25/12/2025
༄། ད་ལམ་བསྟན་འགྲོ་སྤྱི་བྱེའི་ལས་བསོད་ཀྱིས་མ་ཐེགས་པར་གསང་ཆེན་བསྟན་པའི་མངའ་བདག་ཆེན་པོ་འཇམ་མགོན་མི་ཕམ་སྐུ་ཕྲེང་གསུམ་པ་༧སྐྱབས་རྗེ་མི་ཕམ་རྣམ་རྒྱལ་རྒྱ་མཚོ་མཚོ་བྱུང་དགྱེས་པའི་རྡོ་རྗེ་མཆོག གདུལ་བྱ་རྟག་འཛིན་ཅན་རྣམས་བློ་སྣ་ཆོས་ལ་བསྐུལ་ཕྱིར་རེ་ཞིག་རགས་པ་གཟུགས་སྐུའི་བཀོད་པ་ཞི་བ་ཆོས་ཀྱི་དབྱིངས་སུ་གཤེགས་པའི་ཚུལ་བསྟན་གནང་བར། སང་ཉིན་ཚེས་ ༢༦ ཉིན་འདི་ག་བལ་ཡུལ་ཀིརྟི་པུར་བཀའ་བརྒྱུད་ནང་བསྟན་དགོན་དུ་མགོན་པོ་མཆོག་གི་སྐྱབས་འོག་པ་སྐྱབས་རྗེ་ཤངས་པ་རིན་པོ་ཆེའི་དབུས་བཙུན་དགོན་ཐར་པ་ཆོས་གླིང་དང་བལ་ཡུལ་ཝི་ཀྲ་མ་ཤཱི་ལའི་བཤད་གྲྭའི་དགེ་འདུན་འདུས་མང་ཡོངས་ནས། དད་དམ་གདུང་ཤུགས་ཆེན་པོས་རྗེ་བཙུན་བླ་མ་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ་དུ་རྗེ་མི་ལའི་བླ་སྒྲུབ་ཚོགས་འཁོར་བཅས་ཞུ་རྒྱུ་ཡིན། རིན་པོ་ཆེ་མཆོག་ཐུགས་སྲས་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་དང་མ་ཡུམ་བདེ་ཆེན་དབང་མོའི་གཙོས་སྐུ་འཁོར་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ། །།
It is known to all that the great master of our generation, the Third Jamgon Mipham Rinpoche, Kyabje Mipham Namgyel Gyatso Tsojung Gyepei Dorje, has displayed the passing into nirvana. Through this act, Rinpoche inspires even those holding fixed views to turn their minds toward the Dharma.
At this solemn time, the community of Tharpa Choeling Nunnery and Vikramashila Monastic College in Kathmandu, under the guidance of our spiritual head, Shangpa Rinpoche, at the Kagyu Institute for Buddhist Studies in Kirtipur, Nepal, with unwavering faith and devotion, will conduct the Milarepa Guru Yoga and Ganachakra puja in honour of the precious Mipham Rinpoche on 26 Dec 2025.
We further extend our deepest and most sincere condolences to the most precious heart-son, His Holiness the 17th Gyalwa Karmapa, Thaye Dorje, and his mother, Dechen Wangmo, together with the entire family, at this time of immeasurable loss.
Date: 26 Dec 2025, Saturday
Venue: Kagyu Institute of Buddhist Studies, Kirtipur, Nepal
Event: Milarepa Guru Yoga and Ganachakra puja in honour of the precious Mipham Rinpoche