29/12/2025
བསླུ་མེད་འདུས་བྱས་རང་རྟཀས་བསྟན་པའི་གནས་ཚུལ།
དེང་འབྲེལ་ཡོད་ཚང་མས་མཁྱེནགསལ་ལྟར་རང་ཅག་གཟི་རི་ཀུན་གསལ་མཐོང་གྲོལ་དགོན་པའི་ཉང་རིགས་གདུང་འཛིན་༸འབུམ་བླ་རོ་མཉམ་རྡོ་རྗེའི་སྐུ་མཆེད་རིང་ནས་སྐུ་དྲིན་ཆེ་བའི་བདག་ཉིད་པོ་རྒ་རྒ་རྒན་བསྟན་པ་ལགས་ནི། ཉེ་ཆར་དགོངས་པ་ཞི་བར་གཤེགས་པ་དེས་སྤྱིར་ནང་བསྟན་སྤྱི་ཚོགས་དང་བྱེ་བྲག་དགོན་པའི་སློབ་གཉེར་བ་དགེ་འདུན་པ་རྣམས་ཀྱི་ཆེད་དུ་གོད་ཆག་ཆེན་པོ་དང་ཤིན་ཏུ་ཕངས་པོ་བྱུང་བར་འབྲེལ་ཡོད་ཀུན་ལ་བཟོད་མེད་ཡིད་སྐྱོ་བའི་གནས་ཚུལ་བྱུང་མོད། འོན་ཀྱང་བསླུ་མེད་འདུས་བྱསམི་རྟག་ཚུལ་ལ་བསམས་ཏེ་ཚང་མས་གདུང་སེམས་མཉམ་བསྐྱེད་དང་འབྲེལ་ཞིང་གཤེགས་དམ་པ་དེ་ཉིད་ཀྱི་ས་ལམ་གྱི་བར་ཆད་ཞི་ཞིང་ཐུགས་ཀྱི་བཞེད་དོན་ཇི་བཞིན་འགྲུབ་ཡོང་བའི་རྣམ་དཀར་དགེ་ཚོགས་ལ དམིགས་ཏེ་རངདགོན་གྱི་མཁན་སློབ་བླ་མ་མཚམས་པ་དགེ་འདུན་རྣམས་ནས་སྐུ་ཚིགས་གཉིས་པའི་མཆོད་འབུལ་ཞུ་བཞིན་པའི་རྣམ་པ་དྲན་རྟེན་ཙམ་དུ་བོད་པའོ།। ། བྷ་ཝ་ཏུ་མངྒ་ལཾ།།🙏