20/08/2026
སྤྱི་ལོ་ ༢༠༢༦ ལོའི་མར་རྔོག་དབྱར་ཆོས་མཇུག་ལེགས་པར་གྲུབ་པ།
སྒྲུབ་བརྒྱུད་བསྟན་པའི་གཙུག་ནོར་དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་ཀྱི་རང་གཟུགས། དཔལ་རྒྱལ་བའི་དབང་པོ་ཀརྨ་པ་མཆོག་གིས་སྤྱི་ལོ་ ༢༠༢༦ / ༠༧ / ༢༨ ནས་བཟུང་ད་བར། མར་རྔོག་དབྱར་ཆོས་ཀྱི་གསུང་ཆོས། ནང་པ་སངས་རྒྱས་པའི་སྡེ་པའི་བྱུང་རིམ་དར་འཕེལ། སྡེ་པ་གྱེས་ཚུལ། སྡེ་པ་སོ་སོའི་འདོད་ཚུལ་དང་གྲུབ་མཐའ། སྡེ་པ་དེ་དག་ལས་བྱུང་བའི་སྤྱི་ཚོགས་ཀྱི་ཤན་ཤུགས། བསྟན་པའི་སྦྱིན་བདག་རྣམས་ཀྱི་ལྷག་བསམ་དང་བྱས་རྗེས། སྡེ་པ་དེ་དག་གི་སྲོལ་གཏོད་མཁན་དང་། དེའི་རྗེས་འཛིན་གྱི་མི་སྣ་ཇི་ལྟར་བྱུང་ཚུལ་སོགས། བོད་རྒྱུད་ནང་བསྟན་གཅིག་པུའི་བཤད་ཚུལ་ཙམ་མ་ཡིན་པར། ལྷོ་རྒྱུད་ནང་བསྟན། རྒྱ་རྒྱུད་ནང་བསྟན། བྱང་རྒྱུད་ནང་བསྟན། གཞན་ཡང་འཛམ་གླིང་ཤར་ནུབ་དེང་རབས་ནང་བསྟན་ཞིབ་འཇུག་པ་རྣམས་ཀྱིས་བཤད་ཚུལ་སྣ་ཚོགས་པ་རྣམས་དོན་བསྡུས་ཏེ་སྲིད་ན་དཀོན་པའི་ཟབ་རྒྱས་གསུང་གི་གདམས་པ་ཡུན་རིང་བསྩལ་མཛད་དེ། སྤྱི་ལོ་ ༢༠༢༦ ཟླ་བ་༨ ཚེས་༢༠ སྟེ་དེ་རིང་རེ་ཞིག་མཐའ་ལེགས་པར་གྲུབ་པའི་སྐུ་དྲིན་གཏང་རག་དུ་གཏེར་སྒར་འོད་གསལ་གླིང་གི་འདུས་སྡེ་ནས་མཎྜལ་སྐུ་གསུང་ཐུགས་རྟེན་ཕུལ་ཞིང་། རྒྱལ་དབང་མཆོག་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་པ། སླད་མར་ཡང་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར་བའི་གསོལ་འདེབས་སྨོན་ལམ་ཞུས་པའི་དགེ་ཚོགས་ལས། མགོན་པོ་གང་ཉིད་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པའི་སྨོན་འདུན་ཞུ།།
The 2026 "Mar Ngok" Summer teachings Successfully Concluded:
From July 28, 2026, until today, His Holiness the Karmapa has graciously bestowed the profound Mar Ngok Summer Teachings.
Over the course of these teachings, His Holiness walked us through the whole story of Buddhist schools, explaining how the schools started, how they split, what each one stands for, and how they influenced the world around them. He didn't just look at it from the Tibetan side. He also brought in perspectives from Theravada, East Asian, and Western scholars. It was such a rare and profound gift, and we are all walking away with so much to reflect on.
Today, August 20, 2026, all the sangha at Tergar Osel Ling Monastery offered a mandala and representations of body, speech, and mind to His Holiness in gratitude for the successful conclusion of the teachings. They prayed for his long life and the flourishing of his enlightened activities.
May His Holiness continue to turn the wheel of the profound and vast Dharma without pause.