Do-ngak Ling Monastery

Do-ngak Ling Monastery Contact information, map and directions, contact form, opening hours, services, ratings, photos, videos and announcements from Do-ngak Ling Monastery, Religious organisation, Bajrabarahi Road, Lalitpur.

30/07/2026

वर्षावास—अनुशासन, ध्यान र करुणाको समय, धर्ममा समर्पित जीवनको सुन्दर अध्याय।

༑ བོད་རྒྱལ་ལོ་༢༡༥༣ པའི་མེ་རྟ་ལོའི་ཟླ་༦ པའི་ཚེས་༡༥ ཉིན་གྱི་དགའ་སྟོན་སྐབས། དཔལ་མདོ་སྔགས་ཉི་ཟླ་ཟུང་འབྲེལ་སྨིན་གྲོལ་ནོར་བུ་ག...
29/07/2026

༑ བོད་རྒྱལ་ལོ་༢༡༥༣ པའི་མེ་རྟ་ལོའི་ཟླ་༦ པའི་ཚེས་༡༥ ཉིན་གྱི་དགའ་སྟོན་སྐབས། དཔལ་མདོ་སྔགས་ཉི་ཟླ་ཟུང་འབྲེལ་སྨིན་གྲོལ་ནོར་བུ་གླིང་དགོན་དུ། མཁན་པོ་བསྟན་འཛིན་འཇིགས་མེད་མཆོག་དང་སློབ་དཔོན་རྣམ་རྒྱལ་ཀློང་ཡངས་མཆོག་གཉིས་ཀྱི་དབུ་ཁྲིད་འོག་ཏུ། དགེ་འདུན་པ་རྣམས་ཀྱིས་ཚུལ་ཁྲིམས་ཀྱི་རྩ་བ་བརྟན་པོར་སྲུང་བའི་དབྱར་ཐེངས་དང་པོའི་ཁས་ལེན་གནང་བའི་དགེ་མཚན་གྱི་དུས་སྐབས་སུ་བཞེས་པའི་བརྙན་པར་འགའ།

विनयको आधारलाई दृढ बनाउँदै संघद्वारा ग्रहण गरिएको पहिलो वर्षावासको शुभ आरम्भका केही स्मरणीय झलकहरू।

03/07/2026

༈དཔལ་མདོ་སྔགས་ཉི་ཟླ་ཟུང་འབྲེལ་་སྨིན་གྲོལ་ནོར་བུ་གླིང་དགོན་པའི་སྔགས་སྡེའི་སློབ་མ་ཆེ་ཆུང་རྣམས་ཀྱིས། ནང་བསྟན་ཆོས་ཀྱི་སྙིང་པོ་སེམས་ཅན་ཀུན་ལ་ཁྱབ་པའི་སྨོན་ལམ་དང་བཅས། བཤད་རྒྱུགས་ཀྱི་སྒོ་ནས་ཆོས་བཤད་གནང་བའི་ཟུར་རིས།

11/06/2026
30/05/2026

༈ དམ་ཆོས་འདུལ་བ་རིན་པོ་ཆེ་གཞི་གསུམ་གྱི་ཕྱག་ལེན་ཡོད་པ་ལས། ས་ག་ཟླ་བའི་ཚེས་༡༤ ཡར་ངོའི་དུས་ཚེས་ཁྱད་པར་ཅན་འདི་ག་བལ་ཡུལ་སྨིན་གྲོལ་ནོར་བུ་གླིང་དགོན་དུ་ཡང་དམ་ཆོས་འདུལ་བའི་གཞི་གསུམ་གྱི་ནང་ཚན་གསོ་སྦྱོང་གི་ཕྱག་ལེན་ཐོག་མའི་འགོ་འཛུགས་སྐབས་༧ སྐྱབས་མགོན་འཕགས་མཆོག་རིན་པོ་ཆེ་དང་མཁན་སློབ་ལས་མི་འགའ་བཅས་གྲོས་མོལ་བྱུང་བཞིན་ཞུ་ཕུལ་ལྟར་༧ སྐྱབས་རྗེ་སྤྲུལ་སྐུ་ཨོ་རྒྱན་ཡང་སྲིད་རིན་པོ་ཆེ་ངག་དབང་ཨོ་རྒྱན་བསྟན་འཛིན་འཇིགས་བྲལ་རྡོ་རྗེ་མཆོག་དགོན་འདིར་ཐོག་མར་ཞབས་སོར་དང་གསོ་སྦྱོང་ཆེད་ཕེབས་གནང་བ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་སྙིང་ནས་བཀའ་དྲིན་ལྷག་ཏུ་ཆེ་ཞུ་རྒྱུ་ཡིན།།

Amongst the Three Foundations of the sublime Vinaya, on this auspicious date of the 14th day of the waxing moon of Saga Dawa (the 4th Tibetan month), here at Mindrol Norbuling Monastery in Nepal, we have commenced the initial practice of Sojong (the bi-monthly purification ritual of novice and full ordination vows).

