Thrangu Thoisam Dargyeling shedra nuns

Thrangu Thoisam Dargyeling shedra nuns We will share activities of Thrangu shedra nuns .

06/05/2026
06/05/2026
ཇི་སྐད་དུ་འཕགས་པ་སྡུད་པ་ལས།སློབ་མ་བཟང་པོ་བླ་མ་གུས་ལྡན་དེ་དག་གིས།།བླ་མ་མཁས་པ་དག་ལ་རྟག་ཏུ་བསྟེན་པར་བྱ།།ཅི་ཡི་ཕྱིར་ན་མཁས་པའ...
21/04/2026

ཇི་སྐད་དུ་འཕགས་པ་སྡུད་པ་ལས།
སློབ་མ་བཟང་པོ་བླ་མ་གུས་ལྡན་དེ་དག་གིས།།
བླ་མ་མཁས་པ་དག་ལ་རྟག་ཏུ་བསྟེན་པར་བྱ།།
ཅི་ཡི་ཕྱིར་ན་མཁས་པའི་ཡོན་ཏན་འདི་ལས་འབྱུང་།། ཞེས་གསུངས་པ་ལྟར། ཁྲ་འགུ་ཐོས་བསམ་དར་རྒྱས་གླིང་གི་དགེ་སློབ་འདུ་སྤྱི་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ང་ཚོའི་ཁྲ་འགུ་བཛྲ་བིདྱཱའི་བཤད་གྲྭའི་དགེ་བའི་བཤེས་གཉེན་ཆེན་པོ་མཁན་རིན་པོ་ཆེ་ཤེས་རབ་ཕུན་ཚོགས་མཆོག་བསྟན་འགྲོའི་མཛད་བྲེལ་ཆེ་ཡང་སྐུ་ངལ་ཁྱད་དུ་བསད་ནས་ཐུགས་བརྩེས་གཟིགས་པ་ཆེན་པོས་གནས་མཆོག་ལུམྦི་ནིར་ཕེབས་ནས་ང་ཚོ་དགེ་སློབས་ཡོངས་ལ་སྤྱི་ཟླ་ ༤ པའི་ཚེས་ ༡༥ ནས་ ༢༡ བར། བདག་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་བསྐལ་༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་གསུམ་པ་ཀུན་མཁྱེན་རང་བྱུང་རྡོ་རྗེས་མཛད་གནང་བའི་གཞུང་ཆུང་རྣམ་གཉིས་བཞུགས་ཡོད་པ་ལས། རྣམ་པར་ཤེས་པ་དང་ཡེ་ཤེས་འབྱེད་པའི་བསྟན་བཅོས་ཀྱི་ཚིག་དོན་གོ་གསལ་དུ་འགྲེལ་པ་རང་བྱུང་དགོངས་གསལ་ཀྱི་ལྗགས་ལུང་དང་ཆོས་ཁྲིད་ཀྱི་ཐོག་མར་སྐར་མ་ལྔ་རེར་ཞི་གནས་སྒོམ་པ་དང་བཅས་ཉིན་རེར་ཆོས་ཐུན་གཉིས་ཀྱིས་བཀའ་ཁྲིད་བཀའ་དྲིན་བླ་མེད་བསྐྱངས་གནང་བ་དང་། དེ་བཞིན་དུ་ཀརྨ་པ་བཅོ་ལྔ་མཁའ་ཁྱབ་བདེ་བའི་རྡོ་རྗེས་མཛད་གནང་བའི་རྣམ་པར་ཤེས་པ་དང་ཡེ་ཤེས་འབྱེད་པའི་བསྟན་བཅོས་ཀྱི་མཆན་འགྲེལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་ལུང་ནོར་བུ་ཀེ་ཏ་ཀ་དྲི་མ་མེད་པའི་འོད་ཅེས་བྱ་བ་དང་༧སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་མཆོག་ནས་མཛད་གནང་བའི་རྣམ་པར་ཤེས་པ་དང་ཡེ་ཤེས་འབྱེད་པའི་བསྟན་བཅོས་ཕལ་སྐད་དུ་བཀྲལ་བ་རང་བྱུང་ཞལ་ལུང་ཞེས་བྱ་བའི་ཁྲིད་ལུང་དང་བཅས། བཀའ་ཁྲིད་སྐབས་ངེད་ཅག་རྣམས་ཀྱི་སེམས་ལ་ཕན་པའི་གདམས་ངག་ཉམས་མྱོང་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང་བ་ལ་ཐོས་བསམ་དར་རྒྱས་གླིང་གི་བཤད་གྲྭའི་དགེ་སློབ་འདུ་སྤྱི་ནས་མཁན་རིན་པོ་ཆེ་མཆོག་ལ་སྙིང་ཐག་པ་ནས་བཀའ་དྲིན་ཤིན་ཏུ་ཆེ་ཞུ་རྒྱུ་དང་། མ་འོང་པར་ཡང་མཁན་རིན་པོ་ཆེ་མཆོག་གི་ཞལ་མངའ་ནས་སླར་ཡང་དམ་པའི་ཆོས་ཡང་ཡང་ཞུ་བའི་བསྐལ་བཟང་འཐོབ་པའི་རེ་བ་གསོལ་འདེབས་དང་བཅས། མཁན་རིན་པོ་ཆེ་མཆོག་གི་སྐུ་ཚེ་ཞབས་པད་བརྟན་ཅིང་མཛད་ཕྲིན་ཕྱོགས་མཐར་ཁྱབ་པའི་སྨོན་འདུན་གྲངས་མེད་དང་བཅས་ཐུགས་རྗེ་ཤིན་ཏུ་ཆེ་ཞུ་རྒྱུ་ཡིན།།
As the teachers and students of Thrangu Thosam Dargyeling requested teachings, and our great spiritual teacher, Khen Rinpoche Sherab Phuntsok, kindly came to the sacred place of Lumbini despite his busy schedule. From April 15 to 21, he gave profound teachings and explanations on important texts composed by the Third Karmapa Rangjung Dorje, along with meditation sessions and detailed instructions.
He also taught commentaries by great masters, offering clear guidance and practical advice beneficial to our minds. All the teachers and students express deep gratitude for his immense kindness and pray to receive such precious teachings again in the future. We also pray for his long life and for his enlightened activities to spread in all directions.

