate.

Address

Jangthang P. O. Nyuma Leh Ladakh
Lehi, UT
194101

Telephone

+919064957244

Website

Alerts

Be the first to know and let us send you an email when K.T.C Maha Gonpa Page posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Share