In accordance with the discussions and subsequent invitation made by Kyabgon Phakchok Rinpoche, our Khenpos, Lopons, and residents, Kyabje Tulku Urgyen Yangsi Rinpoche Ngawang Urgyen Tenzin Jigdal Dorje made his first visit to the monastery to participate in the Sojong ceremony.

We extend our warmest greetings and wishes of auspiciousness, and offer our deepest, heartfelt gratitude for his presence.

21/01/2026

༈ ཉེ་ཆར་དཔལ་མདོ་སྔགས་གླིང་དུ་རྩ་བླ་༧སྐྱབས་མགོན་འཕགས་མཆོག་རིན་པོ་ཆེ་ནས་ལོ་ངོ་འགའ་ཤས་ཀྱི་སྔོན་ནས་དགོངས་བཞེད་ཡོད་པ་དེ་ཉིད་ད་ལན་དངོས་སུ་རྫ་རོང་བླ་མ་ཐོགས་མེད་ལགས་གདན་ས་འདིར་གདན་འདྲེན་གནང་སྟེ། ཁོང་གི་དྲུང་ནས་རང་དགོན་གྱི་གྲྭ་བ་ཁག་ཅིག་ནས་རྡུལ་མཚོན་གྱི་ཐིག་གདབ་ཚུལ་དང་། དེ་བཞིན་རྡུལ་མཚོན་བླུགས་སྟངས་སྐོར་སྦྱངས་པ་མཛད་ཡོད། དེ་ལྟ་བུ་སླར་ཡང་མ་འོངས་པ་མུ་མཐུད་ནས་དོ་སྣང་དང་སྦྱང་བརྩོན་གནང་ཐུབ་ན་ནམ་ཕུགས་རྡུལ་མཚོན་གྱི་ཕྱག་ལེན་ཐད་ལ་མཁས་པར་འགྱུར་རོ། །

བླ་མའི་ཐུགས་སྒྲུབ་ཐམས་ཅད་ཀྱི༔  མཐར་ཐུག་སྙིང་པོ་སྐོར་བཞི་སྟེ༔  དེ་རྣམས་ཀུན་གྱི་ཡང་སྙིང་བཅུད༔  ཟབ་མོའི་སྒྲུབ་པ་འདི་ཁོ་ན༔དད...
23/12/2025

བླ་མའི་ཐུགས་སྒྲུབ་ཐམས་ཅད་ཀྱི༔ མཐར་ཐུག་སྙིང་པོ་སྐོར་བཞི་སྟེ༔
དེ་རྣམས་ཀུན་གྱི་ཡང་སྙིང་བཅུད༔ ཟབ་མོའི་སྒྲུབ་པ་འདི་ཁོ་ན༔
དད་དང་ངེས་ཤེས་རྩེ་གཅིག་པས༔ འདི་ཉིད་ཚུལ་བཞིན་ཉམས་བླངས་ན༔
ཕྱི་ནང་གསང་བའི་བར་ཆད་ཞི༔ བསམ་པ་ཐམས་ཅད་ལྷུན་གྱིས་འགྲུབ༔
བདེ་ཆེན་ཡེ་ཤེས་རྩོལ་མེད་སྐྱེ༔ ལྟ་སྒོམ་གདེང་ཐོབ་རྩལ་ཆེན་རྫོགས༔
སྐུ་གསུམ་རིགས་འདུས་བླ་མ་དང་༔ ནམ་ཡང་འབྲལ་མེད་བྱིན་གྱིས་རློབ༔
དེ་ཕྱིར་ཟབ་རྒྱ་ཀུན་གྱི་བཅུད༔ སྙིང་གི་ཐིག་ལེར་གཅེས་པར་ཟུངས༔
ཡལ་བར་མ་དོར་ཉམས་སུ་ལོངས༔ རང་གཞན་དོན་གཉིས་མཐར་ཕྱིན་ཤོག༔
ས་མ་ཡ༔ རྒྱ་རྒྱ་རྒྱ༔
सबै गुरु–साधनाको परम सार यही गहिरो अभ्यास हो। श्रद्धा र दृढ विश्वासले अभ्यास गर्दा सबै अवरोध शान्त भई महान आनन्दको ज्ञान प्रकट हुन्छ। गुरुको आशीर्वाद सधैं साथ रहोस्, र सबै प्राणीको कल्याण सिद्ध होस्।

Address

Bajrabarahi Road
Lalitpur

Website

Alerts

Be the first to know and let us send you an email when Do-ngak Ling Monastery posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Shortcuts

Share