Five nuns have joined the shedra (Buddhist philosophy higher education). And four nuns have joined preliminary practice ...
10/04/2026

Five nuns have joined the shedra (Buddhist philosophy higher education). And four nuns have joined preliminary practice (Ngondro) at Lumbini.

གཞུང་ཆེན་བཀའ་པོད་ལྔའི་དོགས་གཅོད་ཉིན་ཐ་མ།།Last day of annual debate session to clarify doubts on the five great major tex...
19/03/2026

གཞུང་ཆེན་བཀའ་པོད་ལྔའི་དོགས་གཅོད་ཉིན་ཐ་མ།།
Last day of annual debate session to clarify doubts on the five great major texts.

༑ལུམྦི་ནི་བཙུན་དགོན་ཁྲ་འགུ་ཐོས་བསམ་དར་རྒྱས་གླིང་དུ་ལོ་ལྟར་གཞུང་ཆེན་བཀའ་པོད་ལྔའི་དོགས་གཅོད་ཚོགས་རྒྱུའི་སྒྲིག་གཞི་ཡོད་པ་ལྟ...
18/03/2026

༑ལུམྦི་ནི་བཙུན་དགོན་ཁྲ་འགུ་ཐོས་བསམ་དར་རྒྱས་གླིང་དུ་ལོ་ལྟར་གཞུང་ཆེན་བཀའ་པོད་ལྔའི་དོགས་གཅོད་ཚོགས་རྒྱུའི་སྒྲིག་གཞི་ཡོད་པ་ལྟར་ད་ལོའི་གཞུང་ཆེན་བཀའ་པོད་ལྔའི་དོགས་གཅོད་ཆེན་མོ་ཚོགས་བཞིན་པའི་འདྲ་པར།།
An annual great debate session to clarify doubts on the Five Great Major Text at Thrangu Thoisam Dargyeling,Lumbini Nepal.

Address

Lumbini
Lumbini

Alerts

Be the first to know and let us send you an email when Thrangu Thoisam Dargyeling shedra nuns posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Share